བོད་པས་འཛམ་གླིང་ལ་བསྒྲོན་པའི་རྒྱན་འདི་དག་ཁྱེད་ཀྱིས་ཤེས་སམ།

བོད་པས་འཛམ་གླིང་ལ་བསྒྲོན་པའི་རྒྱན་འདི་དག་ཁྱེད་ཀྱིས་ཤེས་སམ།

༼བོད་ཀྱི་སྤོབས་པ། འཛམ་གླིང་གི་རྒྱན།༽

༡ འཛམ་གླིང་ཐོག་ཤིང་གི་འགྱུར་རྡོ་ཆེ་ཤོས་ཏེ། ཤི་ཤ་སྦང་མའི་རི་རྒྱུད་ནས་རྙེད་པའི་འགྱུར་རྡོ།

༢ འཛམ་གླིང་ཐོག་གི་འབྲུག་ཉ་དབྱིབས་ཅན་གྱི་འགྱུར་རྡོ་ཆེ་ཤོས་ཏེ། དིང་རི་ནས་རྙེད་པའི་འགྱུར་རྡོ།

༣ འཛམ་གླིང་ཐོག་རྒྱལ་རབས་ལོ་རྒྱུས་རིང་ཤོས་ཏེ། བཙན་པོའི་རྒྱལ་རབས། ལོ་ངོ༡༧༤༨རིང་གི་ལོ་རྒྱུས་ལྡན།

༤ འཛམ་གླིང་ཚན་རྩལ་ལོ་རྒྱུས་ཐོག་གི་གསོ་རིག་ཆེན་པོ་བཞི་ཡི་ཡ་གྱལ་ཏེ། བོད་ལུགས་གསོ་བ་རིག་པ།


༥ འཛམ་གླིང་ཐོག་གི་སྤོ་ལོའི་རིགས་སྔ་ཤོས་ཏེ། རྟ་ཐོག་སྤོ་ལོ།  སྤྱི་ལོའི་དུས་རབས་དྲུག་པའི་སྐབས་ནས་ཡོད་པར་བཤད།

༦ འཛམ་གླིང་ཐོག་རིན་གོང་མཐོ་ཤོས་ཀྱི་འབུ་སྟེ། དབྱར་རྩྭ་དགུན་འབུ།

༧ འཛམ་གླིང་ཐོག་གི་གོས་ཐང་ཆེ་ཤོས་ཏེ། རྩེ་ཕོ་བྲང་གི་གོས་ཐང་།

༨ འཛམ་གླིང་ཐོག་གི་ཟངས་སྐུ་ཆེ་ཤོས་ཏེ། བཀྲིས་ལྷུན་པོའི་རྒྱལ་བ་བྱམས་པ།

༩ འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་འོ་འཐུང་སྲོག་ཆགས་ཆེ་ཤོས་ཏེ། འབྲི་གཡག

༡༠ འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་རྒྱལ་རབས་གནའ་ཤུལ་ཏེ། ཇོ་བདག་པོའི་མཁར་གོག

༡༡ འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་མཚེའུ་སྟེ། བྱང་གནམ་མཚོ།

༡༢ འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་གཙང་བོ་ཆེན་པོ་སྟེ། ཆུ་མོ་ཡར་ཀླུང་གཙང་པོ།

༡༣ འཛམ་གླིང་ཐོག་གི་གཏིང་ཚད་རིང་ཤོས་ཀྱི་གྲོག་རོང་སྟེ། ཡར་ཀླུང་གཙང་པོའི་གྲོག་རོང་ཆེན་མོ།

༡༤ མཚོ་བོད་མཐོ་སྒང་ནི་འཛམ་གླིང་ཐོག་མཚེའུ་མང་ཤོས་ཀྱི་ས་ཁུལ་ཡིན།  ཆིག་སྟོང་ལྔ་བརྒྱ་ལྷག་ཙམ་ཞིག་ཡོད།

༡༥ འཛམ་གླིང་ཐོག་ཡུལ་གཞན་དུ་སློབ་མ་མངགས་སྔ་ཤོས་ཀྱི་མི་རིགས་ཏེ། བོད་རིགས། སྤྱི་ལོའི་དུས་རབས་བདུན་པའི་ཐོན་མི་སོགས།

༡༦ འཛམ་གླིང་ཐོག་གི་མུ་ཏིག་ཐང་ག་ཆེ་ཤོས་ཏེ། ཁྲ་འབྲུག་མུ་ཏིག་ཞལ་ཐང་།

༡༧ འཛམ་གླིང་ཐོག་གི་རི་རྒྱུད་མཐོ་ཤོས་ཏེ། ཧི་མ་ལ་ཡ།

༡༨ འཛམ་གླིང་ཐོག་གི་སྐམ་སའི་འཁྱགས་རོམ་ཆེ་ཤོས་ཏེ། བུ་རོགས་གངས་རི།

༡༩ འཛམ་གླིང་ཐོག་གི་དཔའ་བོའི་ལོ་རྒྱུས་སྙན་ངག་རིང་ཤོས་ཏེ། གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་།

༢༠ འཛམ་གླིང་ཐོག་གི་ཕོ་བྲང་མཐོ་ཤོས་ཏེ། རི་བོ་གྲུ་འཛིན།

༢༡ འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་གྲོང་ཁྱེར་ཆེ་ཤོས་ཏེ། ལྷ་ས།

༢༢ འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་དགོན་པ་སྟེ། རོང་ཕུ་དགོན།

༢༣ མིག་སྔའི་འཛམ་གླིང་གི་ནང་པའི་དགོན་པ་ཆེ་ཤོས་ཏེ། དཔལ་ལྡན་འབྲས་སྤུངས་དགོན།

༢༤ འཛམ་གླིང་ཐོག་གི་མཐོ་སྒང་མཐོ་ཤོས་ཏེ། མཚོ་བོད་མཐོ་སྒང་།

༢༥ འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཚྭ་མེད་མཚེའུ་སྟེ། མ་ཕམ་གཡུ་མཚོ།

༢༦ འཛམ་གླིང་ཐོག་གི་གངས་རི་མཛེས་ཤོས་ཏེ། རི་རྒྱལ་གངས་དཀར་ཏི་སི།

༢༧ འཛམ་གླིང་ཐོག་གི་རི་བོ་མཐོ་ཤོས་ཏེ། ཇོ་མོ་གླང་མ།

༢༨ འཛམ་གླིང་ཐོག་ལོ་རྒྱུས་ཆེས་རིང་བའི་ཟློས་གར་ཏེ། ཨ་ཅེ་ལྷ་མོ།

༢༩ འཛམ་གླིང་ཐོག་ཉི་མའི་སྨུག་ཕྱིའི་འོད་ཟེར་འཕྲོ་ཆེ་ཤོས་ཀྱི་གྲོང་ཁྱེར་ཏེ། གཞིས་ཀ་རྩེ།

༣༠ འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ལྕགས་ལམ་སྟེ། མཚོ་བོད་ལྕགས་ལམ།


གོང་དུ་བཀོད་པ་དེ་དག་ནི་བོད་པས་འཛམ་གླིང་ལ་བསྒྲོན་པའི་ལེགས་སྐྱེས་རྒྱ་མཚོའི་ཆུ་ཐིགས་ཙམ་ཡིན།


རྩོམ་སྒྲིག་པ།  མགར་ཚེ་རིང་བཀྲ་ཤིས།  སྤེལ་དུས། 2017/6/15 བལྟ་ཀློག (47791)