ཆུ་ལོག་གིས་དུད་ཁྱིམ་༢༠༠ལྷག་ལ་གྱོང་གུད་ཚབས་ཆེན་བཟོས་འདུག

     ༄༅།།ཟླ༩ཚེས༡༨ཉིན་གྱི་དགོང་མོ་ཆུ་ཚོད་༡༡ཡས་མས་སུ་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་མཛོད་དགེ་རྫོང་གི་མཁར་གྲོང་ལ་དྲག་ཆར་བབས་ཏེ་རེ་ཆུའི་ཆུ་ལོག་གིས་དུད་ཁྱིམ་༢༠༠ལྷག་ལ་གྱོང་གུད་ཚབས་ཆེན་བཟོས། གནས་ཚུལ་དེར་མང་ཚོགས་དང་སྟག་ཚ་དགོན་པའི་གྲྭ་བཙུན་སོགས་དང་བླངས་པ་མང་བོ་ཡུལ་དངོས་སུ་ཕྱིན་ནས་རོགས་སྐྱོར་བྱས།

མཛོད་དགེ་རྫོང་གི་མཁར་གྲོང་ལ་དྲག་ཆར་བབས་རྗེས་ཀྱི་རྣམ་པ།

སྟག་ཚ་དགོན་པའི་གྲྭ་བཙུན་རྣམས་པས་གནོད་ཐེབས་ཡུལ་དངོས་སུ་བསྐྱོད་དེ་རོགས་སྐྱོར་གྱིས་མཛད་རིམ་སྐྱོང་བཞིན་པ།


      ཚེས་༡༩ཉིན་རེ་རྨེ་ཟུང་དུ་འཁྲུགས་ཏེ་གླིང་དཀར་སྡེ་བའི་ཁྱིམ་ཚང་མང་བོ་ཞིག་ལ་གནོད་པ་ཐེབས་པ་དང་ད་ལྟ་སྲིད་གཞུང་དང་བོད་མི་དང་བླངས་པ་མང་བོས་མྱུར་སྐྱོབ་བྱེད་བཞིན་པའི་སྒང་ཡིན། རགས་རྩིས་བརྒྱབ་པ་ལྟར་ན་སྒོར་འབུམ་ཕྲག་ཁ་ཤས་ཀྱི་གྱོང་གུད་བཟོས་པར་གླེང་།

མཛོད་དགེའི་གླིང་དཀར་སྟོད་ཀྱི་འབྲོག་དམངས་ཀྱི་གནས་སྡོད་ཡུལ་དངོས།

རྨེ་ཆུ་བྲུག་སྟེ་མཛོད་དགེའི་གླིང་དཀར་སྟོད་ལ་གནོད་སྐྱོན་ཐེབས་པ།

ངེད་དྲྭ་ཚིགས་གསར་འགོད་པ་མགར་བརྩོན་འགྲུས་སོགས་ཡུལ་དངོས་སུ་ཕྱིན་ཏེ་རོགས་སྐྱོར་བྱས་པ།

ཐེངས་འདིའི་གསར་འགོད་པ།  བྱང་རིག་ཁོ།  མགར་བརྩོན་འགྲུས།


རྩོམ་སྒྲིག་པ།  ཁྰ་ཤེས་རབ་རྒྱ་མཚོ།  སྤེལ་དུས། 2014/9/20 བལྟ་ཀློག (3651)