༄༅། ། དེང་དུས་ཀྱི་ལྗོངས་དང་ཞིང་ཆེན་ལྔའི་ཁོངས་ཀྱི་བོད་ཡུལ་བཤད་པ།

  དེང་དུས་ཀྱི་གནས་སྟངས་ལྟར་ན། བོད་རིགས་འཚོ་སྡོད་བྱེད་པའི་ས་ཁུལ་དག་ལས། ལ་དྭགས་རྒྱ་གར་གྱི་མངའ་ཁོངས་སུ་ཚུད་པ་ཕུད། གཙོ་བོར་བོད་རང་ལྗོངས་དང་། སི་ཁྲོན་ཞིང་ཆེན། མཚོ་སྔོན་ཞིང་ཆེན། ཡུན་ནན་ཞིང་ཆེན། ཀན་སུའུ་ཞིང་ཆེན་བཅས་ལྗོངས་དང་ཞིང་ཆེན་ལྔའི་ཁོངས་སུ་བོད་རིགས་འཚོ་སྡོད་བྱས་པའི་ཡུལ་གྲུ་འདི་དག་སྟེ། དེ་ཡང་བོད་རང་སྐྱོང་ལྗོངས་ཁོངས་སུ་ས་ཁུལ་དང་གྲོང་ཁྱེར་ཁག་དྲུག་ཡོད་པ་སྟེ།

གཅིག  བོད་རང་སྐྱོང་ལྗོངས།

1.  གྲོང་ཁྱེར་ལྷ་སའི་མངའ་ཁོངས་སུ་རྫོང་དང་གྲོང་བརྡལ་བརྒྱད་ཡོད་པ་ནི།

༡ ལྷ་ས་གྲོང་བརྡལ།(拉萨市༢ འདམ་གཞུང་རྫོང་།(当雄县)༣ སྙེ་མོ་རྫོང་།(尼木县)༤ སྟོང་ལུང་བདེ་ཆེན་རྫོང་།(堆龙德庆县༥ ཆུ་ཤུར་རྫོང་།(曲水县) ༦ སྟག་རྩེ་རྫོང་།(达孜县༧ མལ་གྲོལ་གུང་དཀར་རྫོང་།(墨竹工卡县༨ ལྷུན་འགྲུབ་རྫོང་།(林周县བཅས་སོ།

2.  གཞུང་ས་རྩེད་ཐང་བྱས་པའི་ལྷོ་ཁ་ས་ཁུལ་གྱི་རྫོང་བཅུ་གཉིས་ནི།

སྣེ་གདོང་རྫོང་ (乃东县) གོང་དཀར་རྫོང་།(贡嘎县 གྲ་ནང་རྫོང་།(扎囊县 ཟངས་རི་རྫོང་།(桑日县 ཆུ་གསུམ་རྫོང་།(曲松县 རྒྱ་ཚ་རྫོང་།(加查县 ལྷུན་རྩེ་རྫོང་། (隆子县 མཚོ་སྣ་རྫོང་།(错那县 འཕྱོངས་རྒྱས་རྫོང་།(琼结县              

༡༠ མཚོ་སྨད་རྫོང་།(错美县༡༡ སྣ་དཀར་རྫོང་།(浪卡子县༡༢ ལྷོ་བྲག་རྫོང་།(洛扎县

3.  གཞུང་ས་གཞིས་ཀ་རྩེར་བྱས་པའི་གཞིས་རྩེ་ས་ཁུལ་གྱི་རྫོང་ཁག་བཅོ་བརྒྱད་ནི།

གཞིས་ཀ་རྩེ་གྲོང་ཁྱེར(日喀则县 འབྲོང་པ་རྫོང་(仲巴县 ས་དགའ་རྫོང་(萨嘎县 སྐྱིད་གྲོང་རྫོང་(吉隆县༥ངམ་རིང་རྫོང་(昂仁县༦ལྷ་རྩེ་རྫོང་(拉孜县 ས་སྐྱ་རྫོང་།(萨迦县༨གཏིང་སྐྱེས་རྫོང་། (定结县༩གམ་པ་རྫོང་།(岗巴县༡༠དིང་རི་རྫོང་།(定日县༡༡པ་སྣམ་རྫོང་།(白朗县༡༢རྒྱལ་རྩེ་རྫོང་།(江孜县༡༣རིན་སྤུངས་རྫོང་།(仁布县༤བཞད་མཐོང་སྨོན་རྫོང་།(谢通门县༡༥རྣམ་གླིང་རྫོང་།(南木林县   ༡༦ཁང་དམར་རྫོང་། (康马县༡༧གྲོ་མོ་རྫོང་།(亚东县  ༡༨གཉའ་ལམ་རྫོང་།(聂拉木县བཅས་སོ།

