ཧཱུྃ་ཀར་རྡོ་རྗེ་མི་རིགས་ལས་རིགས་ལག་རྩལ་སློབ་གླིང་།

      མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་ཧཱུྃ་ཀར་རྡོ་རྗེ་མི་རིགས་ལས་རིགས་ལག་རྩལ་སློབ་གླིང་ནི་རྒྱལ་ཁབ་ཀྱི་ཚད་ལྡན་ཆོག་མཆན་ཐོབ་ཅིང་། མཆོག་སྤྲུལ་རིན་པོ་ཆེ་ཧཱུྃ་ཀར་རྡོ་རྗེས་2009ལོར་གསར་དུ་བཙུགས་པའི་མཐོ་འབྲིང་སྒེར་སྒྲུབ་སློབ་གྲྭ་ཞིག་ཡིན།
      སློབ་གྲྭའི་ཁ་ཕྱོགས་གཙོ་བོ་བོད་རང་གི་སྲོལ་རྒྱུན་རིག་གནས་དང་དེང་རབས་རིག་གནས་ཟུང་འབྲེལ་གྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱེད་པ།
      ཆེད་ལས་གཙོ་བོ་ལག་རྩལ་ཏེ་བོད་ཀྱི་གསོ་རིག་དང་ཐང་ག བོད་ལྭ་འཚེམ་བཟོ་དང་གླུ་བྲོ། རྒྱ་བོད་ལོ་ཙཱ་དང་བོད་ལུགས་ས་གདན་སོགས་ལོ་གསུམ་ལ་སྦྱང་སྟེ་མི་སྒེར་གྱི་འཚོ་བའི་གནད་དོན་ཐག་གཅོད་དང་སྤྱི་ཚོགས་ཀྱི་དཔལ་འབྱོར་སྐུལ་འདེད་ལ་ཤུགས་སྣོན་པ།
       སློབ་བསྡུའི་ཐད་ནས་ས་ཁུལ་དང་མི་རིགས་ཕོ་མོ་གྲྭ་གྲོང་གི་དབྱེ་བ་མེད་པར་ཁ་ཕྱོགས་གཙོ་བོར་སྤྱི་ཚོགས་ཁྲོད་ཀྱི་ཡིག་རྨོངས་པ་བཟུང་ནས་སྤྱི་ཚོགས་ཀྱི་བསམ་པའི་ཆུ་ཚད་ཕྱོགས་ཡོངས་ནས་ཇེ་མཐོར་གཏོང་བ་དང་། དམའ་འབྲིང་མཐར་ཕྱིན་པའི་སློབ་མ་ཡང་ལོ་རེར་བསྡུ་བཞིན་ཡོད། 
       ད་ལྟའི་དངོས་ཡོད་སློབ་མ་སུམ་བརྒྱ་ལྷག་དང་སྐབས་གསུམ་གྱི་མཐར་ཕྱིན་སློབ་མ་བརྒྱ་ལ་ཉེ་བས་སློབ་ཆེན་ཁག་ན་མུ་མཐུད་དུ་སློབ་སྦྱོང་བྱེད་པ་དང་། སློབ་གྲྭ་དང་དགོན་སྡེ་ཁག་གིས་དགེ་རྒན་དུ་གདན་ཞུ་མཛད་པའི་སློབ་མ་ཡང་མང་བར་མ་ཟད། གྲུབ་འབྲས་ཀྱི་ཐད་ལ་རྒྱལ་ཁབ་དང་སྤྱི་ཚོགས་ཡོངས་ཀྱིས་གདེང་འཇོག་ཐོབ་བཞིན་ཡོད་པའི་སློབ་གྲྭ་ཞིག་ཡིན་ནོ། །

འབྲེལ་གཏུག་ལག་འཕྲིན།

18935659888 13897554566     13897558888

 སློབ་གྲྭའི་ལས་བཟོ་བ་ཡོངས་ཀྱིས་ལོ་སར་རོལ་བའི་རྣམ་པ།

སློབ་གཙོ་མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་དང་དགའ་བདེ་རྫོང་རིག་སློབ་ལས་ཁུངས་ཀྱི་འགོ་གཙོ་བློ་བཟང་འཕྲིན་ལས་ཀྱི་མཉམ་པར།

སློབ་མ་རྣམས་ཀྱིས་ལུས་རྩལ་རྩེ་བའི་ཟུར་ཞིག

      གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ཆེན་མོ་ནས་མཐར་ཕྱིན་པའི་ད་ལྟའི་སྲིད་སློབ་འགོ་བ་གཙང་སྐྱེས་རོལ་དབྱངས་དང་སློབ་དོན་འགོ་བ་བསམ་པའི་དོན་གྲུབ་གཉིས།


རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ།  སྤེལ་དུས། 2014/4/3 བལྟ་ཀློག (11974)