ཤེས་བྱའི་རྣམ་གྲངས་ཐོར་བུ།

    ཚིག་སྡུད་དྲུགལས་འཛིན་པའི་བསྡུ་བ།བ་གཉིས་བའི་བསྡུ་བ དེའི་སྐྱེས་པའི་བསྡུ་བ། འབྲུ་མང་བའི་བསྡུ་བ། ཟླས་དབྱེ་བའི་བསྡུ་བ། མི་ཟད་པའི་བསྡུ་བའོ།།



ཡབ་འབངས་རུས་དྲུགལྷོ། གཉགས། ཁྱུང༌། སྣུབས། སེ། སྤོ་བཅས་དྲུག
སའི་ལེགས་དྲུགསྔར་བོད་རྒྱལ་བཅུ་བ་ཨེ་ཤོ་ལེགས་དང༌། བཅུ་གཅིག་པ་དེ་ཤོ་ལེགས། བཅུ་གཉིས་པ་ཐི་ཤོ་ལེགས། བཅུ་གསུམ་པ་གུ་རུ་ལེགས། བཅུ་བཞི་བ་འབྲོང་ཞེར་ལེགས། བཅོ་ལྔ་བ་ཨི་ཤོ་ལེགས་བཅས་རྒྱལ་རབས་དྲུག་པོ་སྤྱིའི་མིང༌། 
རྒྱ་རིམ་པ་བདུན།ཚེག་གི་རྒྱ་དང༌། ཤད་ཀྱི་རྒྱ། ལེའུའི་རྒྱ། བམ་པོའི་རྒྱ།བམ་གྲངས་ཀྱི་རྒྱ། སྣེ་ཐིག་གི་རྒྱ། གདོང་ཡིག་གི་རྒྱའམ་སྤྱན་ཁྱེར་གྱི་རྒྱ་སྟེ་བདུན།
རྒྱུ་འབྲས་མན་ངག་བདུན།མར་ཤེས། དྲིན་དྲན། དྲིན་གཟོ། ཡིད་འོང་གི་བྱམས་པ།  སྙིང་རྗེ་ཆེན་པོ། ལྷག་བསམ་རྣམ་དག སེམས་བསྐྱེད་དེ་བདུན་ནོ།།
ཉེ་བའི་རིན་ཆེན་བདུན།ཁང་བཟང་རིན་པོ་ཆེ་དང༌། མལ་ཆ་རིན་པོ་ཆེ། ལྷམ་རིན་པོ་ཆེ།རལ་གྲི་རིན་པོ་ཆེ། གོས་རིན་པོ་ཆེ། པགས་པ་རིན་པོ་ཆེ། ཚལ་རིན་པོ་ཆེ་དང་བདུན།
མཐོ་རིས་ཡོན་ཏན་བདུན།རིགས་བཟང་བའི་ཡོན་ཏན་དང༌། གཟུགས་མཛེས་པའི་ཡོན་ཏན། ཚེ་རིང་བའི་ཡོན་ཏན། ནད་མེད་པའི་ཡོན་ཏན། སྐལ་བ་བཟང་བའི་ཡོན་ཏན། ནོར་ཕྱུག་པའི་ཡོན་ཏན། ཤེས་རབ་ཆེ་བའི་ཡོན་ཏན་ཏེ་བདུན།  
ནོར་བུ་ཆ་བདུན།རྒྱལ་པོའི་རྣ་ཆ་དང༌། བཙུན་མོའི་རྣ་ཆ། བློན་པོའི་རྣ་ཆ། བསེ་རུའི་རྭ། བྱུ་རུའི་སྡོང་བོ། གླང་ཆེན་ཆེ་བ། ནོར་བུའི་མིག་གསུམ་སྟེ་བདུན།
