བརྡ་ཁྱབ་གསར་བ།༼ལོ་གཡང་གསེར་གྱི་མགྲིན་དབྱངས།༽

བརྡ་ཁྱབ་གསར་བ།

         ངེད་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་གངས་ཆབ་ཟེགས་མ་རིགས་གནས་ཚད་ཡོད་ཀུང་སི་གཉིས་ཀྱིས་མཉམ་དུ་སྒྲུབ་པའི་མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་བོད་རབ་བྱུང་བཅུ་བདུན་པའི་མེ་མོོ་བྱ་ཡི་ལོའི་ལོ་སར་ཆེད་སྒྲིག་དགོངས་ཚོགས«ལོ་གཡང་གསེར་གྱི་མགྲིན་དབྱངས»ཞེས་པ་ད་ལྟ་མི་འགྱང་བར་བོད་ཁམས་ཡོངས་ལ་བགྲམ་རྒྱུ་ཡིན་པས་རྒྱ་ཆེའི་ལྟ་མོ་བ་རྣམས་ཀྱི་དེར་ཐུགས་འཇགས་ཡོང་བ་ཞུ་ཞུ།


གསལ་བརྡ་འདི་བོད་ཡུལ་ལུང་བ་སོ་སོར་བརྒྱུད་སྐུར་རེ་གནང་རྒྱུ་མཁྱེན་མཁྱེན་ཞེས་འབྲེལ་ཡོད་མི་སྣས་ཁྲི་འདུ་གྲོང་ཁྱེར་ནས་ལས་ཞོར་དུ་སྤེལ།


རྩོམ་སྒྲིག་པ།  མགར་ཚེ་རིང་བཀྲ་ཤིས།  སྤེལ་དུས། 2017/1/10 བལྟ་ཀློག (34178)