བོད་རིགས་བུ་མོ་ཆོས་དབྱིངས་སྐྱིད།

 


           བོད་རིགས་བུ་མོ་ཆོས་དབྱིངས་སྐྱིད་ནི་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧེ་ཡན་རྫོང་ཝ་འཇོག་ཞང་མཚོ་ཆུང་སྡེ་བའི་མི་རེད། ཁོ་མོ་ནི་རྒྱལ་སྤྱིའི་ཨོ་ལིན་ཕའེ་ཁུག་ལུས་རྩལ་འགྲན་ཚོགས་སྟེང་ཞུགས་པའི་བོད་རིགས་ལུས་རྩལ་པ་ཐོག་མ་ཡིན་པར་མ་ཟད། རྒྱལ་སྤྱིའི་ཨོ་ལིན་ཕའེ་ཁུག་ལུས་རྩལ་འགྲན་ཚོགས་སྟེང་བྱ་དགའི་རྟགས་མ་ལེན་མཁན་གྱི་བོད་རིགས་ལུས་རྩལ་པ་ཐོག་མའང་རེད། ༢༠༡༢ལོའི་རྒྱལ་སྤྱིའི་ལུན་ཏུན་ཨོ་ལིན་ཕའེ་ཁུག་ལུས་རྩལ་འགྲན་ཚོགས་སྟེང་ཁོ་མོར་སྤྱི་ལེ་༢༠རིང་གི་འདུར་རྒྱུག་འགྲན་བསྡུར་ཁྲོད་ཟངས་ཀྱི་རྟགས་མ་ཐོབ། ཆུ་ཚོད་གཅིག་དང་སྐར་མ་ཉེར་ལྔ་སྐར་ཆ་བཅུ་དྲུག་རིང་གི་རྒྱུག་ཡུན་ལས་ཐོབ་པའི་རྟགས་མ་དེས་ད་དུང་ཨེ་ཤེ་ཡའི་འདུར་རྒྱུག་ལ་ཟིན་ཐོ་གསར་བ་བཀོད། 


རྩོམ་སྒྲིག་པ།  ངེད་དྲ་བ།  སྤེལ་དུས། 2013/2/12 བལྟ་ཀློག (8079)