༄༅། །གནས་ཆེན་དཔལ་དགུ་རི༼ རི་བོ་ཅིའུ་ཧྭ་ཧྲན་༽ངོ་སྤྲོད་མདོར་བསྡུས།
གནས་ཆེན་དཔལ་དགུ་རི་བོ་ནི་ཨན་ཧུའེ་ཞིང་ཆེན་གྱི་ཆིང་དབྱང་རྫོང་དུ་ཡོད། འཕགས་པ་ས་ཡི་སྙིང་བོའི་གནས་རི་ཡིན། ད་སྐབས་རྟེན་གཙོ་འཕགས་པ་ས་ཡི་སྙིང་བོའི་སྐུ་དམར་གདུང་མཇལ་རྒྱུ་ཡོད། དེར་གནའ་བོར་བཞེངས་པའི་ལྷ་ཁང་གིས་ཡོངས་སུ་ཁྱབ་པ་དང་། ལྗོན་ཤིང་ཚང་ཚིང་འཁྲིགས་པ། ཆུ་མིག་ལྷུང་ལྷུང་འབབ་པ། ངོ་མཚར་ཆེ་བའི་བྲག་ཕུག་གང་ས་གང་དུ་ཡོད་པར་མ་ཟད། ཡུལ་ལྗོངས་དང་གནས་ཤུལ་གྲགས་ཅན་གནམ་སྟེགས་རི་རྩེ་དང་། རྒྱལ་བྱེད་ཚལ་གྱི་ལྷ་ཁང་། བདུད་རྩིའི་ལྷ་ཁང་། ཙན་དན་ནགས་ཚལ་སོགས་ཀྱང་ཡོད།
|