4.             གཞུང་ས་མངའ་རིས་སྒར་བྱས་པའི་མངའ་རིས་ས་ཁུལ་གྱི་རྫོང་ཁག་བདུན་ནི།

༡མངའ་རིས་སྒར་རྫོང་།(噶尔县)༢རུ་ཐོག་རྫོང་། (日土县)  ༣དགེ་རྒྱལ་རྫོང་།(革吉县)༤སྒེར་རྩེ་རྫོང་།(改则县)༥མཚོ་ཆེན་རྫོང་།(措勤县)༦སྤུ་རངས་རྫོང་།(普兰县)༧རྩ་མདའ་རྫོང་།(札达县)བཅས་སོ།

5.             གཞུང་ས་ནག་ཆུ་བྱས་པའི་ནག་ཆུ་ས་ཁུལ་གྱི་རྫོང་ཁག་བཅུ་ནི།

༡ནག་ཆུ་རྫོང་།(那曲县)༢སྦྲ་ཆེན་རྫོང་།(巴青县)༣སོག་རྫོང་།(索县)༤འབྲི་རུ་རྫོང་།(比如县)་མདོ་རྫོང་།(安多县)༦ལྷ་རི་རྫོང་།(嘉黎县)༧དཔལ་མགོན་རྫོང་།(班戈县)༨ཤན་རྩ་རྫོང་།(申扎县)༩སྙན་རོང་རྫོང་།(聂荣县)

༡༠ཉི་མ་རྫོང་།(尼玛县)བཅས་སོ།

6.  གཞུང་ས་ཉིང་ཁྲི་བྱས་པའི་ཉིང་ཁྲི་ས་ཁུལ་གྱི་རྫོང་ཁང་བདུན་ནི།               

༡ཉིང་ཁྲི་གྲོང་བརྡལ །(林芝县)༢སྤྲ་མོག་རྫོང་།(波密县)༣རྫ་ཡུལ་རྫོང་།(察隅县)༤མེ་ཏོག་རྫོང་།(墨脱县)༥སྨིན་གླིང་རྫོང་།(米林县)༦ཀོང་པོ་རྒྱ་མདའ་རྫོང་།(工布江达县)༧སྣང་རྫོང་།(朗县)བཅས་ཡོད།

7.  གཞུང་ས་ཆབ་མདོར་བྱས་པའི་ཆབ་མདོ་ས་ཁུལ་གྱི་རྫོང་ཁག་བཅུ་གཅིག་ནི།

༡ཆབ་མདོ་རྫོང་།(昌都县)༢འཇོ་མདའ་རྫོང་།(江达县)༣གོ་འཇོ་རྫོང་།(贡觉县)༤སྨར་ཁམས་རྫོང་།(芒康县)༥མཛོ་སྒང་རྫོང་།(左贡县)༦བྲག་གཡབ་རྫོང་།(察雅县)༧དཔའ་ཤོད་རྫོང་།(八宿县)༨རི་བོ་ཆེ་རྫོང་།(类马齐县)༩སྟེང་ཆེན་རྫོང་།(丁青县)༡༠ལྷོ་རོང་རྫོང་།(洛隆县)༡༡དཔལ་འབར་རྫོང་(边坝县)བཅས་སོ།

ལྗོངས་ཡོངས་ཀྱི་ས་ཁྱོན་སྤྱི་ལེ་གྲུ་བཞི་མ་ས་ཡ་གཅིག་དང་འབུམ་གཉིས་(༡ ༢༠༠༠ ༠༠༠)ལྷག་ཙམ་ཡོད་ཅིང་།དེ་ལ་འཚོ་སྡོད་བྱས་པའི་བོད་མིའི་མི་འབོར་ཧ་ལམ་ས་ཡ་གཉིས་ལྷག་ཙམ་ཡོད་པ་རེད།

