ཁ་ལོ་བའི་སྒྲིག་ལམ་གསར་བ་7པའི་ཚེས་1ནས་ལག་བསྟར་བྱ་རྒྱུ་རེད།

ཁ་ལོ་བའི་ལག་ཁྱེར་གྱི་སྒྲིག་ལམ་གསར་བ་ལག་བསྟར་བྱེད་བཞིན་ཡོད།

ངེད་དྲ་བའི་གྲོང་སེང་འབྲུག་གིས་བསྒྱུར།

     སྤྱི་ལོ་2016ལོའི་ཟླ་7པའི་ཚེས་1ཉིན་ནས་ཁ་ལོ་བའི་ལག་ཁྱེར་གྱི་སྒྲིག་ལམ་གསར་བ་ལག་བསྟར་བྱེད་བཞིན་ཡོད་ལ། སྤྱིར་ཁ་ལོ་བའི་ལག་ཁྱེར་ལ་སྐར་མ་12ལས་མེད་པ་ཀུན་ཀྱིས་མཁྱེན་གསལ་ཡིན་མོད།   དེ་ལ་དོ་སྣང་དང་ཡིད་འཇོག་ཇི་ལྟར་བྱེད་དགོས་པ་གཤམ་གྱི་ཚན་པ་བཞི་ལ་གཟིགས་རོགས་གནང་། 

དང་པོ།  སྐར་གྲངས་གཅིག་གཅོད་པའི་དུམ་ཚན་ལྔ།

    1  ཁ་ལོ་བའི་ལག་ཁྱེར་དང་རླངས་འཁོར་གྱི་ཡི་གེ་གཉིས་གང་རུང་མ་ཁྱེར་ན་སྐར་གྲངས་གཅིག

    2   རླངས་འཁོར་ལ་ལོ་རེའི་ཞིབ་བཤེར་ཡི་གེ་མ་སྦྱར་ན་སྐར་གྲངས་གཅིག

    3  རླངས་འཁོར་ལ་ཉེན་སེལ་རྟགས་མ་སྦྱར་ན་སྐར་གྲངས་གཅིག

    4  རླངས་འཁོར་གྱི་གློག་འོད་དང་འཁྱུག་འོད་གཉིས་བེད་སྤྱོད་གཏོང་སྲོལ་ལས་འགལ་ན་སྐར་གྲངས་གཅིག

    5 ཁ་ལོ་བའི་འགྲམ་གྱི་འདུག་གནས་ཀྱིས་ཉེན་སྲུང་སྐེ་རགས་མ་སྒྲོག་ན་སྐར་གྲངས་གཅིག

གཉིས་པ།  སྐར་གྲངས་གཉིས་གཅོད་པའི་དུམ་ཚན་གསུམ།

     1  ལམ་དུ་མང་འགོག་བྱུང་ནས་འཚང་ཁ་རྒྱག་པ་དང་ཁ་གཏད་ལམ་ཕྱོགས་བཙན་བཟུང་བྱས་ན་སྐར་གྲངས་གཉིས།

     2  ལམ་བཞུ་དམར་པོ་དང་ལྗང་གུའི་འཁོར་ལམ་བདམས་ཚུལ་ལས་འགལ་ན་སྐར་གྲངས་གཉིས།

     3 རླངས་འཁོར་གྱི་ཤོང་ཚད་ལས་20%བརྒལ་ན་སྐར་གྲངས་གཉིས།

གསུམ་པ།  སྐར་གྲངས་གསུམ་གཅོད་པའི་དུམ་ཚན་བཅུ།

    1  རྐང་ཐང་འགྲོ་སའི་སྐྱ་ཐིག་ལ་ཐོན་སྐབས་དལ་དུ་མི་གཏོང་བ་དང་། ཐིག་ཐོག་ཏུ་འདུག་པ།  ལམ་འགྲོ་བའི་ཡན་བརྒལ་བ་སོགས་བྱུང་ན་སྐར་གྲངས་གསུམ།

    2  རླངས་འཁོར་བསྐོར་སྐབས་ཁ་པར་གཏོང་ན་སྐར་གྲངས་གསུམ་དང་སྒོར་100

    3 བཀག་སྡོམ་རྟགས་ལ་མ་འཛེམ་པར་རླངས་འཁོར་བསྐོར་ན་སྐར་གྲངས་གསུམ།

    4 རླངས་འཁོར་གཡས་གཡོན་དུ་ལྕོག་ནས་བསྐོར་སྐབས་ཐད་འགྲོ་བ་དང་ལམ་འགྲོ་བ་སྔོན་ལ་འགྲོ་རུ་མ་བཅུག་ན་སྐར་གྲངས་གསུམ།

