འཕྲིན་བཟང་། རིག་རྩལ་དགོང་ཚོགས།

     རིགས་མཐུན་སྤུན་ཟླ་ལྷན་རྒྱས་སྐུ་ཁམས་བཟང་།   རྨ་ཆུ་རྫོང་སྐབས་བརྒྱད་པའི་རྟ་རྒྱུགས་རྒྱལ་འཇོག་གི་དུས་ཡག་སྐལ་བཟང་འདིར་ང་ཚོས་བཀྲ་ཤིས་པའི་ལྷ་དར་དཀར་པོ་ཡུག་གཅིག་གི་ཚབ་ཏུ་བོད་ཀྱི་གཞས་པ་གཞས་མ་མིང་གྲགས་ཅན་རེ་འགའ་གདན་འདྲེན་བྱས་ནས༼གྱི་ལིང་གི་རྨིག་སྒྲ༽ཞེས་པའི་རིག་རྩལ་དགོང་ཚོགས་ཆེན་མོ་ཞིག་སྤྱི་ཟླ་བརྒྱད་པའི་ཚེས་བཅུ་བཞི་ཉིན་གྱི་དགོང་མོའི་ཆུ་ཚོད་བརྒྱད་ཀྱི་སྟེང་རྨ་ཆུ་རྫོང་སྲིད་གཞུང་གླུ་གར་ཁང་དུ་འཚོགས་རྒྱུ་ཡིན་པས་གླུ་གར་སྒྱུ་རྩལ་ལ་དུང་བ་ཟབ་པའི་སྐུ་མགྲོན་རྣམ་པ་དུས་ལྟར་ཕེབས་པར་དགའ་བསུ་སྙིང་ནས་ཞུ།

    ཐེངས་འདིར་གདན་ཞུའི་གླུ་བ་གླུ་མ་ནི་མགར་བསམ་འགྲུབ་ཚེ་རིང་། སྒྲོན་པེ། ཧི་མ་ལ་ཡི་སྲས་མོ་གཡང་ཕྱུག་འཚོ། རྔ་བའི་གླུ་མ་ཕུལ་བྱུང་སྒྲོལ་མ། སོག་ཕྲུག་བཀྲ་ཤིས་དོན་འགྲུབ། གནམ་མཚོ། ལྷ་དཀར་སྒྲོལ་མ། མ་སྐྱེས་ཨ་མའི་པདྨ་ཚེ་རིང་། ཨ་ཀུན། གཡུ་སྒང་འཛམ་ལྷ། ཀུན་མགོན། དམངས་གླུའི་རྒྱལ་སྲས་དཔལ་ལྡན། Lost team གཞས་ཚོགས། དབྱངས་དྲུང་རྣམ་རྒྱལ་སོགས་ཡོད།

དགོང་ཚོགས་གཙོ་སྒྲུབ་པའི་འབྲེལ་གཏུགས་བྱེད་ཡུལ།

            ནོར་བཟང་།            133-8115-3151

            རྨ་ཆུའི་བསམ་འགྲུབ།   157-3090-0328

            རྨ་ཆུའི་གདུགས་དཀར། 18294758000


རྩོམ་སྒྲིག་པ།  ཁྰ་ཤེས་རབ་རྒྱ་མཚོ།  སྤེལ་དུས། 2014/8/9 བལྟ་ཀློག (4885)