གཉིས།  སི་ཁྲོན་མངའ་ཁོངས།

1.  གཞུང་ས་དར་རྩེ་མདོར་བྱས་པའི་དཀར་མཛེས་ས་ཁུལ་གྱི་རྫོང་ཁག་བཅོ་བརྒྱད་ནི།

༡དར་མདོ་རྫོང་།(康定县)༢སེར་ཤུལ་རྫོང་།(石渠县)༣སྡེ་དགེ་རྫོང་།(德格县)༤དཔལ་ཡུལ་རྫོང་།(白玉县)༥ཉག་རོང་རྫོང་།(新龙县)༦དཀར་མཛེས་རྫོང་།(甘孜县 ༧བྲག་མགོ་རྫོང་།(炉霍县)༨གསེར་རྟ་རྫོང་།(色达县)༩རྟའུ་རྫོང་།(道孚县)༡༠རོང་བྲག་རྫོང་།(丹巴县)༡༡ཉག་ཆུ་རྫོང་།(雅江县)༡༢ལི་ཐང་རྫོང་།(理塘县)༡༣འབའ་ཐ་རྫོང་།(巴塘县)༡༤འདབ་པ་རྫོང་།(稻城县)༡༥ཆ་ཕྲེང་རྫོང་།(乡城县)ངམ་ཕྱག་ཕྲེང་། ༡༦སྡེ་རོང་རྫོང་།(德荣县)༡༧བརྒྱད་ཟིལ་རྫོང་།(九龙县)༡༨ལྕགས་ཟམ་རྫོང་(泸定县)བཅས་སོ།

ལྕགས་ཟམ་རྫོང་ན་སྡེ་ཤོག་གཅིག་ཙམ་མ་གཏོགས་རིགས་འགྱུར་ཟིན་པའི་རྒྱ་རིགས་འདུས་སྡོད་ཀྱི་ས་ཁུལ་དུ་འགྱུར་ཟིན། གནས་ཡུལ་ཤར་ཐིག་དཔག་ཚད༩༨ནས་དཔག་ཚད༡༠༢བར་དང་། བྱང་ཐིག་དཔག་ཚད༢༨ནས་དཔག་ཚད༣༤བར་གནས་ཡོད།ཁུལ་ཡོངས་ཀྱི་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཆིག་འབུམ་ལྔ་ཁྲི་སུམ་སྟོང་བརྒྱད་བརྒྱ་བདུན་ཅུ༡༥༣ ༨༧༠ཙམ་ཡོད་ལ། མི་འབོར་འབུམ་དགུ་ལྷག་ཙམ་ཡོད་པའི་ནང་བོད་རིགས་འབུམ་

བདུན་ལྷག་ཙམ་ཡོད་པ་རེད།

  གཞུང་ས་འབར་ཁམས་སུ་བྱས་པའི་རྔ་པ་ཁུལ་གྱི་རྫོང་ཁག་བཅུ་གསུམ་ནི།

༡འབར་ཁམས་རྫོང་(马尔康县)༢རྣམ་འཕེལ་རྫོང་(汶川县)༣མཛོད་དགེ་རྫོང་(若尔盖县)༤རྔ་་རྫོང་། (阿坝县)  ༥རྐ་ཁོག་རྫོང་། (红原县)  ༦ཟུང་ཆུ་རྫོང་།  (松潘县)༧ཛམ་ཐང་རྫོང་།(壤塘县)༨ཆུ་ཆེན་རྫོང་(金川县)༩ཁྲོ་ཆུ་རྫོང་།(黑水县)    ༡༠བཀྲ་ཤིས་རྫོང་(理县)༡༡མའོ་ཝུན་རྫོང་(茂汶县)༡༢ལུང་དགུ་རྫོང་(九寨沟)   ༡༣བཙན་ལྷ་རྫོང་(小金县)བཅས་སོ།

