རྭ་རྒྱ་ཤེས་རིག་གླིང་དུ་ཁམས་མི་ཉག་སྤྲུལ་རྒྱ་མཚོ་ཕེབས་ཏེ་རོགས་སྐྱོར་གནང་བ།

       དེ་རིང་ཁམས་ཉག་རོང་གི་སྤྲུལ་སྐུ་རྒྱ་མཚོ་མཆོག་སྐུ་དངོས་སུ་མགོ་ལོག་རྭ་རྒྱ་གངས་ལྗོངས་འཇིགས་མེད་ཤེས་རིག་ནོར་བུའི་སློབ་གླིང་དུ་བྱོན་ནས་དགེ་སློབ་ཐུན་མོང་ལ་གསུང་བཤད་གལ་ཆེན་གནང་བར་མ་ཟད་དམངས་སྒོར་ཁྲི་བརྒྱ་དང་ལོ་རེར་དགེ་རྒན་ཚོ་ལ་སྒོར་ཁྲི་ཉི་ཤུ་འབུལ་བཞིན་ཡོད་པར་སྐད། སློབ་གྲྭའི་སློབ་མ་རྔ་རྡུང་རུ་ཁག་སོགས་ཀྱིས་ངལ་གསོའི་གཟིགས་རྟེན་དུ་ལྟད་མོ་བསྟན།


རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ།  སྤེལ་དུས། 2013/12/7 བལྟ་ཀློག (10252)