བྱི་བ་སྟོང་ཕྲག་དམར་གསོད་གཏོང་འདུག

          བྱི་བ་བསད་ཟིན་པའི་ཤ་དང་སྤགས་པ།


    ཚོགས་གཙོ་མགར་སྒྲོལ་དཀར་སྐྱབས་དང་རྨ་ཆུ་རྫོང་ཀུན་ཕན་ཁོར་ཡུག་སྲུང་སྐྱོབ་མཐུན་ཚོགས་ཀྱིས་ཁོར་ཡུག་སྲུང་སྐྱོབ་དང་ལྷག་ཏུ་རང་གི་ཁོར་ཡུག་ན་ཉམ་ཆུང་བྱི་བ་སྲོག་ལྡན་མང་བོ་དམར་གསོད་གཏོང་བཞིན་པ་རྫོང་རིམ་པ་སོགས་ལ་ཡར་ཞུ་བྱས་ཏེ་ཐབས་བརྒྱ་ཇུས་སྟོང་གིས་སྲུང་སྐྱོབ་བྱས་པ་རེད་མོད། སྐབས་དེར་ཚོགས་པ་འདིར་མཚོན་ན་དཀའ་ཁག་མང་བོ་ཞིག་བརྒྱུད་དགོས་བྱུང་བ་ནི་ཁྱི་སྤྱང་ངན་འབྲེལ་རེད་དེ།  རང་གི་འཚོ་གནས་ཁོ་ནའི་ཆེད་དུ་བྱི་བ་དམར་གསོད་གཏོང་བར་རམ་འདེགས་བྱེད་མཁན་གྱི་ཚེ་སྲོག་མཉམ་གནས་ཀྱི་འདུ་ཤེས་ཨེན་ཙམ་མ་སད་པའི་མི་ཚོགས་སྐོར་ཞིག་བྱུང་སྟབས། ཉམ་ཆུང་ཚེ་སྲོག་བདག་ཏུ་འཛིན་པའི་རི་སྐྱེས་སྲོག་ཆགས་གང་མང་ཞིག་འདོད་ཧམ་གྱི་མཆེ་བར་ནས་ཉུང་དུ་འགྲོ་བཞིན་པ་མིག་མཐོང་ལག་ཟིན་ཡིན་པ་བདེན་དངོས་འདི་ཡིས་གསལ་བཤད་རྒྱག་ཐུབ་ཀི་རེད།  ཡང་གཅིག་བཤད་ན་ཁོར་ཡུག་འབག་བཙོག་དང་གཏེར་ཁ་སྔོག་འདོན་བྱ་བར་མཐའ་གཅིག་ཏུ་དགག་པ་བརྒྱབ་སྟེ་མིའི་རིགས་ཀྱི་རྟེན་གཞི་གོ་ལ་ཧྲིལ་བོར་སྲུང་སྐྱོབ་གནང་རོགས་ཡང་ཡང་ཞུ་བཞིན་འདུག  དེ་བས་ང་ཚོས་ཚོགས་པ་འདི་ཡི་ཀུན་སློང་རྣམ་དག་དེ་དང་དུ་བླངས་ནས་འཚོ་གནས་དང་འཚོ་རྟེན་ཡོངས་ལ་ཐུགས་བསམ་བཞེས་གལ་ཆེ་བར་སྣང་།

   བྱི་བ་བརྒྱ་ཕྲག་ཁ་ཤས་ཁང་མིག་གཅིག་ཏུ་བཅུག་པའི་རྣམ་པ།

 

           གཟེབ་ཏུ་བཅུག་པའི་བྱི་བའི་ལས་དབང་།

        འབྱུང་ཁམས་ཁོར་ཡུག་ལ་གཏོར་བརླག་བྱེད་པའི་གཏེ་བོ།

འབྱུང་ཁམས་ཆ་སྙོམས་ལ་གནོད་པ་ཇི་ལྟར་ཆེ་ན་ཆར་ཆུ་དུས་ལྟར་འབབ་མི་སྲིད།

མང་ཚོགས་ཀྱིས་རྒོལ་བ་ཟློག་ཕྱིར་ནགས་ཚལ་སྤྱི་བདེ་ཡིས་རོགས་རམ་ལ་བརྟེན་པ།

བྱ་བཞག་འདིར་དངོས་སུ་ལག་བསྟར་བྱེད་པའི་ཀུན་ཕན་མཐུན་ཚོགས་ཀྱི་ཚོགས་མི་དག

མཚན་མོ་རྩྭ་ཐང་དུ་ཕུད་པར་འགྲོ་བཞིན་པའི་བྱི་བ་རླངས་འཁོར་གང་།

མཚན་མོ་རྩྭ་ཐང་དུ་ཕུད་དགོས་དོན་ནི་མང་ཚོགས་ཀྱིས་རྩྭ་སར་གནོད་རབས་བཤད་ནས་ཕུད་དུ་མི་འཇུག་ཟེར།

སྲོག་ལྡན་ཀུན་ལ་བརྩེ་བའི་གཤོག་པ་རྐྱོངས་ཤོག

རྨ་ཆུ་རྫོང་ཀུན་ཕན་ཁོར་ཡུག་སྲུང་སྐྱོབ་མཐུན་ཚོགས་ངོ་སྤྲོད་མདོར་བསྡུས། ༼ཤེས་འདོད་ན་འདི་ནོན།༽


རྩོམ་སྒྲིག་པ།  གསང་བདག  སྤེལ་དུས། 2013/10/8 བལྟ་ཀློག (38773)