   ས་ཁུལ་གྱི་གནས་ཕྱོགས་ཤར་ཐིག་དཔག་ཚད་༡༠༠དང་ཆ་ཕྲན༣༠ནས། དཔག་ཚད༡༠༤དང་ཆ་ཕྲན༢༧བར་གནས་ཤིང་། བྱང་ཐིག་དཔགཚད༣༠དང་ཆ་ཕྲན་༣༥ནས། དཔག་ཚད་༣༤དང་ཆ་ཕྲན་༡༩བར་གནས་ཡོད། ཁུལ་ཡོངས་ཀྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་བརྒྱད་ཁྲི་སུམ་སྟོང་བཞི་བརྒྱ་ཉེར་དྲུག༨༣ ༤༢༦ཡོད་པ། དེ་ལ་མི་འབོར་འབུམ་བདུན་དང་ཁྲི་བརྒྱད༧༨༠ ༠༠༠ཙམ་འཚོ་སྡོད་བྱས་ཡོད་པ་དེའི་ནང་བོད་རིགས་འབུམ་བཞི་༤༠༠ ༠༠༠ཙམ་ཡོད་པ་རེད།

3. ལོ་སོ་རང་སྐྱོང་ཁུལ་གྱི་མངའ་ཁོངས་སུ་ཡོད་པའི་རྨུ་གླིང་བོད་རིགས་རང་སྐྱོང་རྫོང་ནི།

གནས་ཡུལ་ཤར་ཐིག་དཔག་ཚད་༡༠༠དང་ཆ་ཕྲན༡༥ནས།དཔག་ཚད ༡༠༡ དང་ཆ་ཕྲན༤༥བར་གནས་ཤིང་།བྱང་ཐིག་དཔག་ཚད༢༧དང་ཆ་ཕྲན༤༥ནས།དཔག་ཚད༢༩དང་ཆ་ཕྲན༡༥བར་གནས་ཡོད།རྫོང་ཡོངས་ཀྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཆིག་ཁྲི་ཉིས་སྟོང་ཡོད་ཅིང་།མི་འབོར་ཆིག་འབུམ་ཆིག་སྟོང་ལྷག་ཙམ་ཡོད་པའི་ནང་བོད་རིགས་ཁྲི་བཞི་ལྷག་ཙམ་ཡོད།

  4.  སི་ཁྲོན་ཕིན་ཝུ་རྫོང་གི་མངའ་ཁོངས་སུ་གནས་པའི་བོད་དམག་སྡེ་ཤོག་ནི། གནས་ཡུལ་རྔ་་ཁུལ་རྣམ་འཕེལ་རྫོང་དང་། ཀན་སུའུ་ཞིང་ཆེན་གྱི་ཝེན་རྫོང་ས་ཁུལ་དངའབྲེལ་བའི་སི་ཁྲོན་ཕིང་ཝུ་རྫོང་ཁོངས་སུ་གནས་ཤིང་། མི་འབོར་ཆིག་ཁྲི་ལྷག་ཙམ་ཡོད། རྒྱ་སྐད་ད་白马藏族ཟེར། ཞིང་ཆེན་ཡོངས་བོད་ཀྱི་ས་ཁུལ་སྤྱི་ལེ་གྲུ་བཞི་མ་ཉིས་འབུམ་ལྔ་ཁྲི་ཆིག་སྟོང་༢༥༡ ༠༠༠ལྷག་ཙམ་ཡོད་པ་རེད།

གསུམ།  ཡུན་ནན་ཞིང་ཆེན་ཁོངས།

1.  གཞུང་ས་རྒྱལ་ཐང་བྱས་པའི་བདེ་ཆེན་ས་ཁུལ་གྱི་རྫོང་ཁག་གསུམ་ནི།

རྒྱལ་ཐང་རྫོང་(中甸县)༢བདེ་ཆེན་རྫོང་(德钦县)༣འབའ་ལུང་རྫོང་(维西自治县)བཅས་སོ།

གནས་ཡུལ་ཤར་ཐིག་དཔག་ཚད༩༨དང་ཆ་ཕྲན༣༧ནས།དཔག་ཚད༡༠༠དང་ཆ་ཕྲན༢༣བར་གནས་ཤིང་།བྱང་ཐིག་དཔག་ཚད༢༦དང་ཆ

