1. རྡུང་རེས་བརྒྱབ་སྟེ་རྨས་སྐྱོན་ཧ་ཅང་ཡང་མོ་བཟོས་ཚེ། ཉིན5ནས15བར་བཀག་ཉར་དང་། སྒོར500ནས1000བར་གྱི་ཆད་པ། སྨན་བཅོས་གྲོན་དངུལ་དང་ལས་ཆག་གྲོན་དངུལ། ད་དུང་བཀག་ཉར་བྱས་རིང་གི་གླ་ཕོགས་སྟེར་དགོས་པ་རེད།
2. རྡུང་རེས་བརྒྱབ་སྟེ་རྨས་སྐྱོན་ཡང་མོ་བཟོས་ཚེ། ལོ3མན་གྱི་དུས་བཀག་བཙོན་འཇུག སྐྱིན་ཚབ་དངུལ། སྨན་བཅོས་གྲོན་དངུལ། ལས་ཆག་གྲོན་དངུལ་སོགས་ཀྱི་སྐྱིན་ཚབ་གཞལ་དགོས་པར་མ་ཟད། ཁྲིམས་ཐག་བཅད་པའི་དབང་གིས་ལས་ཀར་ཞུགས་མ་ཐུབ་པའི་གླ་ཕོགས་སྐྱིན་ཚབ་གཞལ་དགོས་པ་རེད།
3. རྡུང་རེས་བརྒྱབ་སྟེ་རྨས་སྐྱོན་ལྕི་མོ་བཟོས་ཚེ། ལོ3ཡན་དང་ལོ10མན་གྱི་དུས་བཀག་བཙོན་འཇུག་དང་། ཚེ་བཙོན་ནམ་ཡང་ན་སྲོག་ཁྲིམས། དཔལ་འབྱོར་སྐྱིན་ཚབ། སྤྱི་ཚོགས་དང་ཁྱིམ་ཚང་ལ་ཤུགས་རྐྱེན་ཚབས་ཆེན་ཐེབས་པའི་སྐྱིན་ཚབ་གཞལ་དགོས་པ་རེད།
4.རྡུང་རེས་བརྒྱབ་སྟེ་ཞོར་དུ་བྱུང་བའི་དམངས་དོན་འགན་འཁྲིའི་གྲོན་དངུལ་གྱི་ཁྲོད་དུ། གཏུག་བཤེར་གྲོན་དངུལ། ཁྲིམས་རྩོད་པའི་གྲོན་དངུལ། སྨན་བཅོས་གྲོན་དངུལ། ལས་ཆག་ཐེབས་པའི་གྲོན་དངུལ་བཅས་འདུས་ལ། ད་རུང་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ཆད་ཕོག་མྱོང་བའི་ཟིན་ཐོ་ཉར་ཚགས་བྱེད་པ་དང་། རྡུང་རེས་རྒྱག་མཁན་གྱི་སེམས་ཁམས་སྐྱོ་ཞིང་ཡིད་ཐང་ཆད་པ། མཚན་སྙན་དང་སྣང་བརྙན་ལ་གནོད་འཚེ་ཕོག་པ། ཁྱིམ་མི་དང་གྲོགས་པོས་སེམས་ཁུར་བྱེད་པ། བྱ་བ་དང་ཚོང་ལས་སོགས་ལ་གྱོང་གུད་ཆེན་པོ་ཐེབས་པ་སོགས་ཀྱི་གནོད་པ་འབྱུང་ངེས།
གཞན་ཡང་། སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ཆད་ཕོག་མྱོང་བའི་ཟིན་ཐོ་ཉར་ཚགས་བྱས་ཚེ། རྗེས་ཕྱོགས་རང་ཉིད་དང་རང་ཉིད་ཀྱི་བྱིས་པས་གཞུང་ཞབས་པར་རྒྱུགས་ལེན་པ་དང་། དམག་ཁོངས་སུ་ཞུགས་པ། ཏང་ནང་དུ་ཞུགས་པ། ཕྱི་རྒྱལ་དུ་འགྲོ་བ། ཕྱི་རྒྱལ་དུ་སློབ་སྦྱོང་ལ་འགྲོ་བ། ལས་ཞུགས་བྱེད་པ་བཅས་ཚང་མར་ཚད་བཀག་ཐེབས་སྲིད་པ་རེད།
སྐལ་བཟང་རྒྱལ་གྱིས་བསྒྱུར་སྒྲིག་བྱས།
|