ཞེ་སའི་ཚིག་མཛོད།

 ཨང༌།ཞེ་ས།ཕལ་སྐད།

བཀའ་ཁྱབ་གནང་བ།  ཁྱབ་བསྒྲགས་བྱས་པ།

བཀའ་གནང་བ།  ལབ་པ།

བཀའ་བཀྱོན་གནང་བ། གཤེ་གཤེ་བཏང་བ།

བཀའ་གྲོས་གནང་བ༌། གྲོས་བསྡུར་བྱས་པ།

བཀའ་མངགས་གནང་བ། མངགས་ཆ་བྱས་པ།

བཀའ་མངགས་གནང་བ།  མངགས་པ།

བཀའ་བསྡུར་གནང་བ།  གྲོས་བསྡུར་བྱས་པ།

བཀའ་ཆོས་གནང་བ།  ཆོས་བཤད་པ།

བཀའ་ཆེམས་གནང་བ།   ཁ་ཆེམས་བཞག་པ།

༡༠

བཀའ་དྲིན།  དྲིན།

༡༡

བཀའ་ཕེབས་པ།  ལབ་པ།

༡༢

བཀའ་འབངས།  མི་སེར།

༡༣

བཀའ་བློན།  བློན་པོ།

༡༤

བཀའ་གཅོད་གནང་བ།  ཐག་གཅོད་བྱས་པ།

༡༥

བཀའ་མོལ་གནང་བ།  སྐད་ཆ་བྱས་པ།

༡༦

བཀའ་བསྩལ་བ།  ལབ་པ།

༡༧

བཀའ་ལན།  ལན།

༡༨

བཀའ་ལོན།   ལོན།

༡༩

བཀའ་སློབ་གནང་བ།  སློབ་སྟོན་བྱས་པ།

༢༠

སྐུ་བཀྲོངས་པ།   བསད་པ།

༢༡

སྐུ་ཁམས།  ལུས་ཁམས།

༢༢

སྐུ་རྐྱང་བཞུགས་པ།  གཅིག་པོར་བསྡད་པ།

༢༣

སྐུ་སྐྱེ་བཞེས་པ།  སྐྱེ་བ་བླངས་པ།

༢༤

སྐུ་རྒྱུ་ཕྱག་རྫས།  དངོས་ཆས།

༢༥

སྐུ་བརྒྱུད།  བརྒྱུད་པ།

༢༦

སྐུ་ངལ།   དཀའ་ལས།

༢༧

སྐུ་ངལ་བསྐྱོན་པ།  དཀའ་ལས་བརྒྱབས་པ།

༢༨

སྐུ་ཁྲུས།   ཁྲུས།

༢༩

སྐུ་མགྲོན།    མགྲོན་པོ།

༣༠

སྐུ་སྒེར།    སྒེར།

༣༡

སྐུ་ཆས།  ཅ་ལག

༣༢

སྐུ་ཆིངས།   སྐེ་རགས།

༣༣

སྐུ་མཆེད།   སྤུན་མཆེད།

༣༤

སྐུ་འཆམ།  འཆམ་འཆམ།

༣༥

སྐུ་ཉིད།   ཁྱོད།

༣༦

སྐུ་ཉེ།   ཉེ་མཚན།

༣༧

སྐུ་མཉེལ་བ།   དཀའ་ལས་ཁག་པ།

༣༨

སྐུ་བལྟམས་པ།    སྐྱེས་པ།

༣༩

སྐུ་སྙེ།   རྒྱབ་སྙེ།

༤༠

སྐུ་ཐང༌།   ཐང་ཀ།

༤༡

སྐུ་ཐང་ཆད་པ།   ལུས་ཐང་ཆད་པ།

༤༢

སྐུ་ཐོག་གཅིག་ལ།   མི་ཚེ་གཅིག་ལ།

༤༣

སྐུ་དུས་སུ།    ཚེ་དུས་སུ།

༤༤

སྐུ་དོན།   ལས་དོན།

༤༥

སྐུ་དྲིན།    དྲིན།

༤༦

སྐུ་དྲུང༌དུ།    འགྲམ་དུ།

༤༧

སྐུ་གདུང༌།    ཕུང་པོ།

༤༨

སྐུ་མདུན་དུ།   མདུན་དུ།

༤༩

སྐུ་མདུན་དུ་བཅར་བ།   མདུན་དུ་ཕྱིན་པ།

༥༠

སྐུ་གདུང་ཞུགས་འབུལ།   རོ་མེར་བསྲེགས།

༥༡

སྐུ་འདྲ།    འདྲ་བརྙན།

༥༢

སྐུ་ན།   ལོ་ན།

༥༣

