བོད་རིགས་ཀྱི་གཏམ་དཔེ། ༼ ཐ། ༽

ཐག་མ་བཅད་ན་མི་འཆད།

འབྲུ་མ་བཏབ་ན་མི་སྐྱེ།


ཐག་རིང་གི་གཉེན་ལས་གྲོང་གི་ཁྱིམ་མཚེས་དགའ།


ཐག་རིང་ཐུང་གཉིས་ཀ་བྲོ་བཟུང་།

དགྲ་ཡོད་མེད་གཉིས་ཀ་མཚོན་ཐོགས།


ཐག་རིང་སར་འགྲོ་དགོས་ན།

ཉེ་ས་ནས་འགོ་ཚུགས།


ཐལ་བ་གནམ་ལ་གཏོར་ན། 

ཕྱེད་མི་དང་ཕྱེད་རང་།


ཐིག་པ་བསགས་པའི་རྒྱ་མཚོ།


ཐོག་ཁ་རྒྱ་ཆེ་ཡང་།

འགྲོ་ས་ཨོའོ་ཕུག་རེད།


ཐོག་ཁ་རྒྱ་ཆེ་ཡང་།

འགྲོ་ས་སྐས་འཛེགས་རེད།


མཐོ་ནམ་མཁའ་ཡངས་ཏེ་བྱ་ལམ་དོག

དམའ་ས་གཞི་ཡངས་ཏེ་ཁྲིམས་ར་དོག


མཐོ་རུང་ཉི་ཟླ་གཟས་འཛིན་འཛིན།

དམའ་རུང་དུང་ཆུ་ཐག་པས་འཐེན་འཐེན།

                                       སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།   སྡུད་སྒྲིག་མཁན།  སྐལ་བཟང་དོན་འགྲུབ།



རྩོམ་སྒྲིག་པ།  གསང་བདག  སྤེལ་དུས། 2014/10/27 བལྟ་ཀློག (22783)