ཕྲན༥༧ནས། དཔག་ཚད༢༩དང་ཆ་ཕྲན༡༢བར་གནས་ཡོད། ཁུལ་ཡོངས་ཀྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཉིས་ཁྲི་སུམ་སྟོང་བརྒྱད་བརྒྱ་བདུན་ཅུ་ཐམ་པ་ཡོད་ཅིང་།དེ་ལ་བོད་རིགས་མི་འབོར་ཆིག་འབུམ་ལྷག་ཙམ་བསྡད་ཡོད།གཞན་ཡང་ས་དམ་རྫོང་(丽江) ཁོངས་སུ་བོད་རིགས་ཆིག་སྟོང་བཞི་བརྒྱ་ལྷག་ཙམ་ཡོད་པ་དང་།འཇང་ཁྲ་འབུ་དགོན(贡山县)ཁོངས་སུ་བོད་རིགས་ཆིག་སྟོང་ཉིས་བརྒྱ་གོ་དྲུག  ལམ་རྫོང་(宁浪县)      ཁོངས་སུ་བོད་རིགས་བདུན་སྟོང་ལྷག་ཙམ་དང་།ཨེར་ཡོན་རྫོང་(洱源县)ཁོངས་སུ་བོད་རིགས་ཉིས་བརྒྱ་ལྷག་ཙམ་དང་།འཇང་ད་ལིས(大理县)ཁོངས་སུ་བོད་རིགས་བརྒྱ་དང་བདུན་ཅུ་ལྷག་ཙམ་དང་།ཧེ་ཆིང་རྫོང་(鹤庆县)ཁོངས་སུ་བོད་རིགས་སུམ་ཅུ་ལྷག་ཙམ་དང་།ཡོངས་པའི་རྫོང་(漾县)ཁོངས་སུ་བོད་རིགས་ཉི་ཤུ་ལྷག་ཙམ་དང་།གཡུང་ཧྲིན་རྫོང་(永胜县) ཁོངས་སུ་བོད་རིགས་སུམ་ཅུ་ལྷག་ཙམ་བཅས་འཚོ་སྡོད་བྱས་ཡོད་པ་རེད།

བཞི།  མཚོ་སྔོན་ཞིང་ཆེན་ཁོངས།

 1.  གཞུང་ས་ཙོང་ཁ་མཁར་བྱས་པའི་མཚོ་ཤར་ས་ཁུལ་གྱི་རྫོང་ཁག་དྲུག་ནི།

༡ཙོང་ཁ་རྫོང་(湟中县)༢གྲོ་ཚང་རྫོང་(乐都县)༣བ་ཡན་རྫོང་(化隆县) ༤བཀའ་མ་ལོག་རྫོང་(平安县)༥ཡ་རྫི་རྫོང་(循化县)༦དགོན་ལུང་རྫོང་(互助县)བཅས་སོ།

ས་ཁུལ་ཡོངས་ཀྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཆིག་ཁྲི་བདུན་སྟོང་ལྷག་ཙམ་ཡོད།མི་འབོར་ས་ཡ་གཉིས་དང་ཁྲི་བརྒྱད་ལྷག་ཙམ་ཡོད་པའི་ནང་བོད་དང་། ཁ་ཆེ། སོག་པོ་ལ་སོགས་གྲངས་ཉུང་མི་རིགས་འབུམ་བདུན་ཙམ་ཡོད།

2.             གཞུང་ས་སེམས་ཉིད་བྱས་པའི་མཚོ་བྱང་ས་ཁུལ་གྱི་རྫོང་ཁག་བཞི་ནི།

༡སེམས་ཉིད་རྫོང་(门源县) ༢མདའ་བཞི་རྫོང་། (海晏县) ༣མདོ་ལ་རྫོང་། (祁连县) ༤རྐང་ཚ་རྫོང་(刚察县        བཅས་སོ།

 གནས་ཡུལ་ཤར་ཐིག་དཔག་ཚད༩༨དང་ཆ་ཕྲན༣ནས། དཔག་ཚད༡༠༢དང་ཆ་ཕྲན༢བར་གནས་ཤིང་། བྱང་ཐིག་དཔག་ཚད༣༦དང་ཆ་ཕྲན༧ནས།དཔག་ཚད༣༩དང་ཆ་ཕྲན བར་གནས་ཡོད། ས་ཁུལ་ཡོངས་ཀྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ལྔ་ཁྲི་ཉིས་སྟོང་ལྷག་ཙམ་ཡོད་ཅིང་། ཁུལ་ཡོངས་ཀྱི་མི་འབོར་ཉིས་འབུམ་ཉིས་སྟོང་ལྷག་ཙམ་ཡོད་པའི་ནང་བོད་རིགས་མི་འབོར་ཁྲི་བཞི་ཡོད་པ་རེད།

