བཅའ་ཁྲིམས་ཤེས་བྱ།

བཅའ་ཁྲིམས་ཕྱོགས་བསྡུས།

ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། །ཡོན་ཏན་ཀུན་གྱི་གཞི་རྟེན་ལེགས་པར་གསུངས། །

གཅིག    

འགྲིམ་འགྲུལ་སྒྲིག་ཆས་ལ་གཏོར་བརླག་བྱས་པའི་ཉེས་འགན་ནི་གཤམ་གསལ།

རྒྱལ་ཁབ་ཉེས་ཁྲིམས་ཨང་གྲངས་117དང་ཨང་གྲངས་119གཉིས་ལས་གཏན་འབེབས་ལྟར།  འགྲིམ་འགྲུལ་སྒྲིག་ཆས་ལ་གཏོར་བརླག་བྱས་ཀྱང་།  གནོད་སྐྱོན་ཆེན་པོ་མ་བྱས་ན་བཙོན་འཇུག་བྱེད་རྒྱུ།  གལ་ཏེ་གནོད་སྐྱོན་ཆེན་པོ་བྱུང་ན།  དེ་ལ་ལོ་བཅུ་ཡན་གྱི་དུས་བཀག་བཙོན་འཇུག་དང་ཚེ་བཙོན།  སྲོག་ཁྲིམས་བཅས་གཅོད་རྒྱུ།

གཉིས་པ།    

བསམ་བཞིན་དུ་མི་བསད་པའི་ཉེས་འགན་ནི་གཤམ་གསལ།

རྒྱལ་ཁབ་ཉེས་ཁྲིམས་232ལས་གཏན་འབེབས་ལྟར། བསམ་བཞིན་མི་གསོད་མཁན་ལ་སྲོག་ཁྲིམས་དང་ཚེ་བཙོན།  ཡང་ན་ལོ་བཅུ་ཡན་དུས་བཀག་བཙོན་འཇུག་བྱེད་རྒྱུ།  ཉེས་ཚབས་ཅུང་ཆུང་བ་ལ་ལོ་གསུམ་དང་ལོ་བཅུ་མན་གྱི་དུས་བཀག་བཙོན་འཇུག་བྱེད་རྒྱུ།  ཁྲིམས་འཛིན་ལག་བསྟར་སྐབས་སུ་ཉེས་ཚབས་ཆུང་བ་ནི།  རང་ཉིད་འགེབས་སྲུང་གི་ཚད་རྒྱུན་ལྡན་ལས་བརྒལ་ཏེ་མི་བསད་པ་དང་།  ཁོང་ཁྲོ་ཆེན་པོས་མི་བསད་པ།  དུས་ཡུན་རིང་བོར་གནོད་འཚེ་ཐེབས་མཁན་གྱིས་གནོད་བསྐྱལ་ཏེ་མི་བསད་པ། གཞན་ལ་རོགས་བྱས་ཏེ་རང་སྲོག་གཅོད་དུ་འཇུག་པ། གནོད་ཚེ་ཐེབས་མཁན་ལ་ནག་ཉེས་ཆེན་པོ་ཡོད་པ་བཅས་སོ། །ཉེས་ཚབས་ཆེན་པོ་ཡོད་པ་ནི།  ཀུན་སློང་ཐ་ཤར་གྱི་སྒོ་ནས་མི་བསད་པ།  དཔེར་ན།  རྒྱུ་ལ་བརྔམས་ནས་མི་བསད་པ། དོགས་སློང་གིས་མི་བསད་པ། མི་བསད་རོ་སྦེད་བྱེད་པ་སོགས་ལ་ཟེར།  གདུག་གསོད་དང་མི་བསད་རྗེས་རོ་བརླག་ཤུལ་མེད་དང་རོ་བསྲེག་པ།   ཡན་ལག་གཏུབ་གཅོད་བྱས་པ་ལ་སོགས་ཡིན།  མཇུག་འབྲས་ཚབས་ཆེན་གྱི་མི་གསོད་པ་ནི།  དཔེར་ན།   སྦྲུམ་མ་གསོད་པ་དང་ཚན་རིག་ཞིབ་འཇུག་གི་ཆེད་ལས་ཁུར་དུ་བླངས་པའི་ཆེད་མཁས་གསོད་པ།  ཤུགས་རྐྱེན་ཆེས་སྡུག་པའི་སྒོ་ནས་མི་གསོད་པ་ནི།  དཔེར་ན།  མི་དམངས་འཛོམས་ས་ནས་གྲི་ཡིས་མི་གསོད་དང་རྒྱལ་སྤྱིའི་མི་སྣ་གསོད་པ་སོགས་སོ། ། 

