༄༅། །ལོ་ངོ་ཆིག་སྟོང་དྲུག་བརྒྱའི་ལོ་རྒྱུས་ཡོད་ཟེར་པའི་དགོན་རྙིང་མཱ་ཐིས་དགོན་པའི་གནས་འདི་ནི་བཙན་པོའི་དུས་སུ་དབང་དུ་གསོལ་བའི་འབྲོང་ཡུལ་ས་ཆའི་ཟུར་ཞིག་ཡིན།
ས་སྐྱ་པན་ཆེན་དང་རྒྱལ་དབང་བསོད་ནམས་རྒྱ་མཚོ། སུམ་པ་ཡེ་ཤེས་དཔལ་འབྱོར།ཐུའུ་བཀྭན་བླ་མ། ཨ་ཆེན་མཁན་པོ་སོགས་ཀྱིས་ཐུགས་རྗེས་བསྐྱངས་པའི་གནས་ཆེན་བྲག་བརྐོས་ལྷ་སྐུ་མཆོད་རྟེན་སྣ་ཚོགས་བཞུགས་ཡོད། ཝའི་རྒྱལ་རབས་བྱང་མ་ནས་རྒྱ་བརྒྱུད་ནང་བསྟན་དགོན་པ་རེད། ས་སྐྱ་པན་ཆེན་ནས་བོད་བརྒྱུད་ནང་བསྟན་ལ་བསྒྱུར་བ་རེད།
|