སྐུ་ན་བགྲེས་པོ།   ལོ་ན་རྒན་པོ།

༥༤

སྐུ་ན་ཕྲ་པོ།   ལོ་ཆུང་ཆུང༌།

༥༥

སྐུ་པར།     པར།

༥༦

སྐུ་ཕུང༌།     ཕུང་པོ།

༥༧

སྐུ་བག།    བག་མ།

༥༨

སྐུ་དབང༌།   དབང་ཆ།

༥༩

སྐུ་ཚིགས།    བདུན་ཚིགས།

༦༠

སྐུ་ཚབ།    ཚབ།

༦༡

སྐུ་བཙས་པ།   སྐྱེས་པ།

༦༢

སྐུ་གཞོན།   གཞོན་པ།

༦༣

སྐུ་གཟན།    གཟན།

༦༤

སྐུ་གཟུགས།   གཟུགས་པོ།

༦༥

སྐུ་ཟླ།    བཟའ་ཟླ།

༦༦

སྐུ་ཡོན།   ཡོན་ཏན།

༦༧

སྐུ་ཡོན།   གླ་ཡོན།

༦༨

སྐུ་རགས།   སྐེ་རགས།

༦༩

སྐུ་རིམ།   རིམ་གྲོ།

༧༠

སྐུ་རུས།    རུས་པ།

༧༡

སྐུ་ལས་ཁག་པ།   དཀའ་ལས་ཁག་པ།

༧༢

སྐུ་ཤ་འབྱོར་པོ།   ཤ་རྒྱགས་པ།

༧༣

སྐུ་སྲུང་བ།    སྲུང་སྐྱོབ་པ།

༧༤

སྐུ་བསོད།   བསོད་ནམས།

༧༥

སྐུ་སྲོག།   ལུས་སྲོག

༧༦

ཁོང༌།   ཁོའམ་མོ།

༧༧

ཁོང་གི    ཁོ་ཡི།མོ་ཡི།

༧༨

ཁོང་ལ།   ཁོ་ལ།མོ་ལ།

༧༩

ཁོང་ཚོ།   ཁོ་ཚོ།

༨༠

ཁོང་ཚོར།  ཁོ་ཚོར།

༨༡

ཁོང་ཚོའི།  ཁོ་ཚོའི།

༨༢

ཁོང་རང༌།   ཁོ་རང།མོ་རང༌།

༨༣

ཁྱེད།   ཁྱོད།

༨༤

ཁྱེད་རྣམ་པ།  ཁྱོད་ཚོ།

༨༥

འཁྲུངས་པ།    སྐྱེས་པ།

༨༦

འཁྲུངས་སྐར།   སྐྱེས་སྐར།

༨༧

འཁྲུངས་ཡུལ།    སྐྱེས་ཡུལ།

༨༨

འཁྲུངས་ས།    སྐྱེ་ས།

༨༩

འཁྲུངས་ས་བསྐྱོན་པ།   ཆང་ས་བརྒྱབ་པ།

༩༠

འཁྲུངས་རབས།   སྐྱེས་རབས།

༩༡

འཁྲུངས་རྟགས།    སྐྱེས་རྟགས།

༩༢

འཁྲུངས་རྟགས་བཞེངས་པ།   སྐྱེས་རྟགས་བཟོས་པ།

༩༣

དགུང་ལོ།   ལོ།

༩༤

དགུང་ལོ་བགྲེས་པོ།   ལོ་རྒན་པོ།

༩༥

དགུང་ལོ་ཆུང་ཆུང༌།   ལོ་ཆུང་ཆུང༌།

༩༦

དགུང་ཟླ།   ན་ཟླ།

༩༧

དགུང་གྲངས།    ལོ་གྲངས།

༩༨

དགོངས་པ།(n)   བསམ་བློ།

༩༩

དགོངས་པ།(v)  བསམ་པ།

༡༠༠

དགོངས་པ་ཁྲེལ་བ།   ཚིག་པ་ཟ་བ།

༡༠༡

དགོངས་པ་མ་ཁྲེལ་རོགས་གནང༌།   ཚིག་པ་མ་ཟ་རོགས།

༡༠༢

དགོངས་འགྲེལ།  འགྲེལ་པ།

༡༠༣

དགོངས་པ་བཀྲོལ་པ།   འགྲེལ་བཤད་བརྒྱབ་པ།

༡༠༤

དགོངས་པ་ཚོམ་པ།  རླུང་ལངས་པ།

༡༠༥

དགོངས་པ་བཞེས་པ།   བསམ་བློ་བཏང་པ།

༡༠༦