གནམ་གྱི་ཁྲི་བདུན།སྔར་བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་ནས་ བཟུང་སྟེ་མུ་ཁྲི་དང༌།དིང་ཁྲི། སོ་ཁྲི། མེར་ཁྲི། གདགས་ཁྲི། སྲིབ་ཁྲི་བཅས་བདུན་ལ་ཟེར། འཕགས་ནོར་བདུན་པོ། དད་པའི་ནོར། ཚུལ་ཁྲིམས་གྱི་ནོར། ཐོས་པའི་ནོར།གཏོང་བའི་ནོར།ངོ་ཚ་ཤེས་བའི་ནོར།  ཁྲེལ་ཡོད་ཀྱི་ནོར། ཤེས་རབ་ཀྱི་ནོར་བཅས་སོ།།
འཕྲུལ་བློན་མཛངས་མི་བདུན།པུ་དེ་གུང་རྒྱལ་སྐབས་ཀྱི་རུ་ལས་ སྐྱེས་དང༌།ཨེ་ཤོ་ལེགས་སྐབས་ཀྱི་ལྷ་བུ་མགོ་དཀར། སྟག་རི་གཉན་གཟིགས་སྐབས་ཀྱི་ངོར་སྣང་བཙན་མང༌། སྲོང་བཙན་སྒམ་པོའི་སྐབས་ཀྱི་ཐུ་མི་སམ་བྷོ་ཊ་དང༌། གཉགས་ཁྲི་བཟང་ཡང་སྟོན།ཁྲི་སྲོང་ལྡེ་བཙན་སྐབས་ཀྱི་འགོས་ཁྲི་བཟང་ཡབ་ལྷག་དང་ སྟག་བཙན་གདོང་གཟིགས་བཅས་བློན་པོ་བདུན་གྱི་མིང༌།
བློ་རིག་བདུན།ཡིད་དཔྱོད། སྣང་ལ་མ་ངེས་པ། བཅད་ཤེས། ལོག་ཤེས། ཐེ་ཚོམ། མངོན་སུམ་གྱི་ཚད་མ། རྗེས་སུ་དཔག་པའི་ཚད་མ་རྣམས་སོ།།
གཟའ་བདུན།ཉི་མ།  ཟླ་བ།  མིག་དམར། ལྷག་པ། ཕུར་བུ། པ་སངས། སྤེན་པ་རྣམས་སོ།། 
སད་མི་བདུན།སྦ་གསལ་སྣང་དང༌།སྦ་ཁྲི་བཞེར། བཻ་རོ་ཙ་ན། རྒྱལ་བ་མཆོག་དབྱངས། འཁོན་ཀླུའི་དབང་བོ། རྨ་རིན་ཆེན་མཆོག གཙང་ལེགས་གྲུབ་སྟེ་བདུན།
གནས་ཆེན་བརྒྱད།  ༡ ལུམ་བུའི་ཚལ་སྐུ་བལྟམས་པའི་གནས། ༢ ཝ་ར་ཎ་སི་ཆོས་འཁོར་དང་པོ་བསྐོར་བའི་གནས། ༣ ཡངས་བ་ཅན་ཆོས་འཁོར་གཉིས་པ་བསྐོར་བའི་གནས། ༤ བྱ་རྒོད་ཕུང་པོའི་རི་ཆོས་འཁོར་གསུམ་པ་བསྐོར་བའི་གནས། ༥ མཉན་ཡོད་ཆོ་འཕྲུལ་བསྟན་པའི་གནས། ༦ རྡོ་རྗེ་གདན་སངས་རྒྱས་པའི་གནས། ༧ཆུ་བོ་ནེ་རཉྫ་དཀའ་བ་སྤྱད་པའི་གནས། ༨ རྩྭ་མཆོག་གྲོང་སྐུ་མྱ་ངན་ལས་འདས་བའི་གནས་བཅས་སོ།།
སྤར་ཁ་བརྒྱད།འབྱུང་རྩིས་སྐབས་ཀྱི་ལི་དང༌། ཁོན། དྭ། ཁེན། ཁམ། གིན། 
ཟིན།ཟོན་ཏེ་བརྒྱད། 
ཡན་ལག་བརྒྱད་ལྡན་གྱི་ཆུ།མངར་བ། བསིལ་བ། འཇམ་པ།ཡང་བ། དྭངས་པ། གཙང་བ།མགྲིན་པ་ལ་མི་གནོད་པ། ལྟོ་བ་ལ་ཕན་པ་སྟེ་བརྒྱད། 
