བོད་རིགས་ཀྱི་གཏམ་དཔེ། ༼ ད། ༽

ད་ལོ་ལྷ་ཁང་རྙིང་པ་ལ།

རྟེན་ཆས་གསར་པ་རྒྱག་རྒྱུ་མེད།


དུང་དཀར་པོ་བདར་ན་ཇེ་དཀར་རེད།

སོལ་ནག་པོ་བདར་ན་ཇེ་ནག་རེད།


དོན་ཆེན་འགྲུབ་པར་ངང་རིང་བྱེད་དགོས།


དོམ་རྩར་སླེབས་དུས་མེ་མདའ་འབྱར།


དྲག་ན་ནི་གཞུ་ཆག

ཞན་ན་ནི་མདའ་མི་འཕུལ


དྲང་ན་ཀ་བ་མདའ་ཡིས་ཆོག


དྲན་རྒྱུ་གཡོ་ན་སྡུག་རྒྱུ་མང་།


དྲང་པོ་བཤད་ན་མི་མི་དགའ།

རྒྱུག་པ་ཁྱེར་ན་ཁྱི་མི་དགའ


དྲི་ཞིམ་ལྡན་པའི་མཚན་སྙན་ཇི་སྲིད་བར།

དྲིན་ངན་ལྟ་་བུའི་བཙོག་གཏམ་ལོ་ཁྲི་ཕྲག


དྲིལ་བུ་གཅིག་གིས་སྐད་གཉིས།

ཁ་གཅིག་གི་ལྕེ་ལེབ་གཉིས།


བདེན་པ་མར་ཡིན་ཡང་མི་ཞུར།

རྫུན་མ་ལྕགས་ཡིན་ཡང་མཐིལ་རྟོལ།


བདེན་པར་སྨྲ་ན་རྣ་བར་མི་སྙན་དོན་ལ་ཕན།

སྨན་ལེགས་བཟོས་ན་ཁ་ཏིག་ཡོད་ཀྱང་ནད་ལ་ཕན།


བདེན་པས་ལམ་ཕིགས་པ།

ངན་པ་བྱུང་རྒྱལ་དུ་མི་ཤོར་བ།


བདེན་རྫུན་གྱི་བརྟག་དཔྱད་མ་བྱས་ན།

ཕོ་གསར་གྱི་ངར་དེ་ཁྱི་ངར་ཡིན།


བདེན་ལུང་བ་གཉིས་དེ་ཕུ་ཐག་རིང་།

རྫུན་ཨ་བྲ་གཉིས་དེ་མཇུག་མ་ཐུང་།


མདའ་རྒྱག་ན་བྱང་ཐང་འབྲོང་ལ་རྒྱག

ཤ་པགས་པ་གཉིས་ལ་བལྟ་རྒྱུ་ཡོད།


མདའ་གཅིག་གིས་ཤྭ་བ་གཉིས་བསད།


མདའ་དྲང་ན་བྱང་ཐང་གི་འབྲོང་ཡང་བསད།

གཏམ་དྲང་ན་དགྲ་བོའི་མཚང་ཡང་ལེན།


མདའ་འབེན་སར་འཁྱོལ་བ།


མདུན་ན་སྟག་འཇིགས་དགོས།

རྒྱབ་ན་འབྲུག་འཇིགས་དགོས།


མདུན་ནས་བརྟེན་པའི་འཁར་བ་མཛོད།

རྒྱབ་ནས་དྲོ་བའི་སློག་པ་མཛོད།


འདབ་ཆགས་མཁའ་ལ་འཕུར་ཀྱང་།

གྲིབ་མ་ས་ལ་ཕོག


དུག་སྦྲུལ་འདྲ་བའི་ལྕེ་གཉིས་མ།

ཌ་རུ་འདྲ་བའི་ངོ་གཉིས་མ།


རྡོ་ཆུང་ཆུང་ལྷགས་པས་འཁྱེར་དོགས་མེད།

རི་ཆུང་ཆུང་པང་ཁས་ཐེག་དོགས་མེད།


རྡོ་བརྡུང་བར་ལ་ལག་མགོ་བརྡབས།

ཁ་འཐབ་བར་ལ་ལྕེ་ཆུང་བརྡབས།

ལུག་ཐུག་བར་ལ་རྭ་ཅོ་བརྡབས།


རྡོ་ཕར་བརྒྱབ་ན་སྐད་ཚུར་ལན།


རྡོ་མར་ལ་གཞུས་ན་མར་ཕམ།

མར་རྡོ་ལ་གཞུས་ནའང་མར་ཕམ།


སྡིག་པ་བླ་མས་བསགས་ན་སུས་འདྲེན།

གྱོད་དཔོན་གྱིགས་གཏུག་ན་སུས་འདུམ།


སྡུག་བསྔལ་མ་མྱོང་ན་སྐྱིད་མི་ཚོར།


སྡེ་དཀྲུགས་པའི་ཁྲམ་པ་དང་།

ས་དཀྲུགས་པའི་ཨ་བྲ།


སྡོད་རི་བོང་ལས་ཙོག་པ་དང་།

འགྲོ་ཝ་མོ་ལས་མཁས་པ་དགོས།


སྡོད་རིང་ནད་ན།

བྱེད་རིང་བྱང་དྲག

                སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།   སྡུད་སྒྲིག་མཁན།   སྐལ་བཟང་དོན་འགྲུབ།  

རྩོམ་སྒྲིག་པ།  གསང་བདག  སྤེལ་དུས། 2014/11/5 བལྟ་ཀློག (25406)