 3.  གཞུང་ས་ཆབ་ཆ་བྱས་པའི་མཚོ་ལྷོ་ས་ཁུལ་གྱི་རྫོང་ལྔ་ནི།

༡ཆབ་ཆ་རྫོང་(共和县)༢གད་པ་སུམ་མདོ་རྫོང་(同德县)   ༣ཁྲི་ག་རྫོང་(贵德县)༤མང་ར་རྫོང་(贵南县)༥རྩི་གོར་ཐང་རྫོང་(兴海县)  རྣམས་སོ།

གནས་ཡུལ་ཤར་ཐིག་དཔག་ཚད༩༩དང་ཆ་ཕྲན༥༥ནས། དཔག་ཚད༡༠༡དང་ཆ་ཕྲན༥༠བར་དང་། བྱང་ཐིག་དཔག་ཚད༣༤དང་ཆ་ཕྲན༣༨ནས། དཔག་ཚད༣༧དང་ཆ་ཕྲན༡༠བར་གནས་ཡོད། ས་ཁུལ་ཡོངས་ཀྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་བཞི་ཁྲི་དྲུག་སྟོང་ལྷག་ཙམ་ཡོད་ཅིང་། ས་ཁུལ་ཡོངས་ཀྱི་མི་འབོར་སུམ་འབུམ་སུམ་ཁྲི་ལྷག་ཙམ་ཡོད་པ་དེའི་ནང་བོད་རིགས་མི་འབོར་ཆིག་འབུམ་དྲུག་ཁྲི་ལྷག་ཙམ་ཡོད་པ་རེད།

4. གཞུང་ས་གཏེར་ལེན་ཁ་བྱས་པའི་མཚོ་ནུབ་ས་ཁུལ་གྱི་གྲོང་ཁྱེར་གཅིག་དང་རྫོང་ཁག་གསུམ་ནི།

༡ཝུའུ་ལན་རྫོང་།(乌兰县) ༢ཏུའུ་ལན་རྫོང་(都兰县)༣ཐེམ་ཆེན་རྫོང་།(天峻县) ༤གོར་མོ་གྲོང་ཁྱེར་(格尔木)བཅས་སོ།

གཏེར་ལེན་ཁ་(德令卡)གྲོ་རྡལ་ནི་ཝུའུ་ལན་རྫོང་ཁོངས་སུ་གཏོགས། ཁུལ་ཡོངས་ཀྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་སུམ་འབུམ་ཉིས་ཁྲི་དགུ་བརྒྱ་བདུན་ཅུ་ཡོད་ལ། མི་འབོར་ཉིས་འབུམ་དགུ་ཁྲི་ལྷག་ཙམ་ཡོད་པ་གཙོ་བོ་བོད་རིགས་དང་། གཞན་སོག་པོ་དང་ཧ་སག་ཡོད་པ་རེད།

  5.  གཞུང་ས་སྐྱེ་རྒུ་མདོར་བྱས་པའི་ཡུལ་ཤུལ་ས་ཁུལ་གྱི་རྫོང་ཁག་དྲུག་ནི།

༡ཡུལ་ཤུལ་རྫོང་(玉树县)༢ཆུ་དམར་ལེབ་རྫོང་(曲麻莱县)  ༣འབྲི་སྟོད་རྫོང་(治多县)༤ནང་ཆེན་རྫོང་(囊谦县)        ༥ཁྲི་འདུ་རྫོང་(称多县) ༦རྫ་སྟོད་རྫོང་(杂多县)བཅས་སོ།

ཁུལ་ཡོངས་ཀྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཉིས་འབུམ་དྲུག་ཁྲི་བདུན་སྟོ་ལྷག་ཙམ་དང་། མི་འབོར་གསུམ་འབུམ་ཙམ་ཡོད་པ་རེད།