གསུམ་པ། 

བསམ་བཞིན་མ་ཡིན་པར་མི་གསོད་པའི་ཉེས་འགན་ནི་གཤམ་གསལ། 

རྒྱལ་ཁབ་ཉེས་ཁྲིམས་ཨང་གྲངས་32ལས་གཏན་འབེབས་ལྟར། བསམ་བཞིན་མ་ཡིན་པར་མི་གསོད་མཁན་ལ།  ལོ་གསུམ་ཡན་དང་ལོ་བདུན་མན་གྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཆད་དང་།  ཉེས་ཚབས་ཅུང་ཆུང་བ་ལ་ལོ་གསུམ་མན་གྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཆད་བྱེད་རྒྱུ།

བཞི་བ།  

འཕྲོག་བཅོམ་བྱས་པའི་ཉེས་འགན་ནི་གཤམ་གསལ།

རྒྱལ་ཁབ་ཉེས་ཁྲིམས་ཨང་གྲངས་263ལས་གཏན་འབེབས་ལྟར། འཕྲོག་བཅོམ་བྱས་པའི་ཉེས་ཆད་ལ་ལོ་གསུམ་ཡན་ཆད་དང་ལོ་བཅུ་མན་གྱི་དུས་བཀག་བཙོན་འཇུག་དང་དངུལ་ཁྲིམས་གཅོད་རྒྱུ།  མ་ཟད་གཤམ་གྱི་ཉེས་འགལ་བརྒྱད་ཀྱི་ནང་གི་ཆ་ཤས་རེ་ཡོད་ན།  དེ་ལ་ལོ་བཅུ་ཡན་གྱི་དུས་བཀག་བཙོན་འཇུག་དང་།  ཚེ་བཙོན།  སྲོག་ཁྲིམས་སོགས་ཀྱི་ཆད་པ་དང་།  ཡང་ན་དེ་ལ་དངུལ་ཁྲིམས་གཅོད་རྒྱུ་དང་རྒྱུ་ནོར་གཞུང་བཞེས་བྱེད་རྒྱུ།  