དགོངས་འཆར།    བསམ་འཆར།

༡༠༧

དགོངས་པ་གཤེགས་པ།   ཤི་བ།

༡༠༨

དགོངས་པ་རྫོགས་པ།   ཤི་བ།

༡༠༩

དགོངས་གཞི།    བསམ་བློའི་འཆར་གཞི།

༡༡༠

དགོངས་བཞེད།   སེམས་ཀྱི་འདོད་པ།

༡༡༡

དགོངས་པ་མཐུན་པ།    བསམ་བློ་མཐུན་པ།

༡༡༢

དགོངས་སུ་གསོལ།   བསམ་བློ་ཐོངས།

༡༡༣

དགོངས་འཇགས་གནང་བ།  སེམས་ལ་བཞག་པ།

༡༡༤

དགོངས་དག   ཚིག་པ་མ་ཟ།

༡༡༥

མགུལ།   སྐེ།

༡༡༦

མགུལ་རྒྱན།   སྐེ་རྒྱན།

༡༡༧

མགུལ་གློ།   གློ

༡༡༨

མགུལ་གླུ།  གླུ།

༡༡༩

མགུལ་གླུ་བཞེས་པ།  གླུ་བླངས་པ།

༡༢༠

མགུལ་ཆམ།  གློ་ཆམ།

༡༢༡

མགུལ་ཆམ་བཞེས་པ།  གློ་ཆམ་ཐེབས་པ།

༡༢༢

མགུལ་ཆིངས།  སྐེ་ཆིངས།

༡༢༣

མགུལ་དར།   ཁ་བཏགས།

༡༢༤

གྲོངས་པ།   ཤི་བ།

༡༢༥

གྲོངས་ཁར།   ཤི་ཁར།

༡༢༦

ཆབ།   ཆུ།

༡༢༧

ཆབ་བསྐོལ།   ཆུ་བསྐོལ།

༡༢༨

ཆབ་ཆེན།   སྐྱག་པ།

༡༢༩

ཆབ་གསང༌།   གཅིན་པ།

༡༣༠

ཆབ་ཁང༌།   གསང་སྤྱོད།

༡༣༡

ཆབ་བསིལ།   ཆུ་གྲང་མོ།

༡༣༢

ཆབ་ཞོ།   འོ་མ།

༡༣༣

ཆིབས་ཊོར།   སྣུམ་འཁོར།

༡༣༤

ཆིབས་སྒ།    རྟ་སྒ།

༡༣༥

ཆིབས་པ།    རྟ།

༡༣༦

ཆིབས་པ་ལ་ཆིབས་པ།   རྟ་ལ་བཞོན་པ།

༡༣༧

ཆིབས་ཞབས་པ།    རྟ་གཡོག།

༡༣༨

ཆིབས་སྟེགས།   བཞོན་སྟེགས།

༡༣༩

ཆིབས་རྩྭ།    རྟ་རྩྭ།

༡༤༠

ཆིབས་ཆས།   རྟ་ཆས།

༡༤༡

ཆིབས་ར།    རྟ་ར།

༡༤༢

ཆིབས་ལྕག    རྟ་ལྕག

༡༤༣

ཆིབས་དཔོན།   རྟ་དཔོན།

༡༤༤

ཆིབས་བསྒྱུར་གནང་བ།   ཕྱིན་པ།

༡༤༥

མཆོད་ཞལ།  ཕོར་པ།

༡༤༦

མཆོད་ཆང༌།    ཆང༌།

༡༤༧

གསོལ་ཇ་མཆོད།   ཇ་ཐུངས།

༡༤༨

ཞལ་ལག་མཆོད།   ཁ་ལག་ཟོ།

༡༤༩

ན་བཟའ་མཆོད།   དུག་ལོག་གྱོན།

༡༥༠

མཆོད་ཆང་མཆོད།  ཆང་ཐུངས།

༡༥༡

མཆོད་གནས་ལགས།   མཆོད་གནས་པ།

༡༥༢

མཆོད་རོ།    ཟས་རོ།

༡༥༣

མཆོད་ཤུལ།  ཟས་ཤུལ།

༡༥༤

ཞལ་ལག་མཆོད།   ཁ་ལག་ཟོ།

༡༥༥

གསོལ་ཇ་མཆོད།   ཇ་ཐུངས།

༡༥༦

ན་བཟའ་མཆོད།   དུག་ལོག་གྱོན།

༡༥༧

ཇོ་ལགས།   ཨ་ཇོ།

༡༥༨

ཇོ་བོ་ལགས།   ཨ་ཇོ།

༡༥༩

མཇལ་བ།   འཕྲད་པ།

༡༦༠

མཇལ་ཁ།   ཐུག་འཕྲད།

༡༦༡