གསོ་དཔྱད་ཡན་ལག་བརྒྱད།ལུས་གྱི་དཔྱད། བྱིས་པའི་དཔྱད། གདོན་གྱི་དཔྱད།  ལུས་སྟོད་གྱི་དཔྱད། མཚོན་གྱིས་ཕོག་པ་རྨའི་དཔྱད། མཆེ་བ་ཟུག་པའི་དཔྱད། རྒས་བའི་དཔྱད། རོ་ཙའི་དཔྱད་རྣམས་སོ།།
གར་གྱི་ཉམས་དགུསྒེག་པའི་ཉམས། དཔའ་བའི་ཉམས།  མི་སྡུག་པའི་ཉམས། དྲག་ཤུལ་གྱི་ཉམས། བཞད་གད་དགོད་པའི་ཉམས། འཇིགས་སུ་རུང་བའི་ཉམས། སྙིང་རྗེའི་ཉམས། རྔམས་པའི་ཉམས། ཞི་བའི་ཉམས་རྣམས་སོ།།
ཕོ་རྩལ་སྣ་དགུ སྐྱེས་བ་ལ་འོས་པའི་ལུས་ངག་ཡིད་གསུམ་གྱི་རྩལ་སྣ་དགུ་ནི།  མཐེབ་ཀྱིས་ཤ་ནོན་པ། རྐྱལ་གྱིས་ཆུ་ཆོད་པ། ཡང་རྩལ་བྱ་འདྲ་བ་སྟེ་ལུས་ཀྱི་རྩལ་གསུམ་དང༌། ལོ་རྒྱུས་ཀྱིས་དགེ་ཐོན་པ། གཏམ་གྱིས་བཞད་གད་ཐོན་པ། ཤགས་ཀྱིས་ཕ་རོལ་གནོན་པ་སྟེ་ངག་གི་རྩལ་གསུམ་དང༌། མཛངས་ལ་བློ་འགྱུ་བ། དཔའ་ལ་བསྲན་ཚུགས་པ། ཁ་གསལ་ལ་གཏིང་མི་དཔོག་པ་སྟེ་ཡིད་ཀྱི་རྩལ་གསུམ་རྣམས་སོ།།  
སྨེ་བ་དགུགཅིག་དཀར། གཉིས་ནག གསུམ་མཐིང༌། བཞི་ལྗང༌། ལྔ་སེར། དྲུག་དཀར། བདུན་དམར། བརྒྱད་དཀར།  དགུ་སྨུག
སྲིད་པ་ཆགས་པའི་ལྷ་དགུའོ་དེ་གུང་རྒྱལ་ལ་བུ་བརྒྱད་བྱུང་ སྟེ། ཡར་ལྷ་ཤམ་པོ། གཉན་ཆེན་ཐང་ལྷ། རྨ་ཆེན་སྦོམ་ར། སྒྱོགས་ཆེན་ལྡོད་ར།  སྒམ་པོ་ལྷ་རྗེ། ཞོགས་ལྷ་རྒྱུག་པོ། ཇོ་བོ་གཡུལ་རྒྱལ། ཤེའུ་ཁ་རག་རྣམས་སོ།།  
ཕྱོགས་སྐྱོང་བཅུ།ཤར་དུ་བརྒྱ་བྱིན། ལྷོར་གཤིན་རྗེ། ནུབ་ཏུ་ཆུ་ལྷ།བྱང་དུ་གནོད་སྦྱིན། ཤར་ལྷོར་མེ་ལྷ༌། ལྷོ་ནུབ་ཏུ་སྲིན་པོ། ནུབ་བྱང་དུ་རླུང་ལྷ། བྱང་ཤར་དུ་དབང་ལྡན། སྟེང་དུ་ཉི་མ། འོག་ཏུ་སའི་ལྷ་མོའོ།།
མངའ་རིས་སྐོར་གསུམ།མངའ་རིས་ས་གནས་ལ་ཁུལ་གསུམ་དུ་ཕྱེ་ནས་ སྤུ་ཧྲེངས།མང་ཡུལ། ཟངས་དཀར་གསུམ་སྐོར་གཅིག་དང་།ལི། བྲུ་ཤ། སྦལ་ཏི་གསུམ་སྐོར་གཅིག་དང་།ཞང་ཞུང་།ཁྲི་སྡེ་སྟོད། ཁྲི་སྡེ་སྨད་གསུམ་སྐོར་གཅིག་བཅས་ཡིན།
