ཕྱོགས་སྟོན་་་་ གཙོ་ངོས།»གཙོ་ངོས།» གནས་ཆེན་ངོ་སྤྲོད།

གནས་ཆེན་ངོ་སྤྲོད།

མགོ་བྱང་འཆར།
༼བདྷ་པཱ་ལི་ཏའི་མཆོད་རྟེན།༽
  པར་ངོས་ཐོག་མ།  པར་ངོས་གོང་མ།  པར་རིས། 7/13 པར་ཡོད།  པར་ངོས་འོག་མ།  པར་ངོས་ཐ་མ།
པར་རིས་གསལ་བཤད།

བདྷ་པཱ་ལི་ཏའི་མཆོད་རྟེན།

      ཐང་རྒྱལ་རབས་ཡོང་ཚོན་ལོ་གཉིས་པ་སྤྱི་ལོ་483ལོར་རྒྱ་གར་འཕགས་པའི་ཡུལ་གྱི་སློབ་དཔོན་ཆེན་པོ་སངས་རྒྱས་བསྐྱངས་ཀྱིས་གཙུག་ཏོར་རྣམ་པར་རྒྱལ་མའི་གཟུངས་གཏེར་དུ་སྦས་ཏེ། ཐུན་མོང་གི་སྣང་ངོར་ཕྱིར་མ་ཐོན་པར་གསུངས། འཇམ་མགོན་བླ་མ་ཤར་ཙོང་ཁ་བ་ཆེན་པོས། ། རྗེ་བཙུན་འཇམ་པའི་དབྱངས་ཀྱི་བཀའ་བསྒྲུབས་ཤིང་། །འཕགས་པའི་དགོངས་པ་མཐར་ཐུག་གསལ་བར་མཛད། །གྲུབ་རིག་འཛིན་གནས་སུ་གཤེགས་གྱུར་པ། །སངས་རྒྱས་བསྐྱངས་ཀྱི་ཞབས་ལ་མགོས་ཕྱག་འཚལ། །ཞེས་གསུངས་པ་ལྟར་སྐུ་ལུས་མ་སྤངས་པར་རིག་འཛིན་གྱི་གནས་མཁའ་སྤྱོད་དུ་གཤེགས་པ་ན། བུངྷ་པཱ་ལི་ཏའི་འགྱུར་བྱང་ལས། འཕགས་པ་འཇམ་དཔལ་གྱི་བཀའ་བསྒྲུབས་པ། བསྟན་བཅོས་དུ་མའི་རྣམ་པར་བཤད་པ་མཛད་པ། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ། རིགས་སྔགས་འཆང་བ་གྲུབ་པའི་གནས་ཁྱད་པར་དུ་གཤེགས་པ། ཞེས་དང་། གནས་བསྟོད་མགུར་མ་ལས། ས་གནས་ཀྱི་དཔའ་བོ་སངས་རྒྱས་བསྐྱངས། ། འཇམ་དཔལ་གྱི་བཀའ་བསྒྲུབས་གནས་འདི་ཡི། ། རྡོ་རྗེ་ཡི་ཕུག་ཏུ་བཞུགས་ནས་ཀྱང་། ། རིགས་འཛིན་གྱི་མཁའ་སྤྱོད་བརྙེས་ཞེས་བཤད། ། ཞེས་གསུངས་པ་སོགས་མཐུན་ནོ། །ད་ལྟ་ཤུལ་དུ་ཡོད་པ་ནི་བཀའ་གདམས་པའི་མཆོད་རྟེན་ཞིག་གོ །


顺着从五台山台怀镇沿东台路旁的小道至五郎庙继续前行约一百米的祖师塔旁有一个金刚窟,是佛与佛子的密坛。迦叶佛时,罗萨王将金银写成的三藏显密经续以自己身上的宝贝装饰后伏藏于此。以后印度的持明大成就者佛护尊者(中观应成派初祖)在此虹化。

ལྟ་ཀློག་གྲངས་ཀ
46480311
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1