ཧ་སྲས་སྤྲིན་ཆར།
རླུང་བུ་ཤུར་ཤུར་སེམས་ནང་ལ་གཡུགས་བྱུང་།།
དྲན་པའི་རྨ་ཁ་གཟུགས་མེད་དུ་སྣང་བྱུང་།།
ཁ་བའི་འདབ་མ་སྟོན་རླུང་གིས་ཁུར་སོང་།།
རྒྱང་གྲོང་བུ་མོའི་འཕྲིན་ཡིག་དེ་བཀླགས་ན།།
ཨ་ཐང་ཆད་པའི་ཤུགས་རིང་རེ་འཐེན་ཡོང་།།
སྐད་ཆ་ཟེར་བའི་དཀྲོལ་ལེན་རེའི་སྣེ་ན།།
ཁྱོད་ཀྱིས་བརྩམས་པའི་དབྱངས་རྟ་རེ་ཡོད་འདུག།
ཆུང་གྲོགས་སྒྲོལ་མ་རྨི་ལམ་ནས་བོར་བ།།
འཁོར་བའི་ཁྲོད་ཀྱི་ལྷ་མོ་རང་ཡིན་འདུག།
སུ་ལ་གསང་བའི་ཟློས་གར་ཞིག་འཁྲབ་ཡོང་།།
མགུར་མའི་གཟུགས་ཀྱི་སྣང་བརྙན་གྱི་སྒྲོལ་མ།།
སྐྱབས་འཇུག་ཞུ་སའི་དཀོན་མཆོག་དེ་ཡིན་ན།།
གསོལ་འདེབས་ལན་རེ་འདོད་བསྟན་ནས་ཤོར་ལ།།
འཕྲིན་ཡིག་རེ་གཉིས་ཁ་པར་ནས་ཤོར་སྐབས།།
གསང་བའི་ལྷ་མོ་རྨི་ལམ་གྱི་ལྷ་རེད།།
སྐད་གསང་མཐོན་པོས་རེ་འབོད་ཀྱི་ངུ་སྐད།།
ལ་ཐང་རྒྱུན་ནས་མི་ཡུལ་དང་བྲལ་སྐབས།།
ལྷ་མོ་ཁྱོད་ཉིད་གང་ཞིག་ལ་ཆས་སོང་།།
ཁ་བ་བུ་ཡུག་ག་ལེར་གྱིས་འཚུབ་དུས།།
ལྷ་མོ་ལགས་ཀྱི་སྤྱན་ཟུང་དེ་གཡོན་འདུག།
དགུན་གཞུང་སླེབས་པའི་སྔ་གྲལ་ནས་ལྡིང་བའི།།
བསིལ་རླུང་འཇམ་པོ་ང་རང་དང་འཕྲད་སྐབས།།
ལྷ་མོ་ཁྱོད་ཉིད་བདག་ཉིད་ཀྱི་དྲོད་རེད།།
མགོ་གསུམ་སྐྱེད་པུའི་དྲོད་ཁོལ་དེའི་ཡན་རེད།།
གསང་བའི་སྐད་ཆ་ལྷ་མོ་ཁྱོས་བརྐུས་སོང་།།
༢༠༡༤ ༡༡ ༡ཉིན།
གཙོས་གྲོང་ནས་སྦྱར།