བར་དབུས་ཁམས་རུ་བཞི།གཡས་རུ། རུ་ལག  དབུ་རུ།གཡོན་རུ། མིང་གཞན་ལ། གཡས་རུ། གཡོན་རུ། སྦུས་རུ། གུང་རུ་ཞེས་པ་འབྲི་མཁན་འདུག
མདོ་ཁམས་སྒང་དྲུགཟལ་མོ་སྒང་། ཚ་བ་སྒང་། སྨར་ཁམས་སྒང་། སྤོ་འབོར་སྒང་། དམར་རྫ་སྒང་། མི་ཉག་སྒང་།
ཀུན་འགྲོ་ལྔ།ཚོར་བ་དང་འདུ་ཤེས། སེམས་པ། རེག་པ། ཡིད་བྱེད་ལྔ་སྟེ། སེམས་ཀུན་གྱི་འཁོར་དུ་འགྲོ་བའམ་འབྱུང་བའི་ཕྱིར་རོ།།
བཀའ་ཐང་སྡེ་ལྔ།སློབ་དཔོན་པད་མས་གསུངས་བའི་རྒྱལ་བོ་བཀའ་ཐང༌། བཙུན་མོ་བཀའ་ཐང༌། བློན་པོ་བཀའ་ཐང༌།  ལོ་པཎ་བཀའ་ཐང༌།  ལྷ་འདྲེ་བཀའ་ཐང་སྟེ་ལྔའོ།།
བཀའ་པོད་ལྔ། ཚད་མ་རྣམ་འགྲེལ་དང་དབུ་མ་དང༌། ཕར་ཕྱིན་དང་མངོན་པ་མཛོད་དང༌། འདུལ་བ་དང་ལྔོ།།
དགའ་རབ་དབང་ཕྱུག་གི་མེ་ཏོག་གི་མདའ་ལྔ།དྲེགས་པར་བྱེད་པ་དང༌། རྨོངས་བར་བྱེད་པ། ཀུན་ཏུ་རྨོངས་བར་བྱེད་པ། བརྒྱལ་བར་བྱེད་པ། སེམས་མེད་པར་བྱེད་པའི་མེ་ཏོག་གི་མདའ་རྣམས་སོ།།
རྒྱལ་བོ་སྲོང་བཙན་སྒམ་པོའི་རླབས་ཆེན་མཛད་རྗེས་གཙོ་ཆེ་བ་ཁག་ལྔ།དང་པོ། དེང་སྐབས་ང་ཚོས་བེད་སྤྱོད་བྱེད་མུས་ཀྱི་བོད་ཡིག་འདི་ཐོག་མར་གསར་གཏོད་བྱེད་ དུ་བཅུག་པ། གཉིས་པ། རུས་རྒྱུད་འཚོ་བ་ཁག་གཅིག་གྱུར་བྱས་ཏེ་མི་རིགས་ཀྱི་རྣམ་པར་ལྡན་པའི་ཁྲིམས་ ལུགས་ཐོག་མར་བཙུགས་པ། གསུམ་པ། དམག་དོན་དང་སྲིད་འཛིན་ཟུང་འབྲེལ་གྱི་གཅིག་གྱུར་ལམ་ལུགས་ཅུང་ཟད་ཆ་ཚང་ཙམ་ཞིག་ བཙུགས་པ། བཞི་བ། མི་རིགས་རང་ཉིད་ཀྱི་སྔར་ཡོད་རིག་གཞུང་གོང་འཕེལ་གཏོང་བའི་རྨང་གཞིའི་ཐོག་མི་ རིགས་གཞན་དག་གི་རིག་གནས་དང་ལག་རྩལ་སློབ་སྦྱོང་མཛད་པ། ལྔ་བ། རྒྱ་བོད་མི་རིགས་བར་དང༌། བལ་བོད་མི་རིགས་གཉིས་བར་གྱི་མཐུན་སྒྲིལ་ལ་ཤུགས་སྣོན་གནང་བ་བཅས་ཡིན།  
