མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་གིས་སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད་པའི་དམངས་ཕན་ལས་གཞི་སྐོར་ཞིག་ལེགས་འགྲུབ་བྱས་པ།

 
སྤེལ་དུས།  2013-02-03 09:26:14 

ཉིས་སྟོང་བཅུ་གཉིས་ལོའི་ལོ་མཇུག་བར་དུ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་གིས་མ་དངུལ་སྒོར་མོ་བྱེ་བ་དྲུག་དང་ས་ཡ་གཅིག་འབུམ་ལྔ་ཁྲི་དགུ་བཏང་ནས་གནས་སྤོར་འབྲོག་དམངས་ཁྱིམ་ཚང་དགུ་བརྒྱ་དང་བདུན་ཅུའི་གཏན་སྡོད་བཟོ་སྐྲུན་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱས་པ་དང་། དེས་གངས་རིའི་འདབས་སུ་འཚོ་བ་རོལ་བཞིན་པའི་གནས་སྤོར་འབྲོག་དམངས་མང་པོ་ལོ་རྒྱུས་རང་བཞིན་གྱིས་མཁར་གྲོང་དང་གཞུང་ལམ་འགྲམ་རྒྱུད་དུ་གཅིག་བསྡུས་སྒོས་གཏན་སྡོད་བྱེད་པའི་རྣམ་པ་གཞི་ནས་མངོན་འགྱུར་བྱུང་།

ལོ་གཅིག་གི་ནང་དུ་རྨ་ཆེན་རྫོང་གིས་མ་དངུལ་སྒོར་མོ་བྱེ་བ་གཅིག་དང་ས་ཡ་གཅིག་འབུམ་བརྒྱད་ཁྲི་བརྒྱད་བཏང་སྟེ་ཁྱིམ་ཚང་ལྔ་བརྒྱ་དང་ལྔ་བཅུའི་རྩྭ་ར་བསྐོར་བའི་བྱ་བ་ཡོངས་འགྲུབ་བྱས་པ་དང་། མ་དངུལ་སྒོར་མོ་ས་ཡ་གསུམ་དང་འབུམ་དགུ་ཁྲི་དྲུག་བཏང་ནས་རྩྭ་ས་ཞན་འགྱུར་མུའུ་ཁྲི་བཞི་དང་སྟོང་གཅིག་ལྷག་ལ་རྩྭ་བཏབ། མ་དངུལ་སྒོར་མོ་ས་ཡ་གཅིག་དང་འབུམ་ལྔ་བཏང་ནས་ཁྱིམ་ཚང་ལྔ་བརྒྱའི་ཕྱུགས་རྩྭ་འཇོག་ས་ལས་པའི་ལས་འགན་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱས་པ་དེར། མཚོ་སྔོན་ཞིང་ཆེན་རིམ་པའི་ཆེད་མཁས་པའི་ཞིབ་བཤེར་ཚད་ལེན་ཚན་ཆུང་གིས་ཚད་མཐོ་བའི་གདེང་འཇོག་བྱས་པར་མ་ཟད་ལས་གཞི་དེ་དག་ལ་བདེ་བླག་ངང་ཞིང་ཆེན་རིམ་པའི་ཞིབ་བཤེར་ཚད་ལེན་ཐོབ།

ལོ་ཙཱ་བ། གཡང་འབུམ་རྒྱལ།


རྩོམ་སྒྲིག་པ།  ངེད་དྲ་བ།  སྤེལ་དུས། 2013/2/10 བལྟ་ཀློག (3732)