བྱིས་པར་བཙན་གྱིས་སློབ་སྦྱོང་བྱེད་དུ་བཅུག་ན་ཕན་ཐོག་མེད།

                                    

    འཇར་མན་གྱི་ཚན་རིག་པས་ཉེ་སྔོན་ཁྱིམ་བདག་མང་པོ་ཞིག་གིས་བྱིས་པའི་དགའ་ཕྱོགས་དང་ནུས་པར་བསམ་བློ་མི་གཏོང་བར། བྱིས་པར་སྔ་མོ་ནས་སྐད་ཡིག་དང་ཡང་ན་གླུ་དབྱངས་སོགས་སྦྱང་དུ་འཇུག་བཞིན་ཡོད།  བཙན་གྱིས་སློབ་སྦྱོང་བྱེད་དུ་འཇུག་པའི་ཐབས་འདི་ལས་བྱིས་པ་བདེ་ཐང་ངང་འཚར་ལོངས་འབྱུང་བར་ཕན་ཐོགས་མེད་ཅེས་བསྟན།  འཇར་མན་གྱིས་འཛམ་གླིང་ཚགས་པར་སྟེང་གསར་འགྱུར་བཀོད་པ་ལྟར་ན།  འཇར་མན་གྱི་བྱིས་པའི་སློབ་གསོ་ཞིབ་འཇུག་ཁང་གི་ཆེད་མཁས་པ་ཧ་ཐེ་མུའུ་ཐེ་ཁཱ་སི་ཐིན་གྱིས་བཙས་མ་ཐག་པའི་བྱིས་པ་ཤོག་བུ་དཀར་པོ་ཞིག་དང་འདྲ་བས་གང་འདོད་དུ་ཚོན་བྱུགས་པའི་ལྟ་ཚུལ་ནི་ནོར་འཁྲུལ་ཞིག་རེད།  ཁྱིམ་བདག་ལ་ལ་ཞིག་གིས་བྱིས་པར་ཆུང་དུས་ནས་སྐད་ཡིག་དང་ཡང་ན་གླུ་དབྱངས་སོགས་སྦྱང་དུ་བཅུག  འདི་ལྟར་བྱས་ན་བྱིས་པ་སློབ་སྦྱོང་བྱེད་པའི་འདུན་པ་ཤོར་དུ་འཇུག་སླ་བ་དང་ཕྱིན་ཆད་བྱ་དངོས་གསར་བར་དངོས་འཛིན་པའི་ནུས་པར་ཤུགས་རྐྱེན་ཐེབས་ངེས་ཡིན་ཞེས་བསྟན།  ཁཱ་སི་ཐིན་གྱིས་བཤད་རྒྱུར།   བྱིས་པའི་དུས་ནི་མི་ཡི་ཀླད་པ་འཚར་ལོངས་འབྱུང་བའི་དུས་སྐབས་གཙོ་བོ་ཞིག་ཡིན་ཕྱིར།   དུས་རིམ་འདིའི་ནང་བྱིས་པར་དྲོད་སྐྱིད་དང་ཡང་ན་བྱིས་པའི་སྤྲོ་བ་བསྐྱེད་པར་ཕན་ཐོགས་པའི་ཁོར་ཡུག་ཅིག་གསོ་སྐྱོང་བྱེད་རྒྱུ་ནི་བྱིས་པ་འཚར་ལོངས་འབྱུང་བར་མཚོན་ན་ཤིན་ཏུ་གལ་ཆེ།   བྱིས་པར་སློབ་གསོ་གཏོང་བ་དེ་རིམ་པར་ལྟར་བྱེད་དགོས་པ་དང་།  བྱིས་པའི་དགའ་ཕྱོགས་དང་ངོས་འཛིན་ཐུབ་པའི་ནུས་པ་ལ་གཞིགས་ནས་བཀོད་སྒྲིག་བྱས་ན་བཟང་སྙམ།