  6.  གཞུང་ས་རེབ་གོང་བྱས་པའི་རྨ་ལྷོ་ས་ཁུལ་གྱི་རྫོང་ཁག་བཞི་ནི།

༡རེབ་གོང་རྫོང་(同仁县)༢གཅན་ཚ་རྫོང་(尖扎县)༣རྩེ་ཁོག་རྫོང་(泽库县) ༤ཡུལ་རྒན་རྫོང་བཅས་སོ། གཡུ་སྒང་ཉིན།རྨ་ལྷོ་སོག་རྫོང་)河南蒙古族自治县

གནས་ཡུལ་ཤར་ཐིག་དཔག་ཚད༡༠༠དང་ཆ་ཕྲན༥༠ནས། དཔག་ཚད༡༠༢དང་ཆ་ཕྲན༣༠བར་དང་། བྱང་ཐིག་དཔག་ཚད༣༤དང་ཆ་ཕྲན༢༠ནས། དཔག་ཚད༣༦དང་ཆ་ཕྲན༡༠བར་གནས་ཡོད། ཁུལ་ཡོངས་ཀྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཆིག་ཁྲི་བདུན་སྟོང་དགུ་བརྒྱ་དང་གཉིས་ཡོད་ཅིང་། རྫོང་ཡོངས་ཀྱི་མི་འབོར་ཆིག་འབུམ་དྲུག་ཁྲི་ཙམ་ཡོད་པའི་ནང་། བོད་རིགས་མི་འབོར་ཆིག་འབུམ་ཙམ་ཡོད་པ་རེད།

7.   གཞུང་ས་རྨ་ཆེན་བྱས་པའི་མགོ་ལོག་ས་ཁུལ་གྱི་རྫོང་ཁག་བདུན་ནི།

༡རྨ་ཆེན་རྫོང་(玛沁县)༢གཅིག་སྒྲིལ་རྫོང་(久治县)༣པད་མ་རྫོང་(班玛县)༤དགའ་བདེ་རྫོང་(甘德县)༥དར་ལག་རྫོང་(达日县)༦རྨ་སྟོད་རྫོང་(玛多县)བཅས་སོ།

ཁུལ་ཡོངས་ཀྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་བདུན་ཁྲི་ལྔ་སྟོང་བདུན་བརྒྱ་ང་གཉིས་ཡོད་ཅིང་། མི་འབོར་ཆིག་འབུམ་ཉིས་ཁྲི་ལྷག་ཙམ་ཡོད་པའི་ནང་བོད་རིགས་ཆིག་འབུམ་ཆིག་ཁྲི་ཙམ་ཡོད།

8.  ཟི་ལིང་གྲོང་ཁྱེར་གྱི་ཐད་གཏོགས་རྫོང་གསུམ་ནི།

༡གསེར་ཁོག་རྫོང(大通县 ནི་ཕལ་ཆེར་རིགས་འགྱུར་ཟིན་པའི་བོད་རིགས་འདུས་སྡོད་ས་ཁུལ་ཞིག་ཡིན།

༢སྐུ་འབུམ་རྫོང་(湟中县) སྟོང་སྐོར་རྫོང་(湟源县)མཚོ་སྔོན་ཞིང་ཆེན་ལ་ཟི་ལིང་གྲོང་ཁྱེར་ཕུད་པའི་ས་ཆ་གཞན་གྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་པ་བདུན་འབུམ་ཉིས་ཁྲི་བརྒྱད་བརྒྱ་བདུན་ཅུ་༧༢༠༨༧༠ཡོད།

ལྔ།  ཀན་སུའུ་ཞིང་ཆེན་ཁོངས།

ཀན་སུའུ་ཞིང་ཆེན་ཁོངས་སུ་བོད་རིགས་རང་སྐྱོང་ཁུལ་གཅིག་དང་རང་སྐྱོང་རྫོང་གཅིག་ཡོད་དེ

1.གཞུང་ས་གཙོདགཙོསབྱས་པའི་ཀན་ལྷོ་ས་ཁུལ་གྱི་གྲོང་ཁྱེར་གཅིག་དང་རྫོང་ཁག་བདུན་ནི།

གཙོདགཙོས གྲོང་ཁྱེར(合作市)༡ བ་ཙེ་རྫོང་(临潭县)༢ཅོ་ནེ་རྫོང་(卓尼县)༣བསང་ཆུ་རྫོང་(夏河县)༤ཀླུ་ཆུ་རྫོང་(碌曲县)༥རྨ་ཆུ་རྫོང་(玛曲县)༦ཐེ་བོ་རྫོང་(迭部县)འབྲུག་ཆུ་རྫོང་(舟曲县)བཅས་སོ།