    5  ཁ་གཏད་དུ་བསྐྱོད་བཞིན་པའི་གཡས་ཕྱོགས་ལ་འགྲོ་བ་བོའི་གཡོན་ཕྱོགས་ལ་འགྲོ་བ་བོ་སྔོན་ལ་མ་གཏོང་ན་སྐར་གྲངས་གསུམ།

    6  སྒྲིག་ལམ་ལྟར་འཁོར་ལམ་ན་མ་བསྐྱོད་ན་སྐར་གྲངས་གསུམ།

     7  མགྱོགས་ཚད་ལས་བརྒལ་ནས་50%མ་ཟིན་ན་སྐར་གྲངས་གསུམ།

     8  དམིགས་བསལ་ཅན་གྱི་རླངས་འཁོར་ལ་ལམ་མ་གཟུར་ན་སྐར་གྲངས་གསུམ།

     9  རླངས་འཁོར་སྔོན་མ་ཚད་གཞི་ལྟར་མི་བརྒལ་བ་དང་ལམ་གྱི་ཁ་གཏད་དུ་བསྐྱོད་ན་སྐར་གྲངས་གསུམ།

     10  ཁ་ལོ་བའི་ཉེན་སྲུང་སྐེ་རགས་མ་སྒྲོག་ན་སྐར་གྲངས་གསུམ་དང་སྒོར་100

བཞི་བ།   སྐར་གྲངས་དྲུག་གཅོད་པའི་དུམ་ཚན་ལྔ།

    1  ཁ་ལོ་བའི་ལག་ཁྱེར་འཐེན་ཉར་བྱས་སྐབས་རླངས་འཁོར་བསྐོར་ན་སྐར་གྲངས་དྲུག

    2  གཞུང་ལམ་དུ་མང་འགོག་བྱུང་སྐབས་མཁོ་བསྟུན་འཁོར་ལམ་ནས་སྐྱོད་ན་སྐར་གྲངས་དྲུག

    3  སློབ་གྲྭའི་རླངས་འཁོར་ལ་སྒྲིག་ལམ་ལྟར་མ་གཟུར་ན་སྐར་གྲངས་དྲུག

    4  ལམ་བཞུ་དམར་པོ་བརྒལ་ན་སྐར་གྲངས་དྲུག

    5  ཁ་ལོ་བའི་འགྲམ་གྱི་འདུག་གནས་ལ་ལོ་14ཅན་མན་བསྡད་ན་སྐར་གྲངས་དྲུག་དང་སྒོར་300

ནང་དོན་གཙོ་གནད་བསྐྱར་བཤད།

    1 ལམ་བཞུ་དམར་པོ་བརྒལ་ན་སྐར་གྲངས་དྲུག་དང་སྒོར་100

    2  ཆང་འཐུང་ནས་བསྐོར་ན་སྐར་གྲངས་བཅུ་གཉིས་དང་ལོ་ལྔའི་རང་ལ་ཁ་ལོ་བའི་ལག་ཁྱེར་ལེན་མི་ཆོག་པ།

    3  ཁ་ལོ་བའི་ཉེན་སྲུང་སྐེ་རགས་མ་སྒྲོག་ན་སྐར་གྲངས་གསུམ་དང་སྒོར་100

   4  ཁ་ལོ་བའི་འགྲམ་གྱི་འདུག་གནས་ཀྱིས་ཉེན་སྲུང་སྐེ་རགས་མ་སྒྲོག་ན་སྐར་གྲངས་གཅིག་དང་སྒོར་50

   5   རླངས་འཁོར་བསྐོར་སྐབས་ཁ་པར་གཏོང་ན་སྐར་གྲངས་གསུམ་དང་སྒོར་100

   6  རླངས་འཁོར་བསྐོར་སྐབས་དུ་བ་འཐེན་ན་སྐར་གྲངས་གཅིག་དང་སྒོར་100

   7  ཆེད་དུ་འཁོར་བྱང་ལ་ཡོལ་བ་བཀབ་ན་སྐར་གྲངས་བཅུ་གཉིས་དང་ཆེས་མཐོའི་ཆད་པའི་སྒོར་མོ་གཅོད་པ།

   8  མགྱོགས་ཚད་ལས་བརྒལ་ནས་བསྐོར་ན་སྐར་གྲངས་དྲུག

   9   ཁ་ལོ་བའི་འགྲམ་གྱི་འདུག་གནས་ལ་ལོ་14ཅན་མན་བསྡད་ན་སྐར་གྲངས་དྲུག་དང་སྒོར་300  

གོང་གི་གནད་དོན་ཁག་སང་ཉིན་ནས་ལག་བསྟར་བྱེད་ངེས་ཡིན་པས་གཟབ་གཟབ་བྱོས།


རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ།  སྤེལ་དུས། 2016/6/30 བལྟ་ཀློག (66680)