草原梦想欢迎你! |
དེ་རིང་ནི་སྤྱི་ལོ
2025
ལོའི་ཟླ
4
ཚེས
30
རེས་གཟའ་ལྷག་པ་ཡིན། |
དྲ་གནས་ཉར་ཚགས། གཙོ་ངོས་སུ་འགོད་པ། ནང་འཇུག
|
 |
|
|
|
|
|
|
|
|
པར་རིས་གསལ་བཤད། |
རྒྱའི་ཡིག་ཚང་ཁྲོད་ཀྱི་མགར་སྟོང་བཙན་གྱི་པར། འདིར་ཆེད་དུ་གླེང་བར་བྱ་བའི་མགར་ཚང་ཞེས་པ་ནི་སྤུར་རྒྱལ་བཙན་པོའི་དུས་ཀྱི་མགར་སྟོང་བཙན་ཡུལ་བཟུང་ཡབ་སྲས་གཙོ་གྱུར་གྱི་ཁྱིམ་རྒྱུད་ཅིག་ཡིན་ལ། ཁྱིམ་རྒྱུད་དེས་ནི་དུས་རབས་དྲུག་པའི་དུས་འགོ་ཙམ་ནས་བཙན་པོའི་སྲིད་དབང་གི་གར་སྟེགས་སུ་ཚ་ཚ་འུར་འུར་གྱི་བྱེད་སྒོ་སྣ་ཚོགས་སྤེལ་ཏེ། བོད་བཙན་པོའི་མངའ་ཁོངས་གཏན་འཇགས་དང་། འཚོ་བ་ཡར་རྒྱས། ཁྲིམས་ལུགས་འཐུས་ཚང་། མཐའ་མཚམས་བདེ་འཇགས་ཡོང་བའི་ལས་ལ་འབད་ནས་གྲུབ་འབྲས་ཀྱང་མངོན་གསལ་བླངས་མོད། མཐའ་མར་བཀྱོན་ཕབ་ནས་བུ་རྒྱུད་དང་ཉེ་འཁོར་མནར་གཅོད་བཏང་བ་དང་། གཞན་ལ་འཁྱམས་པའི་སྐྱོ་འབྲས་ཀྱིས་རྒྱ་ཡུལ་དུའང་མགར་གྱི་རུས་རྒྱུད་མང་དག་ཅིག་བྱུང་ངོ་། །ཏུན་ཧོང་ཡིག་ཚགས་ཀྱི་ལོ་རྒྱུས་དོན་ཆེན་གནད་བསྡུས་སུ། “ཁྱི་ལོ་ལ་བབ་སྟེ(སྤྱི་ལོ་698)བཙན་པོ་དབྱརད་བྱང་རོལ་དུ་གཤེགས། |
|
|
|
|
|
|
|
|
|
|
|
འབྲེལ་གཏུག་བྱ་ཡུལ། ཁ་པར། 草原梦想15283703999 E-mail:tbmgar@163.com |
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད། |
蜀ICP备13002975号-1 |
|
|
|