ལྷ་དཀར་སྒྲོལ་མའི་གཞས་ཁྱིམ།

ལྷན་འཛོམས།

གཞས་མ། ལྷ་དཀར་སྒྲོལ་མ།

གཞས་ཚིག སོག་ཤོད་དར་རྒྱས།

དབྱངས།  སོག་ཤོད་དར་རྒྱས།

 


གླུ་མ་ལྷ་དཀར་སྒྲོལ་མ་ངོ་སྤྲོད་མདོར་བསྡུས།

    མོ་ནི་མཚོ་སྔོན་རྨ་ལྷོ་ཁུལ་གཅན་ཚ་རྫོང་ནས་ཡོང་བའི་གླུ་མ་ཞིག་དང་།      ཁོ་མོའི་གླུ་སྐད་ཀྱི་གཟེངས་མཐོ་ཞིང་གཞས་གདངས་ཀྱི་ཁོད་ཡངས་ཤིང་རྒྱ་ཆེ་བ་དེས།    བོད་རིགས་མི་དམངས་ལ་མངའ་བའི་བརྩེ་བ་ཟབ་མོ་དེ་ངང་ངམ་ཤུགས་ཀྱིས་མངོན་པར་མ་ཟད།    ཁེར་ཚུགས་དང་ལྡན་པའི་འཁྲབ་སྟོན་གྱི་རྣམ་པ་དང་སྒེར་ཚུགས་ཀྱི་ཁྱད་ཆོས་ལྡན་པའི་སྐྲ་ཚིགས་སོགས་ནི།    བོད་རིགས་གླུ་བ་མང་བའི་གྲས་ཀྱི་འབུར་དུ་ཐོན་པའི་སྒེར་ཆོས་ཤིག་ཏུ་སྣང་།  ཁོ་མོས་ཚོར་བ་རྣལ་མ་དང་བརྩེ་བ་དྲོན་མོ་ཟུང་དུ་འབྲེལ་ནས་སྔ་གཞུག་ཏུ་ཕ་མ་དང་ལྷན་འཛོམས་ཞེས་པའི་གཞས་གཉིས་ལ་ཉན་མཁན་ཚོས་དགའ་བསུ་མི་དམན་པ་ཐོབ་ཅིང་། ༢༠༡༤ལོའི་མཚོ་སྔོན་བརྙན་འཕྲིན་ཁང་གི་ལོ་གསར་སྤྲོ་ཚོགས་སུ་ལྷན་འཛོམས་ཞེས་པའི་གཞས་དེ་བླངས་པར་ཉན་མཁན་ཚོས་གདེང་འཇོག་མཐོན་པོ་ཐོབ་འདུག


རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ།  སྤེལ་དུས། 2014/3/15 བལྟ་ཀློག (23895)