གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས།

གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས།

 ༼ཁྱོད་ང་ཁོ་ཀུན་ཁྲིམས་ཤེས་ཁྲིམས་བསྲུངས་ན།  དུད་ཚང་ཁྲི་སྟོང་མང་བོར་བདེ་བླག་འབྱུང་། སྒྲིག་བརྩི་ཁྲིམས་སྲུང་བྱས་ན་དོན་ཀུན་བདེ་བླག་འགྲུབ། ཁྲིམས་འགལ་སྲོལ་འགལ་བྱས་ན་དུས་ཀུན་དཀའ་ཁག་ཆེ།

གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་ནང་དུ།   འཕྲུལ་སྒུལ་འཁོར་ལོ་སྐོར་ཚེ།   ཁྲིམས་ལྟར་སྐོར་བྱེད་དཔང་ཡིག་ལེན་དགོས་པ་མ་ཟད་ནམ་ཡང་འཛིན་དགོས་པ་དང་།   འཕྲུལ་སྒུལ་འཁོར་ལོའི་ཨང་རྟགས་བླངས་རྗེས་ད་གཟོད་ལམ་དུ་སྐྱོད་ཆོག  དངོས་ཟོག་འཁོར་ལོའི་སྐྱེལ་འདྲེན་ནང་དུ་མི་འཇོག་མི་ཆོག རླངས་འཁོར་སྐོར་སྐབས་ཁ་ལོ་བ་དང་ནང་དུ་འདུག་མིས་བདེ་འཇགས་སྒྲོག་ཐག་བསྒྲོག་དགོས།   འཕྲུལ་རྟ་ཞོན་ན་ཉེན་འགོག་རྨོག་ཞྭ་གྱོན་དགོས།   ཨ་རག་བཏུང་བའམ་བཟི་རྗེས་འཕྲུལ་སྒུལ་འཁོར་ལོ་གཏན་ནས་སྐོར་མི་ཆོག   རྒྱལ་ཁབ་ཀྱིས་འཕྲུལ་ལོའི་འགན་ལེན་བྱེད་མཁན་གསུམ་པར་བཙན་ཤེད་ཉེན་འགོག་ལམ་ལུགས་ལག་ལེན་བྱེད་ཀྱི་ཡོད། སྤྱི་བདེ་ལས་ཁུངས་ཀྱིས་སྐོར་བྱེད་དཔང་ཡིག་གནས་སྐབས་སུ་བླངས་པའམ་མེད་པར་བཟོས་པ་ལ་སྲིད་འཛིན་ཉེས་ཆད་བཅད་པའི་ཡི་གེ་སྟེར་དགོས་ཞེས་གཏན་ལ་ཕབ་ཡོད། 


རྩོམ་སྒྲིག་པ།  ངེད་དྲ་བ།  སྤེལ་དུས། 2013/3/16 བལྟ་ཀློག (6480)