བཙན་ལྔ།  སྔར་བོད་རྒྱལ་ཉེར་བཞི་པ་ཏོ་རེ་ལོང་བཙན་དང༌། ཉེར་ལྔ་པ་ཁྲི་བཙན་ནམ། ཉེར་དྲུག་པ་ཁྲི་སྒྲ་དཔུང་བཙན།ཉེར་བདུན་པ་ཐོག་རྗེ་ཐོག་བཙན། ཉེར་བརྒྱད་པ་ཐོ་ཐོ་རི་གཉན་བཙན་ཏེ་རྒྱལ་རབས་ལྔ་བོའོ།།
འཛམ་གླིང་གི་གནས་མཆོག་ལྔ།འཛམ་བུའི་གླིང་འདིའི་དབུས་ན་ ཐུབ་པའི་བཞུགས་གནས་རྡོ་རྗེ་གདན། ཤར་ན་འཇམ་དབྱངས་ཀྱི་བཞུགས་གནས་རི་བོ་རྩེ་ལྔ། ལྷོ་ན་སྤྱན་རས་གཟིགས་ཀྱི་བཞུགས་གནས་རི་བོ་པོ་ཏ་ལ།ནུབ་ན་མཁའ་འགྲོའི་བཞུགས་ གནས་ཨུ་རྒྱན། བྱང་ན་རིགས་ལྡན་གྱི་བཞུགས་གནས་ཤམ་བྷ་ལའོ།།
རུ་ཆེན་ལྔ།སྲོང་བཙན་སྒམ་པོས་བོད་ཡུལ་གཙང་ལ་གཡས་རུ་དང་རུ་ལག དབུས་ལ་དབུ་རུ་དང་གཡོ་རུ། དེ་མིན་རྣམས་ཡན་ལག་གསུམ་པའི་རུ་སྟེ་རུ་ཆེན་ཁག་ལྔར་ཕྱེ་བ་དེ་དག་གི་སྤྱི་མིང་ ཡིན་ཞིང༌། སྔ་མ་གཉིས་ལ་བར་དབུས་གཙང་རུ་བཞིའང་ཟེར།  
ཤིན་ཏུ་སྐྱིད་པའི་གདུང་རབས་ལྔ།རྒྱལ་བོ་ཁྲི་ལྡེ་གཙུག་བརྟན་ནས་ཁྲི་གཙུག་ལྡེ་བཙན་བར་གྱི་གདུང་རབས་ལྔ་སྟེ་ ཁྲི་ལྡེ་གཙུག་བརྟན་དང༌། ཁྲི་སྲོང་ལྡེ་བཙན། མུ་ནེ་བཙན་པོ། ཁྲི་ལྡེ་སྲོང་བཙན། ཁྲི་གཙུག་ལྡེ་བཙན་ནོ།།
ས་སྐྱ་གོང་མ་ལྔ།  ས་སྐྱ་འཁོན་རིགས་ཀྱི་བླ་མའི་ནང་ནས་སྙན་གྲགས་ཆེ་བ་རྣམ་པ་ལྔ་སྟེ། ས་ཆེན་ཀུན་དགའ་སྙིང་བོ། སློབ་དཔོན་བསོད་ནམས་རྩེ་མོ། རྗེ་བཙུན་གྲགས་པ་རྒྱལ་ཚན། ས་པཎ་ཀུན་དགའ་རྒྱལ་མཚན། འགྲོ་མགོན་ཆོས་རྒྱལ་འཕགས་པ་བློ་གྲོས་རྒྱལ་མཚན་བཅས་ལྔ།
ཁྲི་དྲུག་མགྱོགས།སེང་གེ་དང་གླང་ཆེན། རྟ་མཆོག་དང་རྨ་བྱ། ཤང་ཤང༌། གྱད་ཀྱི་མི་རྣམས་སོ།།
གླུ་དབྱངས་ཀྱི་ངེས་པ་དྲུགསྐད་མཐོ་བ་ནས་དམའ་བར་འགྱུར་བའི་འགྱུར་བ་དང༌། སྐད་གདངས་མཐོ་དམའི་བར་གྱི་ཁུག་པ། སྐད་གདངས་མཐོ་བར་འདེགས་པ་དང༌། སྐད་གདངས་དམའ་བར་འཇོག་པ། སྐད་གདངས་བརྗིད་ཅིང་སྦོམ་པ་དང༌། སྐད་གདངས་གྲིམས་ཤིང་ཕྲ་བ་སྟེ་དྲུག
