草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 3 ཚེས 29 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།»གཙོ་ངོས།» རྒྱུན་ཤེས།

རྒྱུན་ཤེས།

མགོ་བྱང་ཡུབ།
ཀློང་ཆེན་པ།
  པར་ངོས་ཐོག་མ།  པར་ངོས་གོང་མ།  པར་རིས། 5/5 པར་ཡོད།
པར་རིས་གསལ་བཤད།

ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ངོ་སྤྲོད་མདོར་བསྡུས།

    མཚན། ཀུན་མཁྱེན་ཀློང་ཆེན་རབ་འབྱམས། མཚན་གྱི་རྣམས་གྲངས། དྲི་མེད་འོད་ཟེར། ཚུལ་ཁྲིམས་བློ་གྲོས་སོགས་ཡོད་དོ། །འཁྲུངས་ཡུལ། དབུས་ལྷོ་གཡོ་རུ་གྲའི་ཆ་སྟོད་གྲོང་། ད་ལྟའི། བོད་ལྗོངས་ལྷོ་ཁ་ས་ཁུལ་གྲ་ནང་རྫོང་དཀྱིལ་རུ་ཤང་བཀྲ་ཤིས་གླིང་གྲོང་ཚོ། འཁྲུངས་ལོ། ༡༣༠༨། འདས་ལོ། ༡༣༦༣ལོའི་བོད་ཟླ༡༢པའི་ཚེས་༡༨ཉིན་སྐུ་གཤེགས། ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར་ནི་རྫོགས་པ་ཆེན་པོའི་བཀའ་སྲོལ་ཆེས་ཆེར་གསལ་བར་མཛད་པ་པོ་རྙིང་མའི་སློབ་དཔོན་ཀློང་ཆེན་པ་དྲི་མེད་འོད་ཟེར་རམ། མཚན་གཞན་ཚུལ་ཁྲིམས་བློ་གྲོས་ཏེ། རབ་བྱུང་ལྔ་པའི་ས་ཕོ་སྤྲེལ་༼སྤྱི་ལོ༡༣༠༨༽ལོར་ཡབ་བསྟན་པ་སྲུང་དང་ཡུམ་འབྲོམ་བཟའ་བསོད་ནམས་རྒྱན་གཉིས་ཀྱི་སྲས་སུ་དབུས་ལྷོ་གཡོ་རུ་གྲའི་ཆ་སྟོད་གྲོང་དུ་སྐུ་བལྟམས། དགུང་ལོ་ལྔའི་སྟེང་ནས་སློབ་གཉེར་གྱི་དབུ་བཙུགས་ཤིང་སྔ་གཞུག་ཏུ་ཀརྨ་པ་རང་བྱུང་རྡོ་རྗེ། ས་སྐྱ་བདག་ཆེན། རྙིང་མའི་རིག་འཛིན་ཀུ་མཱ་རཱ་ཛ་སོགས་མཁས་གྲུབ་མང་པོ་སློབ་དཔོན་དུ་བསྟེན། གཡག་སྡེ་པཎ་ཆེན་གྱི་མདུན་དུ་དོགས་བཀྲོལ་མང་དུ་མཛད། མདོ་སྔགས་ཀྱི་གཞུང་ལུགས་མ་ལུས་པ་ཐུགས་སུ་ཆུད་དེ་མཁས་པའི་གོ་འཕང་བརྙེས། དབུས་གཙང་གི་དགོན་གནས་ཕལ་མོ་ཆེ་དང་། ཁྱད་པར་དུ་རྒྱ་གར་འཕགས་པའི་ཡུལ་གྱི་དཔལ་ཆུ་བོ་རི་དང་ཨོ་རྒྱན་ཡུལ་སོགས་སུ་ཞབས་ཀྱིས་བཅགས། འཆད་རྩོད་རྩོམ་གསུམ་གྱི་ཡོན་ཏན་བསམ་གྱིས་མི་ཁྱབ། ཆུ་སྟག་༼སྤྱི་ལོ༡༣༦༢༽ལོར་ཆོས་འབྱུང་རིན་པོ་ཆེའི་གཏེར་མཛོད་ཅེས་པ་ཕྱག་རྩོམ་གནང་། དགུང་ལོ་ང་དྲུག་པ་རབ་བྱུང་དྲུག་པའི་ཆུ་ཡོས་༼སྤྱི་ལོ༡༣༦༣༽ལོར་དཔལ་བསམ་ཡས་མཆིམས་ཕུ་རུ་དགོངས་པ་ཆོས་དབྱིངས་སུ་བསྡུས་སོ། ། ཁོང་གི་གསུང་རྩོམ་སྐོར་ལ། ཕྱིའི་གནས་ཐུན་མོང་གི་སྐོར་བསྟན་བཅོས་དགུ་བཅུ་གོ་ལྔ། ནང་གི་གནས་རྒྱ་ཆེར་བཤད་པའི་བསྟན་བཅོས་ཆིག་བརྒྱ་ཉེར་བརྒྱད། གསང་བའི་གནས་དེ་ཁོ་ན་ཉིད་སྟོན་པའི་བསྟན་བཅོས་སུམ་ཅུ་སྟེ་བརྩམས་ཆོས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་བཞུགས་སོ། །

ལྟ་ཀློག་གྲངས་ཀ
40439717
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1