གནས་ཡུལ་ཤར་ཐིག་དཔག་ཚད༡༠༠དང་ཆ་ཕྲན༤༦ནས། དཔག་ཚད༡༠༤དང་ཆ་ཕྲན༤༤བར་ན་གནས་ཤིང་། བྱང་ཐིག་དཔག་ཚད༣༣དང་ཆ་ཕྲན༦ནས། དཔག་ཚད༣༦དང་ཆ་ཕྲན༡༠བར་གནས་ཡོད། ས་ཁུལ་ཡོངས་ཀྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་བཞི་ཁྲི་བཞི་སྟོང་ལྷག་ཙམ་དང་། བོད་རིགས་མི་འབོར་ཉིས་འབུམ་བཞི་ཁྲི་ལ་ཉེ་བ་ཞིག་ཡོད།

2.  དཔའ་རིས་བོད་རིགས་རང་སྐྱོང་རྫོང་ནི།

གནས་ཡུལ་ཤར་ཐིག་དཔག་ཚད༡༠༢དང་ཆ་ཕྲན༢ནས། དཔག་ཚད༡༠༣ནས་ཆ་ཕྲན༣༩བར་གནས་ཤིང་། བྱང་ཐིག་དཔག་ཚད༣༦དང་ཆ་ཕྲན༢༩ནས། དཔག་ཚད༣༧དང་ཆ་ཕྲན༤༡བར་གནས་ཡོད། རྫོང་ཡོངས་ཀྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་བརྒྱད་སྟོང་ལྷག་ཙམ་ཡོད་ཅིང་། རྫོང་ཡོངས་ཀྱི་མི་འབོར་ཧ་ལམ་ཉིས་འབུམ་ཙམ་ཡོད་པའི་ནང་བོད་རིགས་མི་འབོར་དྲུག་ཁྲི་དྲུག་སྟོང་ལྷག་ཙམ་ཡོད་པ་རེད། ཞིང་ཆེན་ཡོངས་ཀྱི་བོད་ས་ཁུལ་སྤྱི་ལེ་གྲུ་བཞི་པ་ལྔ་ཁྲི་ཉིས་སྟོང་༥༢ ༠༠༠ལྷག་ཙམ་ཡོད་པ་རེད།  གོང་གསལ་གྱི་ས་ཆའི་གནས་ཡུལ་དང་རྒྱ་ཁྱོན། མི་འབོར་བཅས་ནི་ས་གནས་སོ་སོའི་སྤྱི་བཤད་རྒྱ་ཡིག་ཐོག་ཏུ་བྲིས་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་དང་། ཡུན་ནན་མི་རིགས་དཔེ་སྐྲུན་ཁང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་བཅས་ཀྱིས་པར་སྐྲུན་བྱས་པའི་དཔེ་དེབ་དེ་དག་ནང་འཁོད་པ་བཞིན་བཀོད་ཡོད། འདིར་བཀོད་པའི་མི་འབོར་ནི༡༩༨༢ལོར་མི་འབོར་ཞིབ་གཤེར་ཐེངས་གསུམ་པའི་བསྡོམས་རྩིས་ལྟར་བཀོད་འདུག་པས། དེ་ནས་ད་བར་མི་ལོ་བཅུ་དྲུག་ལྷག་ཙམ་གྱི་རིང་ལ་མི་འབོར་གང་འཚམས་ཤིག་འཕེལ་ཡོད་པ་བཤད་མ་དགོས་པ་རེད།     

                       ཅེས་པ་ནི་ཐུབ་བསྟན་ཕུན་ཚོགས་ཀྱིས་བརྩམས་པའི༼བོད་རིག་པ་སྤྱི་བཤད༽ལས་བཏུས་སོ། །


རྩོམ་སྒྲིག་པ།  ཆོས་ཤུལ་གསང་བདག  སྤེལ་དུས། 2013/6/5 བལྟ་ཀློག (14690)