草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 18 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།»གཙོ་ངོས།» གནས་ཆེན་ངོ་སྤྲོད།

གནས་ཆེན་ངོ་སྤྲོད།

མགོ་བྱང་ཡུབ།
རི་བོ་རྩེ་ལྔའི་མཆོད་རྟེན།
  པར་ངོས་ཐོག་མ།  པར་ངོས་གོང་མ།  པར་རིས། 13/13 པར་ཡོད།
པར་རིས་གསལ་བཤད།
༿༡༾ ནོར་བུ་ཆེན་པོའི་མཆོད་རྟེན་གྱི་ལྷ་ཁང་འདི་ནི། གནས་ཆེན་འདིའི་ལྟེ་བ་ཡིན་ཞིང་དགྲ་བཅོམ་པ་མ་ཏང་ཀི་པས་ལྷའི་མིག་གི་མངོན་ཤེས་ཀྱིས་ཆོས་རྒྱལ་མྱ་ངན་མེད་ཀྱིས་བཞེངས་པའི་དེ་བཞིན་གཤེགས་པའི་རིང་བསྲེལ་ཅན་གྱི་མཆོད་རྟེན་དུ་གཟིགས་རྟེན་ཏེ་ངོས་བཟུང་བ་ཡིན། ཐང་རྒྱལ་རབས་ཀྱི་དུས་སུ་རྨང་གཞི་ཉིས་བརྩེགས་དང་ཟུར་བརྒྱད་ཀྱི་རྣམ་པར་བཞེངས་ཡོད། ཡོན་རྒྱལ་རབས་ལོ་ལྔ་པ་བོད་རབ་བྱུང་ལྔ་པའི་ལྕགས་གླང་སྤྱི་ལོ༡༣༠༡ལོར་ཡོངས་སུ་བཞེངས་ཚར། མཆོད་རྟེན་ཆེན་མོའི་མཐོ་ཚད་ལ་སྨི་༧༥. ༣། གསེར་ཏོག་གི་མཐོ་ཚད་སྨི་༥. ༣། གཡེར་ཁ་༢༥༢ཡོད། ཐང་གུར་གྱི་དུས་ནས་བཟུང་སྟེ་རྒྱལ་རབས་དག་གིས་ཉམས་གསོ་དང་ཕུ་དུད་བླ་མེད་མཛད། ད་ལྟ་ཡང་དུས་བཟང་སྐར་བཟང་ལ་འོད་ཟེར་དགུང་ལ་རེག་པར་དད་ལྡན་རྣམས་ཀྱི་མིག་གི་སྤྱོད་ཡུལ་དུ་གྱུར་ཅིང་། དྭངས་བསིལ་རི་བོའི་རྟེན་གྱི་ཡང་རྩེར་མཆོད་རྟེན་འདིའི་མདུན་ན་ཐུབ་པའི་ཞབས་རྗེས་ཀྱི་རྡོ་ཡོད། སྔོན་བཅོམ་ལྡན་འདས་མྱ་ངན་ལས་འདའ་ཁར་རྩྭ་མཆོག་གྲོང་དུ་གཤེགས་པར་ཉེ་བ་ན་རྡོའི་སྟེང་དུ་ཞབས་རྗེས་བཞག་ནས་མ་འོངས་པ་ན་འདི་ལ་བསྙེན་བཀུར་བྱེད་པ་རྣམས་ཀྱི་ལས་སྒྲིབ་དག་ནས་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་འགྱུར་རོ་ཞེས་ལུང་བསྟན། ཞབས་རྗེས་དེ་ཡང་མཐིལ་དུ་རྩིབས་སྟོང་བཀྲ་ཞིང་སོར་མོ་རྣམས་ལ་བཀྲ་ཤིས་པའི་རྟགས་ཀྱིས་མཚན་པ་སྲིད་དུ་ཚུན་བཅུ་དྲུག་དང་ཞིང་དུ་ཚུན་དྲུག་ཡོད་པ་མ་ག་དྷ་པ་རྣམས་ཀྱི་མཆོད་པའི་རྟེན་དུ་བཞུགས། ཐང་གུར་གྱི་དུས་སུ་༿ ཤན་ཙུང་ཧྥ་ཧྲི་༾སྟེ་ཡོངས་གྲགས་ལ་ཐང་སིན་བླ་མ་ཞེས་པ་རྒྱ་གར་དུ་ཕྱིན་ཏེ་མཁས་པར་སྦྱངས་པས་དཔལ་ནཱ་ལེནྡྲའི་མཁན་པོ་མཛད་པ་དེས་འདྲ་རིས་བླངས་ཏེ་རྒྱལ་པོ་ལ་ཕུལ་བ་ཙི་ནའི་རྒྱལ་རབས་ཀུན་གྱི་མཆོད་གནས་སུ་གྱུར། མིང་གུར་གྱི་དུས་སུ་༿མིན་ཁྲིན༾ དང་། བསམ་འཕེལ་ཞེས་པའི་ཧྭ་ཤང་གཉིས་ཀྱིས་དགེ་སྐུལ་གྱི་ནོར་བསྒྲུབས་ཏེ་ཞབས་རྗེས་དེ་ཉིད་རྡོ་ལ་བརྐོས་ཏེ་རི་བོ་དྭངས་བསིལ་གྱི་གནས་མཆོག་འདིར་དུས་ལྡན་བསོད་ནམས་གསོག་པའི་ཞིང་ས་དམ་པར་བཞུགས་སུ་གསོལ་བ་ཡིན།
ལྟ་ཀློག་གྲངས་ཀ
41106982
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1