རྒྱུན་དུ་པང་ལ་བཟུང་ནས་སྙོར་སྐྱོང་བྱས་པའི་བྱིས་པར་བློ་སྟོབས་ཆེན་པོ་སྐྱེད་ཐུབ།

     ཞིབ་འཇུག་བྱས་པ་ལྟར་ན།  རྒྱུན་དུ་བྱིས་པ་པང་ལ་བཟུང་ནས་སྙོར་སྐྱོང་བྱས་ན་ཕ་མ་དང་བྱིས་པའི་བར་གྱི་འབྲེལ་བ་ཇེ་དམ་དུ་འགྲོ་ཐུབ་པར་མ་ཟད།  བྱིས་པའི་སེམས་ཁམས་བདེ་ཐང་ཚད་ཇེ་མཐོར་བཏང་ནས་བློ་སྟོབས་ཀྱང་སྔར་ལས་ཆེ་རུ་བསྐྱེད་ཐུབ།   ཕ་མས་བྱིས་པ་པང་ལ་བཟུང་ནས་སྙོར་སྐྱོང་བྱས་ཚེ།  ཕ་མ་རང་ཉིད་ལ་དགའ་བ་དང་སེམས་ཁམས་བདེ་སྣང་ཡིན་པའི་སྣང་བ་ཞིག་བྱིས་པར་སྟེར་སྲིད།   དེས་ཕ་མ་དང་བྱིས་པའི་བར་གྱི་འབྲེལ་བའང་སྔར་ལས་ཇེ་དམ་དུ་བཏང་བས་བྱིས་པའི་སེམས་ཁམས་ཀྱང་བདེ་འཇགས་ཀྱི་ཚོར་སྣང་ཞིག་སྟེར་ཐུབ་པར་མ་ཟད།  བྱིས་པའི་སེམས་ནང་རང་ཉིད་ཀྱིས་བྱ་བ་ཅི་ཞིག་བསྒྲུབ་རུང་ཕ་མས་རྒྱབ་སྐྱོར་བྱེད་ངེས་པའི་ཚོར་སྣང་ཡང་སྟེར་ཐུབ་པས།  བྱིས་པ་འདི་ལྟ་བུས་འཚར་ལོངས་འབྱུང་སྐབས་ཉམས་ཉེས་གང་རུང་ཞིག་ལ་འཕྲད་ཀྱང་གྲོགས་མེད་ཁེར་རྐྱང་གི་སྣང་བ་ཞིག་སྐྱེ་མི་སྲིད།   དེ་མིན་བྱིས་པ་འཚར་ལོངས་འབྱུང་སྐབས་དཀའ་ངལ་གང་མང་ཞིག་འཕྲད་པ་དང་། སློབ་གྲྭ་འགྲིམ་པའི་སྐབས་སུ་རྒྱུགས་འབྲས་ཀྱི་གནོད་ཤུགས་དང་གྲོགས་བསྒྲིག་པའི་སྐབས་སུ་མིའི་བར་གྱི་འབྲེལ་བའི་གནོན་ཤུགས་སོགས་ཡོད་པས།   བྱམས་བརྩེའི་ངང་ནས་བྱིས་པ་པང་དུ་བཟུང་ན་དཀའ་ངལ་ལས་རྣམ་པར་རྒྱལ་ཐུབ་པའི་སྟོབས་ཤུགས་སྟེར་ཐུབ།   བྱིས་པ་པང་ལ་ལེན་པ་ནི་ཨ་མའི་བྱམས་བརྩེའི་མཚོན་སྟངས་ཤིག་ཡིན་པས།   བྱིས་པ་པང་དུ་བཟུང་སྟེ་སྙོར་སྐྱོང་བྱས་ན་རང་ཉིད་གཅེས་ཕྲུག་དང་རྒྱལ་ཁོ་ཐག་ཡིན་པའི་ངར་ཤུགས་ཤིག་སྟེར་ཐུབ།  དེའི་ཕྱིར་བྱིས་པ་དཀའ་ངལ་ལ་འཕྲད་པའི་སྐབས་སུ་བྱིས་པ་པང་དུ་བཟུང་ནས་སྙོར་སྐྱོང་བྱེད་པའི་ཐབས་འདིས་ཁོ་ཚོའི་གནོན་ཤུགས་ཇེ་ཆུང་དུ་གཏོང་ཐུབ་པར་མ་ཟད།  གནོན་ཤུགས་ཇེ་ཆུང་དུ་བཏང་ནས་ལས་ཀར་ཞུགས་ཐུབ། 