འགྲོ་བ་རིགས་དྲུགལྷ་དང་མི། ལྷ་མ་ཡིན་གསུམ་ནི་བདེ་འགྲོ། དམྱལ་བ་དང་དྭགས། དུད་འགྲོ་གསུམ་ནི་ངན་འགྲོ་དང་བཅས་ཏེ་དྲུག  
ཕ་རོལ་ཏུ་ཕྱིན་པ་དྲུགསྦྱིན་པ་དང་ཚུལ་ཁྲིམས། བཟོད་པ། བརྩོན་འགྲུས། བསམ་གཏན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ་དྲུག  
འཕྱིང་བ་རྩེ་དྲུགསྔར་བོད་རྒྱལ་ལེགས་དྲུག་སྐབས་འཕྱོང་རྒྱས་སུ་བཏབ་པའི་ཕོ་བྲང་དྲུག་སྟེ། སྟག་རྩེ་དང་རྒོད་རྩེ། ཡང་རྩེ་དང་ཁྲི་རྩེ། རྩེ་མོ་ཁྱུང་རྒྱལ། ཁྲི་བརྩེགས་འབུམ་གདུགས་བཅས་སོ།།
བོད་གྱི་ཁོད་དྲུགསྔར་བོད་ཡུལ་རུ་ཆེན་སྟར་འབྱེད་པ་དང༌། ཡུལ་གྱི་དབང་རིས་རྣམ་པ་བཅོ་བརྒྱད་དུ་གཅོད་པ། རྒོད་ཀྱི་སྟོང་སྡེ་དྲུག་ཅུ་རེ་གཅིག་ཏུ་འབྱེད་པ། གཡུང་གི་མི་སྡེ་ཁེང་དང་ཡང་ཁེང་དུ་འབྱེད་པ། ཞང་གསུམ་བློན་བཅས་ཀྱིས་དབུས་ཀྱི་འདུས་ས་འཛིན་པ། དཔལ་སྡེ་གསུམ་གྱིས་མཐའི་སོ་ཁ་སྲུང་བ་སྟེ་སྲོང་བཙན་སྒམ་པོའི་སྐབས་བོད་དུ་ལག་ ལེན་བསྟར་བའི་བྱ་བཞག་གི་རིགས་ཤིག 
དབུ་མ་རིགས་ཚོགས་དྲུགརྩ་བ་ཤེས་རབ། རྩོད་བཟློག སྟོང་ཉིད་བདུན་ཅུ། རིགས་པ་དྲུག་ཅུ། ཞིབ་མོ་རྣམ་འཐག རིན་ཆེན་ཕྲེང་བ་བཅས་སོ།།
དབུས་ཀྱི་གདན་ས་ཆེན་པོ་དྲུགགསང་ཕུ། བདེ་བ་ཅན་རྭ་བ་སྟོད། ཚལ་གུང་ཐང༌། དགའ་གདོང༌། སྐྱོར་མོ་ལུང༌། ཟུལ་ཕུ་བཅས་ལ་ཡོངས་གྲགས་སུ་གསང་བདེ་གུང་གསུམ་དགའ་སྐྱོར་ཟུལ་གསུམ་ཟེར།
མི་བུ་རིགས་དྲུགསེ།  རྨུ།  ལྡོང༌། སྟོང༌། དབྲ། འབྲུ་སྟེ་བོད་ཀྱི་ཐོག་མའི་རིགས་དྲུག
རྒྱང་གྲགས་གཅིགསྔར་རྒྱ་གར་གྱི་རིང་ཚད་ཅིགའདོམ་པ་ལྔ་བརྒྱ་ཐམ་པའམ་གཞུ་ལྔ་བརྒྱ་ཐམ་པ་ལ་རྒྱང་གྲགས་གཅིག 
