གནས་ཆེན་བཞིའི་ཡ་གྱལ་གཅིག་ནི་ལུམྦི་ཡིན།
ཡུམ་སྒྱུ་འཕྲུལ་མར་སྲས་དོན་འགྲུབ་སྐུ་བལྟམས་ལ་ཉེ་བའི་སྐབས། སྲས་བཙའ་བར་ཡུམ་སྒྱུ་འཕྲུལ་མར་གྲོང་ཁྱེར་སེར་སྐྱའམ་ཀ་པིལ་བསྟུ་ནས་རང་གི་ཡབ་ཡུམ་གཉིས་ཀྱི་བཞུགས་གནས་དྷ་བཱ་དྷ་རཧཱ་རུ་བསྐྱོད་དུས། ཡུལ་དེར་མ་སླེབས་པའི་ལམ་ལིམྦི་ནིར་ཡུམ་ལ་སྐྱེས་ཟུག་བཏང་སྟེ།
ཤིང་སཱ་ལའི་ཡལ་ག་ལ་ཕྱལ་འཆང་བའི་ཚུལ་གྱིས་སྟོན་པ་ཐུབ་པའི་དབང་བོ་སྐུ་བལྟམས། སྐུ་བལྟམས་མ་ཐག་ས་ལ་གོམ་པ་བདུན་བོར་ཏེ་ང་ནི་འཇིག་རྟེན་འདི་ན་མཆོག་ཉིད་ཡིན་ཞེས་གསུངས་པའི་གནས་ཡིན་ལ།
ཞེས་རྙིང་བའི་སྐུ་བརྙན་བྱིན་ཅན་གྱི་ལོ་རྒྱུས་ལྡན་པ་ཞིག་ཡིན།
དེང་སང་ལུམྦི་ནི་མིང་ལ་རུ་མན་དེRummindaiཟེར།
༡ ལུམྦི་ནི་ནས་གྲོང་ཁྱེར་སེར་སྐྱའམ་ཀ་ལིལ་བསྟུ་བར་ཀི་ལོ་མི་ཊར་༢༧
༢ བལ་ཡུལ་རྒྱལ་ས་ཀ་ཐ་མན་གྲུ་ནས་ལུམྦི་ནི་བར་ཀི་ལོ་མི་ཊིར༣༠༠
༣ རྒྱ་གར་མངའ་སྡེ་ཨུ་ཏར་པར་དེ་ཤ་རྫོངས་གྷོ་རཀ་པུར་ནས་ཀི་ལོ་མི་ཊར་༡༢༢
༤ རྫོངས་ནོ་ཏན་བ་ནས་ཀི་ལོ་མི་ཊར་༡༤ཙམ་ཡོད་པར་བཤད་དོ།།
|