མཇལ་མདུད།   སྲུང་མདུད།

༡༦༢

མཇལ་ཁ་ཞུས་པ།  ཐུག་འཕྲད་བྱས།

༡༦༣

མཇལ་འཕྲད་གནང་བ།  ཐུག་འཕྲད་བྱས་པ།

༡༦༤

མཇལ་ཁ་གནང་བ།  ཐུག་བཅུག་པ།

༡༦༥

མཇལ་དར།   ཁ་བཏགས།

༡༦༦

མཇལ་དར་སྒྲོན་པ།   ཁ་བཏགས་བཏགས་པ།

༡༦༧

མཇལ་ཕྱག་འབུལ་བ།  ཕྱག་འཚལ་བ།

༡༦༨

ལྗགས།   ལྕེ།

༡༦༩

ལྗགས་ཀློག་གནང་བ།  ཡི་གེ་ཀློག

༡༧༠

ལྗགས་སྔགས།  སྔགས།

༡༧༡

ལྗགས་ཕུ་གནང་བ།   ཕུ་བརྒྱབས་པ།

༡༧༢

ལྗགས་ལན།   ལན།

༡༧༣

ལྗགས་ཚྭ།   ཚྭ།

༡༧༤

ལྗགས་ཚྭ་ཞན་པ།   ཚྭ་ཉུང་དྲགས་པ།

༡༧༥

ལྗགས་ལོན།   ལོན།

༡༧༦

ལྗགས་ལུང༌།    ལུང༌།

༡༧༧

ལྗགས་རྩོམ།    འབྲི་རྩོམ།

༡༧༨

ལྗགས་ཤེལ།   བྱེ་མ་ཀ་ར།

༡༧༩

མཉེལ་བ།   དཀའ་ལས་ཁག་པ།

༡༨༠

མཉེས་པ།    དགའ་བ།

༡༨༡

མཉེས་པར་བྱེད་པ།  དགའ་བར་བྱེད་པ།

༡༨༢

མཉེས་ཚོར།   དགའ་ཚོར།

༡༨༣

སྙན།   རྣ་ཅོག

༡༨༤

སྙན་གྲགས།   སྐད་གྲགས།

༡༨༥

སྙན་རྒྱན།    རྣ་རྒྱན།

༡༨༦

སྙན་སྒྲོན་ཞུས་པ།  ཡར་ལབ་པ།

༡༨༧

སྙན་ཅོག    རྣ་ཅོག

༡༨༨

སྙན་ལ་གསོལ་བ།  ཡར་ལབ་པ།

༡༨༩

སྙན་ཅོག  རྣ་ཅོག

༡༩༠

སྙན་ལ་གསོལ་བ།   ཡར་ལབ་པ།

༡༩༡

སྙན་ཤལ།   རྣ་ཤལ།

༡༩༢

སྙན་སུན་ཞུས་པ།   སུན་པོ་བྱས་པ།

༡༩༣

སྙུང་གཞི།  ནད་གཞི།

༡༩༤

སྙུན་གཞི།    ན་ཚ།

༡༩༥

སྙུང་བ།  ན་བ།

༡༩༦

བསྙུང་སྙུང་ཚ་ཚ།   ན་ན་ཚ་ཚ།

༡༩༧

སྙན་སྲབ་པོ།  རྣ་བ་སྲབ་པོ།

༡༩༨

ཐུགས།   སེམས།

༡༩༩

ཐུགས་སེམས།  སེམས།

༢༠༠

ཐུགས་སེམས་དཀར་པོ།  སེམས་པ་དཀར་པོ།

༢༠༡

ཐུགས་བསྐྱེད།  སེམས་བསྐྱེད།

༢༠༢

ཐུགས་ཀ།  སྙིང་ཁ།

༢༠༣

ཐུགས་འཁུར་བཞེས་པ།  འགན་འཁུར་བླངས་པ།

༢༠༤

ཐུགས་ཁག་མི་འདུག   ཁག་མི་འདུག

༢༠༥

ཐུགས་ཁྲལ།  སེམས་ཁྲལ།

༢༠༦

ཐུགས་ཁྲེལ་བ།   སེམས་ཁྲེལ་བ།

༢༠༧

ཐུགས་དགོངས་དག   དགོངས་དག

༢༠༨

ཐུགས་ལ་དགོངས་པ།   སེམས་ལ་བསམ་པ།

༢༠༩

ཐུགས་ལ་ངེས་པ།  སེམས་ལ་ངེས་པ།

༢༡༠

ཐུགས་ལ་མངའ་བ།  སེམས་ལ་འཇགས་པ།


རྩོམ་སྒྲིག་པ།  གསང་བདག  སྤེལ་དུས། 2013/12/21 བལྟ་ཀློག (13517)