དཔག་ཚད་གཅིགགཟུགས་ཀྱི་མཐའ་སྟེ། རྒྱང་གྲགས་བརྒྱད་ལ་དཔག་ཚད་གཅིག  
ཇོ་ཤཱག་རྣམ་གཉིས།གཙུག་ལག་ཁང་དང་ར་མོ་ཆེའི་ཇོ་བོ་ཤཱཀྱ་མུ་ནེ་དང་ཇོ་བོ་མི་བསྐྱོད་རྡོ་རྗེའི་སྐུ་རྣམ་པ་གཉིས།
སྟོད་ཀྱི་སྟེང་གཉིས།སྔར་བོད་རྒྱལ་གྲི་གུམ་བཙན་པོ་དང༌། པུ་དེ་གུང་རྒྱལ་གཉིས། 
འཛམ་གླིང་རྒྱན་དྲུག་མཆོག་གཉིས།ཀླུ་སྒྲུབ་དང༌། ཐོགས་མེད། འཕགས་པ་ལྷ། དབྱིག་གཉེན། ཕྱོགས་གླང༌། ཆོས་གྲགས་ཏེ་རྒྱན་དྲུག་དང༌། ཡོན་ཏན་འོད་དང་ཤཱཀྱ་འོད་དེ་མཆོག་གཉིས། ཡང་ན་ཀླུ་སྒྲུབ་དང་ཐོགས་མེད་གཉིས་ཏེ་མཆོག་གཉིས་སོ།།
སྐ་ཅོག་ཞང་གསུམ།ལོ་ཙཱ་བ་གཞོན་གསུམ་སྟེ།བོད་རྒྱལ་ཁྲི་སྲོང་སྐབས་ཀྱི་ལོ་ཙཱ་བ་སྐ་བ་དཔལ་ བརྩེགས་དང༌། ཅོག་རོ་ཀླུའི་རྒྱལ་མཚན། ཞང་སྣ་ནམ་རྡོ་རྗེ་བདུད་འཇོམས་གསུམ་གྱི་བསྡུས་མིང༌།
ཆོལ་ཁ་གསུམ།དབུས་གཙང་ཆོས་ཀྱི་ཆོལ་ཁ་དང༌། མདོ་སྟོད་མིའི་ཆོལ་ཁ་དང༌། མདོ་སྨད་རྟའི་ཆོལ་ཁ་སྟེ་གསུམ།  
རྗེ་ཡབ་སྲས་གསུམ།རྗེ་ཙོང་ཁ་པ་དང༌། རྒྱལ་ཚབ་དར་མ་རིན་ཆེན། མཁས་གྲུབ་དགེ་ལེགས་དཔལ་བཟང་སྟེ་གསུམ།  
རང་རྒྱུད་ཤར་གསུམ་མཁན་པོ།སློབ་དཔོན་ཞི་བ་འཚོ། སློབ་དཔོན་ཡེ་ཤེས་སྙིང་བོ། སློབ་དཔོན་ཀ་མ་ལ་ཤི་ལ།  
རཱ་མ་ཎའི་མདའ་དམ་བཅའ་གསུམ་ལྡན།འཕངས་ན་ཕོག་པའི་ཁྱབ་པ། ཕོག་ན་འཆི་བའི་ཁྱབ་པ། ཤི་ན་མཐོ་རིས་སུ་འགྲོ་བས་ཁྱབ་པ་དང་གསུམ།  
ལམ་གྱི་གཙོ་བོ་རྣམ་གསུམ།ངེས་འབྱུང་གི་བསམ་པ་དང༌། བྱང་ཆུབ་ཀྱི་སེམས། ཡང་དག་པའི་ལྟ་བ་སྟེ་གསུམ། 
བསླབ་པ་གསུམ།ལྷག་པ་ཚུལ་ཁྲིམས་གྱི་བསླབ་པ་འདུལ་བ་དང༌། ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ་མདོ་སྡེ། ལྷག་པར་ཤེས་རབ་ཀྱི་བསླབ་པ་མངོན་པ་སྟེ་གསུམ།  
རྒྱལ་ཆེན་བཞི།དཔལ་མགོན་བདུན་ཅུ་རྩ་ལྔའི་རྒྱལ་བོ་ཆེན་པོ་བཞི་སྟེ།ཤར་དུ་ཡུལ་འཁོར་སྲུང༌། ལྷོར་འཕགས་སྐྱེས་པོ། ནུབ་ན་སྤྱན་མི་བཟང༌། བྱང་དུ་རྣམ་ཐོས་སྲས་སོ།།