ཁྱིམ་བདག་གིས་སྤོས་ཆུ་བཀོལ་ན་བྱིས་པར་གནོད་པ་ཐེབས་སྲིད

    མི་མང་པོ་ཞིག་གིས་སྤོས་ཆུ་ལ་རྫས་འགྱུར་གྲུབ་ཆ་༥༠༠༠ལྷག་ཡོད་པ་ཤེས་ཀྱི་མེད།   སྤོས་ཆུ་རེ་རེར་རྫས་འགྱུར་གྲུབ་ཆ་རིགས་༦༠༠ལྷག་ཡོད་པ་དང་།  རྫས་འགྱུར་གྲུབ་ཆ་རིགས༥༠༠༠ལྷག་གི་ནང་དུ༢༠%མ་གཏོགས་དུག་ལྡན་ཡིན་མིན་གྱི་ཚོད་ལྟ་བྱས་མེད་པར་མ་ཟད།  རྒྱལ་ཁབ་མང་པོས་འདི་ཉེན་ཁ་ཆེ་བའི་དངོས་རྫས་ཀྱི་ཁོངས་སུ་བཞག་ཡོད།   ཨ་མེ་རི་ཁ་རུ་དབུགས་འཚང་བའི་ནད་རིགས་ཀྱི༧༥%ཡིན་ནི(ཕལ་ཆེར་ནད་པ་མི་ཁྲི༩༠༠)སྤོས་ཆུ་བཀོལ་སྤྱོད་བྱས་པ་ལས་བྱུང་བ་ཡིན། བྱིས་པ་ཡང་མི་དར་མ་ལས་ལྷག་ཏུ་གནོད་པ་ཐེབས་སླ་བ་རེད།  གལ་ཏེ་ཕ་མས་རྒྱུན་དུ་སྤོས་ཆུ་བཀོལ་ན་བྱིས་པས་དབུགས་ལེན་ཞོར་དུག་གནོད་ཐེབས་ཏེ།   བྱིས་པས་བློ་རྩེ་སྒྲིམ་མི་ཐུབ་པ་དང་སློབ་སྦྱོང་ལ་འགལ་རྐྱེན་བཟོ་བ། འགུལ་སྐྱོད་ཚད་ལས་བརྒལ་བ་བཅས་དང་ཐ་ན་བྲེད་འཐོམས་འབྱུང་སླ་བ་དང་འཚར་ལོངས་འབྱུང་དལ་བ་སོགས་ཀྱི་ཉེན་ཁ་བྱུང་བ་རེད།  བུད་མེད་ཚོས་རྒྱུན་དུ་སྤོས་ཆུ་བཀོལ་ན་སྤོས་ཆུའི་རྫས་འགྱུར་གྲུབ་ཆ་དེ་ལུས་སྟེང་དུ་ཁྱབ་ནས། ནུ་མ་ལྡུད་སྐབས་བྱིས་པའི་བདེ་ཐང་ལ་གནོད་པ་ཐེབས་ངེས་ཡིན། 

                                              <<མདུན་ལམ།>>ལས་བཤུས།


རྩོམ་སྒྲིག་པ།  གསང་བདག  སྤེལ་དུས། 2014/4/11 བལྟ་ཀློག (10175)