རྩ་ཁྲིམས།
༼ སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་བརྟན་པོར་བཅིངས་ནས། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་བྱེད། རྩ་ཁྲིམས་ཀྱི་སྙིང་དོན་དར་སྤེལ་གཏོང་། འཆམ་མཐུན་གྱི་སྤྱི་ཚོགས་འཛུགས་སྤེལ་བྱེད།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནང་གི་མི་རིགས་ཚང་མ་འདྲ་མཉམ་ཡིན།
རྩ་ཁྲིམས་དང་བཅའ་ཁྲིམས་ལ་འགལ་བའི་བྱ་སྤྱོད་ཐམས་ཅད་ལ་ངེས་པར་དུ་ཁྲིམས་འགན་བདའ་འདེད་བྱེད་དགོས།
༽
རྩ་ཁྲིམས་ནི་རང་རྒྱལ་གྱི་རྩ་བའི་ཁྲིམས་ཆེན་ཡིན། བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ། ས་གནས་རང་བཞིན་ཅན་གྱི་ཁྲིམས་སྲོལ་བཅས་ཚང་མ་རྩ་ཁྲིམས་དང་འགལ་མི་ཆོག རང་རྒྱལ་གྱིས་ཁྲིམས་ལྟར་རྒྱལ་ཁབ་བསྐྱངས་ནས་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་དགོས། རྩ་འཛུགས་དང་མི་སྒེར་སུ་ལ་ཡང་རྩ་ཁྲིམས་དང་བཅའ་ཁྲིམས་ལས་བརྒལ་བའི་དམིགས་བསལ་གྱི་དབང་ཆ་ཡོད་མི་ཆོག
|