སྟོན་པའི་དུས་སུ་ས་འདིར་ནང་ཆོས་ཐོག་མར་དར་བར་བཤད། ད་ལྟ་རྒྱལ་ཡོངས་ཀྱི་མི་གྲངས་བརྒྱ་ཆའི་དགུ་བཅུ་ནང་བར་དད་མོས་བྱེད་ཅིང་དགོན་པ་ཁྲི་ལྷག་དང་གྲྭ་བ་ཁྲི་བཅུ་གསུམ་ལྷག་ཡོད། ཁྱིམ་ཚང་དབུལ་ཕྱུག་ཚང་མ་མཆོད་ཁྲི་ཡོད་ཅིང་ཞོགས་པར་བུད་མེད་ཚོས་ཐོག་དང་བོར་ཁྲོམ་ནས་མེ་ཏོག་ཉོས་ནས་མཆོད་པ་ཕུལ་ཏེ་ཕྱག་འཚལ། ཁ་བཏོན་གསུངས། ཞོགས་ཟས་ཕུད་བླངས་ཏེ་དགེ་སློང་བསོད་སྙོམས་སློང་བར་གྲ་སྒྲིག་བྱེད་ཅིང་ཕྱོགས་གང་སར་བསོད་སྙོམས་པའི་དགེ་སློང་མཐོང་ཐུབ།མཆོད་རྟེན་བཞེངས་པ་བསོད་ནམས་ཀྱི་ཞིང་དུ་འདོད་པས་གང་སར་མཆོད་རྟེན་གྱི་གཟི་མདངས་མངོན། 1950ནས1951བར་སྲིད་གཞུང་གི་གྲྭ་བར་རོགས་བྱས་ནས་ནང་བསྟན་དཔྱད་གླེང་ཚོགས་འདུས་དང་ཆོས་ལུགས་པུའུ། ནང་བསྟན་ཁྲིམས་གཉེར་པུའུ་བཅས་བཙུགས་པ་ནི་ནང་བསྟན་དཔྱད་གླེང་ཚོགས་འདུས་ཆེས་མཐོ་བའི་ནང་བསྟན་རྩ་འཛུགས་ཡིན་ལ། དེས་ཆོས་ལུགས་བྱ་འགུལ་ཆེན་པོ་དང་ནང་བསྟན་སློབ་གསོ་དར་སྤེལ། ནང་རིག་ཞིབ་འཇུག རྒྱལ་ཡོངས་ཀྱི་ཆོས་ལུགས་རྒྱུགས་ལེན། ནང་བསྟན་རིག་གནས་དང་བསམ་བློ་དར་སྤེལ། དགེ་སློང་ཉམས་མྱོང་ཅན་བདམས་ཏེ་མང་ཚོགས་ལ་ཉམས་ལེན་གྱི་སློབ་སྟོན་བྱེད་པ། སྒོམ་གྲྭ་འཛུགས་སྐྲུན་སོགས་ཀྱི་འགན་ཁུར། ཆོས་དོན་པུའུ་ཡིས་སྲིད་གཞུང་རོགས་རམ་འོག་གྲྭ་བའི་སྒྲིག་ལམ་འཛུགས་པ། ནང་བསྟན་སློབ་གྲྭ་ཆེན་མོ་དང་ནང་བསྟན་གྱི་དགེ་རྒན་གསོ་སྐྱོང་གི་འགན་ཁུར། ནང་བསྟན་ཁྲིམས་གཉེར་པུའུ་ཡིས་གྲྭ་བའི་ཁྲིམས་ཁང་བཞིན་ཚུལ་ཁྲིམས་སྲུང་བ་དང་སྒྲིག་ལམ་བརྩི་བ། གྲྭ་བ་ཕན་ཚུན་བར་གྱི་རྩོད་ཉོག་ཐག་གཅོད་བྱེད་པ་བཅས་སོ། །
འབར་མའི་དགེ་འདུན་འདུས་པ་རྒྱ་མཚོ།
|