ཆུ་བཞི་སྒང་དྲུགམདོ་སྟོད་ཀྱི་ཆུ་བཞི་ནི་འབྲི་ཆུ། རྨ་ཆུ། རྒྱལ་མོ་རྔུལ་ཆུ། རྫ་ཆུ་སྟེ་ཆུ་བཞི་དང༌། སྒང་དྲུག་ནི་ཟལ་མོ་སྒང༌། ཚ་བ་སྒང༌། སྨར་ཁམས་སྒང༌། སྦོ་འབོར་སྒང༌། དམར་རྫ་སྒང༌། མི་ཉག་རབ་སྒང་སྟེ་སྒང་དྲུག
རྗེ་རིན་པོ་ཆེའི་མཛད་ཆེན་བཞི།དགའ་ལྡན་གྱི་དཀྱིལ་འཁོར་སྒྲུབ་མཆོད། རྫིང་ཕྱིའི་བྱམས་པ་ཞིག་གསོས། ལྷ་སར་ཆོ་འཕྲུལ་སྨོན་ལམ། གཉལ་གྱི་ལུང་རྭ་ཆེན་མོ་རྣམས་སོ། ། 
རྟགས་འཇུག་གི་འཇུག་པ་བཞི།སྔོན་འཇུག་རྗེས་འཇུག་རྣམས་ཀྱི་འཇུག་ཚུལ་ཏེ་གང་ལ་འཇུག་པ་དང༌། གང་གིས་འཇུག་པ། ཇི་ལྟར་འཇུག་པ། ཅི་ཕྱིར་འཇུག་པ་བཞིའོ།།
ལྟ་བ་བཀར་བཏགས་ཀྱི་ཕྱག་བརྒྱ་བཞི།འདུས་བྱས་ཐམས་ཅད་མི་རྟག་པ། ཟག་བཅས་ཐམས་ཅད་སྡུག་བསྔལ་བ། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ། མྱ་ངན་ལས་འདས་བ་ཞི་བ་སྟེ་བཞིའོ།།
བདེན་པ་བཞིའི་ཆོས་འཁོར།སྡུག་བསྔལ་བདེན་པ། ཀུན་འབྱུང་བདེན་པ། འགོག་པའི་བདེན་པ། ལམ་གྱི་བདེན་པ་སྟེ་སངས་རྒྱས་ཀྱིས་ཐོག་མར་བསྐོར་བའི་ཆོས་འཁོར་བཞི།
བསྡུ་དངོས་བཞི།མཁོ་བ་སྦྱིན་པ། སྙན་པར་སྨྲ་བ། དོན་མཐུན་པ། དོན་སྤྱོད་པ་སྟེ་བཞི།
ནང་བའི་གྲུབ་མཐའ་བཞི།དབུ་མ་བ་དང་སེམས་ཙམ་པ་ནི་ཐེག་ཆེན་གྲུབ་མཐའ་གཉིས། མདོ་སྡེ་བ་དང་བྱེ་བྲག་སྨྲ་བ་ནི་ཐེག་དམན་གྲུབ་མཐའ་གཉིས།
དཔུང་ཚོགས་ཡན་ལག་བཞི།སྔར་རྒྱ་གར་གྱི་དམག་རིགས་བཞི་སྟེ་གླང་བོ་ཆེའི་ཚོགས་དང༌། རྟའི་ཚོགས། ཤིང་རྟའི་ཚོགས། དཔུང་བུ་ཆུང་གི་ཚོགས་སྟེ་བཞི།
ཕུན་ཚོགས་སྡེ་བཞི།ཆོས། ནོར། འདོད་པ། ཐར་བ་སྟེ་བཞིའོ།།

རྩོམ་སྒྲིག་པ།  གྲོང་སེང་འབྲུག  སྤེལ་དུས། 2014/10/5 བལྟ་ཀློག (10851)