1.སྒེར་ཁྱིམ་ལ་འཛུལ་ནས་འཕྲོག་བཅོམ་བྱེད་པ། 

2.སྤྱི་སྤྱོད་འགྲིམ་འགྲུལ་ཡོ་ཆས་སྟེང་ནས་འཕྲོག་བཅོམ་བྱེད་པ།

3.དངུལ་ཁང་དང་དངུལ་རྩའི་ལས་ཁུངས་ལ་འཕྲོག་བཅོམ་བྱེད་པ།

4.འཕྲོག་བཅོམ་ཐེངས་མང་དང་།  འཕྲོག་བཅོམ་བྱས་པའི་དངུལ་འབོར་མང་བ།  

5.དམག་མི་དང་ཉེན་རྟོག་པར་བརྫུས་ཏེ་འཕྲོག་བཅོམ་བྱེད་པ།

6.མེ་མདའ་བཟུང་ནས་འཕྲོག་བཅོམ་བྱེད་པ།

7.དམག་སྤྱོད་དངོས་རྫས་དང་ཉེན་ཁ་མྱུར་སྐྱོབ་ཀྱི་དངོས་རྫས་འཕྲོག་བཅོམ་བྱེད་པ།

8.འཕྲོག་བཅོམ་བྱས་ནས་མི་ལ་ཉེས་རྨས་དང་ཤི་བར་བཏང་བ་སོགས་སོ། །

ལྔ་བ། 

 རྐུ་ཁྱེར་བྱས་པའི་ཉེས་འགན་གཤམ་གསལ།

རྒྱལ་ཁབ་ཉེས་ཁྲིམས་ཨང་གྲངས་264ལས་གཏན་འབེབས་ལྟར།  རྐུ་ཁྱེར་བྱེད་མཁན་ལ་ཉེས་ཁྲིམས་ལོ་གསུམ་མན་གྱི་དུས་བཀག་གི་བཙོན་འཇུག་དང་།   བཙན་ཉར་ལས་སྐུལ་དང་།  རྩིས་སྤྲོད་དོ་དམ་བྱེད་རྒྱུ་མ་ཟད།   དངུལ་རྐྱང་དང་ཁེར་རྐྱང་དངུལ་ཁྲིམས་གཅོད་རྒྱུ།   རྐུ་ཆེར་བྱས་པའི་དངུལ་འབོར་མང་བ་དང་རྐུ་ཉེས་ཚབས་ཆེ་བ་ལ་།  ལོ་གསུམ་ཡན་དང་ལོ་བཅུ་མན་གྱི་དུས་བཀག་བཙོན་འཇུག་བྱེད་རྒྱུ་དང་།  དངུལ་སྒོར་གྱི་ཁྲིམས་གཅོད་བྱེད་རྒྱུ།  རྐུ་ཉེས་ཧ་ཅང་ཚབས་ཆེ་བ་དང་རྐུས་པའི་དངུལ་གྲངས་ཧ་ཅང་མང་བ་ལ།  ལོ་བཅུ་ཡན་གྱི་དུས་བཀག་བཙོན་འཇུག་དང་།  ཚེ་བཙོན་བྱེད་རྒྱུ།  མ་ཟད་དངུལ་ཁྲིམས་དང་རྒྱུ་ནོར་གཞུང་བཞེས་བྱེད་རྒྱུ།   གཤམ་གྱི་རྐུ་ཉེས་གནས་ཚུལ་རེ་ཡོད་ན།  དེ་ལ་ཚེ་བཙོན་སྲོག་ཁྲིམས་གཅོད་རྒྱུ།  རྒྱུ་ནོར་གཞུང་བཞེས་བྱེད་རྒྱུ། 

1.དངུལ་རྩའི་ལས་ཁུངས་ལ་རྐུ་འཛུལ་དང་རྐུ་ཁྱེར་དངུལ་གྲངས་ཧ་ཅང་མང་བ།

2.རིན་ཐང་ལྡན་པའི་གནའ་རྫས་རྐུ་ཁྱེར་བྱས་ནས་ཉེས་ཚབས་ཆེན་པོ་བྱུང་བ།  རྐུས་པའི་དངུལ་གྱི་གྲངས་ཅུང་མང་བའི་ཚད་ནི།  སྒོར་1000ཡན་དང་སྒོར་3000ཡན་གྱི་ཚད།  རྐུས་དངུལ་གྲངས་ཀ་ཆེས་མངའི་ཚད་ནི་སྒོར་10000ཡན་དང་30000ཡན་གྱི་ཚད།  རྐུས་དངུལ་གྲངས་ཧ་ཅང་མང་བའི་ཚད་ནི་སྒོར་50000ཡན་གྱི་ཚད་དེ་ཡིན།

དྲུག་པ།  

གཞུང་ལས་ལ་གནོད་འཚེའམ་བཀག་འགོག་བྱས་པའི་ཉེས་འགན་གཤམ་གསལ།

རྒྱལ་ཁབ་ཉེས་ཁྲིམས་ཨང་གྲངས་277ལས་གཏན་འབེབས་ལྟར།  གཞུང་ལས་ལ་གནོད་འཚེ་བྱས་པའི་ཉེས་ཆད་ལ།   ལོ་གསུམ་མན་གྱི་དུས་བཀག་བཙོན་འཇུག་དང་།   བཙན་ཉར་ལས་སྐུལ།  རྩིས་སྤྲོད་དོ་དམ།  ཡང་ན་དངུལ་ཁྲིམས་གཅོད་རྒྱུ། 

བདུན་པ།  

ཁྲིམས་འགལ་གྱིས་མེ་མདའ་དང་འགད་རྫས་བཅས་བཟོ་སྐྲུན།  ཉོ་ཚོང་།  སྐྱེལ་འདྲེན།  སྦྲག་སྐྱེལ།  གསོག་ཉར་བྱས་པའི་ཉེས་འགན་ནི།  

ལོ་གསུམ་ཡན་དང་ལོ་བཅུ་མན་གྱི་དུས་བཀག་བཙོན་འཇུག་དང་།   ཚེ་བཙོན་དང་སྲོག་ཁྲིམས་གཅོད་རྒྱུ།


རྩོམ་སྒྲིག་པ།  ངེད་དྲ་བ།  སྤེལ་དུས། 2013/2/12 བལྟ་ཀློག (4497)