༄༅། །རྔ་ལྗོངས་ཁོར་ཡུག་མྱུར་སྐྱོབ་ཚོགས་པ།
阿 坝 环 保 急 敉 组
acceleration in environment of protection
committee in Nangwa region
མདོ་སྨད་《རྔ་ལྗོངས་ཁོར་ཡུག་མྱུར་སྐྱོབ་ཚོགས་པ་》ནི་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་རྔ་བ་རྫོང་རྔ་སྟོད་ཚོ་དྲུག་ཏུ་ཕྱི་ལོ་2015.ལོའི་ཕྱི་ཟླ་10.བའི་ནང་དུ་སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་སོགས་ཀྱིས་མཐུན་རྐྱེན་དང་རྒྱབ་སྐྱོར་འོག་སྒོ་མང་དགོན་པའི་གྲྭ་རྐྱང་དཀྱུས་མ་ཁྱུ་གཅིག་གིས་མ་གྲོས་གཅིག་མཐུན་ངང་བཙུགས་པའི་ཚོགས་པ་ཞིག་ཡིན།
ཁོར་ཡུག་སྲུང་སྐྱོབ་ཀྱི་ཡུལ་དངོས།
ཚོགས་པ་འདིས་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་དང་རང་ས་བདག་སྐྱོང་གནང་རྒྱུ་འབའ་ཞིག་དམིགས་ཡུལ་དུ་བཟུང་ནས་ད་ལྟའི་བར་མི་ལོ་གཉིས་ཙམ་འགོར་ཡོད། ད་ལྟ་ཚོགས་པ་འདི་དམངས་ཚོགས་700.ལྷག་གིས་གྲུབ་པའི་ཚོགས་པ་ཚད་ལྡན་ཞིག་ཡིན་པར་མ་ཟད། ད་ལྟའི་བར་དུ་རྔ་སྟོད་སྒོ་མང་ཡུལ་ཚོ། རྒྱ་སྟོད་ཡུལ་ཚོ། ཨ་འདུས་ཡུལ་ཚོ། བསུ་བ་ཡུལ་ཚོ། མཛོད་ཁོག་ཕྱུགས་ར་སོགས་ཀྱི་ཁོར་ཡུག་གཙོ་བོར་གྱུར་བའི་ཆོས་ཚོགས་ཆེ་ས་དང་རྟ་རྒྱུག་འགྲན་ཚོགས་སོགས་སུ་ཚོགས་མི་རྣམས་དངོས་སུ་སོང་སྟེ་སྐབས་ཀུན་ཏུ་གད་སྙིགས་འཐུས་ནས་གཞན་ལ་ཤུགས་རྐྱེན་བསྐྲུན་དང་སྐྲུན་བཞིན་པ་ལགས་སོ། །
ཟླ་རེའི་ནང་དུ་ཚོགས་མི་སོ་སོས་སྣེ་ཁྲིད་བྱས་ཏེ་རང་རང་གི་དགོན་སྡེ་དང་རུ་སྡེའི་ནང་དུ་ཟླ་རེར་ཁོར་ཡུག་སྲུང་སྐྱོབ་དང་རང་ས་བདག་སྐྱོང་གི་བྱ་འགུལ་ཐེངས་གཉིས་རེ་སྤེལ་དང་སྤེལ་བཞིན་པ་ཡིན། མ་འོངས་འབྱུང་འགྱུར་གྱི་དམིགས་ཡུལ་ནི་རྔ་ལྗོངས་གཡང་གི་ར་བ་གཙོ་བོར་གྱུར་བའི་ས་ཆེན་གྱི་མ་ཡུམ་འདི་ཉིད་སྔར་བཞིན་ལྗང་མདོག་གི་འཇིག་རྟེན་གསར་བ་ཞིག་བསྐྲུན་པའི་ལས་འགོ་བསླངས་པ་ཡིན།
སྤུན་ཟླ་ཚོ། གསོ་དཀའ་བའི་འགྲོ་བ་མིའི་རིགས་ཀྱིས་གཏོར་བརླག་མེད་ཕྱིན་སའི་གོ་ལ་སྔར་བཞིན་ལྗང་མདོག་ཡིན་ངེས། ན་ཟླ་ཚོ། ཚིམ་དཀའ་བའི་འགྲོ་བ་མིའི་རིགས་ཀྱི་ཧམ་སེམས་མིན་ན་སྐྱེ་ཁམས་མ་ལག་སྔོན་བཞིན་བདེ་ཐང་ཡིན་ངེས། གྲོགས་པོ་ཚོ། སེལ་དཀའ་བའི་འགྲོ་བ་མིའི་རིགས་ཀྱི་གད་སྙིགས་མེད་ཕྱིན་མི་འདོད་ནད་རིགས་ཀྱི་འབྱུང་གཞི་སོགས་ཉུང་ཙམ་ཡིན་ངེས།
2016.6.2.ཉིན་ཚོགས་པའི་གསར་འགོད་པ་ཡོབ་ཤུལ་གཤོག་སྒྲས།
|