བཙན་པོའི་མགར་གྱི་དྲ་བའི་༢༠༡༤ལོའི་ལོ་མཇུག་གྲོས་ཚོགས།

      སྤྱི་ལོ་༢༠༡༤ལོའི་སྤྱི་ཟླ་༡༢པའི་ཚེས་༩ཉིན་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་རྨ་ཆུ་རྫོང་དུ་ངེད་བཙན་པོའི་མགར་གྱི་དྲ་བས་༢༠༡༤ལོའི་ལོ་མཇུག་གྲོས་ཚོགས་བསྡུས་ཤིང་།  ལོ་གཅིག་གི་རིང་ལ་མི་རིགས་སློབ་གསོའི་ལས་དོན་དུ་མགར་གྱི་དྲ་བས་མ་དངུལ་འབོར་ཆེན་བཏང་སྟེ་བོད་ཁུལ་གྱི་སློབ་འབྲིང་སློབ་མའི་རྩོམ་ཡིག་འགྲན་བསྡུར་སོགས་ཅུང་གཞི་རྒྱ་ཆེ་བའི་ལས་གཞི་འགའ་འགྲུབ་པར་བྱས་ཡོད་ལ།   རྒྱ་ཆེའི་རྩོམ་པ་པོ་དང་ཀློག་པ་པོ་ཡོངས་ཀྱི་གྲོགས་དན་བཟང་བོའི་འོག་ངེད་བཙན་པོའི་མགར་གྱི་དྲ་བའི་ཀློག་གྲངས་ས་ཡ་གཉིས་ལྷག་བྱུང་བ་དེ་དང་།  བོད་ཁུལ་གྱི་དགོན་སྡེ་དང་ལས་རིགས་འགའ་ལ་དྲྭ་ཚིགས་གསར་བ་བཟོ་རོགས་སོགས་རང་གི་ནུས་པས་བོད་ཀྱི་སྐད་ཡིག་ཆ་འཕྲིན་ཅན་དུ་གཏོང་བར་སྲི་ཞུ་ཅུང་ཙམ་བསྒྲུབས་པའི་སྐོར་དང་།  ད་དུང་བཙན་པོའི་མགར་གྱི་དྲ་བའི་མ་ལག་གསར་བསྒྱུར་དང་ཡང་ན་ཁ་པར་གྱི་རིགས་དང་རྩིས་འཕྲུལ་ཡོངས་ཀྱི་མ་ལག་ནང་བོད་ཡིག་མཉེན་ཆས་མེད་ཀྱང།  བོད་ཡིག་ཤར་རྒྱག་འཆར་བར་མ་ཟད།  མྱུར་མོར་འཆར་ཐུབ་པའི་མཉེན་ཆས་མ་ལག་ཆ་ཚང་དུ་གཏོང་བའི་སྒྲིག་འཛུགས་སོགས་ལ་གྲོས་གཞི་མང་བོ་བཏོན་ཡོད། 

དྲྭ་ཚིགས་རྩོམ་སྒྲིག་པ་གངས་སམ་ཆར་བས་བཙན་མགར་དྲ་བའི་ཁ་གཏད་ཡུལ་དང་ཁ་ཕྱོགས་སོགས་ལ་བསམ་ཚུལ་ལྷུག་བརྗོད་གནང་།

དྲྭ་ཚིགས་སྤྱི་གཉེར་བ་ཁཱ་ཤེས་རབ་རྒྱ་མཚོས་ཚོགས་ཞུགས་མི་སྣས་བསམ་ཚུལ་བཏོན་པར་གཟབ་ནན་གྱིས་ཉན་བཞིན་པ།

གདན་ཞུ་སྐུ་མགྲོན་རྨ་ཆུ་རྫོང་བོད་རིགས་སློབ་འབྲིང་གི་དགེ་རྒན་མཆོག་གསུམ་གྱིས་དྲྭ་ཚིགས་དང་འབྲེལ་བའི་སྐོར་ལ་བསམ་ཚུལ་ལྷུག་བརྗོད་གནང་།

དྲྭ་ཚིགས་སྤྱི་གཉེར་བ་མགར་ཨ་སངས་ཀྱིས་སྐུ་མགྲོན་རྣམ་པས་ངེད་དྲ་བར་བཏོན་པའི་བསམ་འཆར་ལ་གཟབ་ནན་བྱས་ནས་ཉན་པ།

རྨ་ཆུ་རྫོང་བོད་རིགས་སློབ་འབྲིང་གི་སློབ་གཙོ་དགེ་རྒན་གདུགས་དཀར་གྱིས་དྲ་བའི་གནས་བབ་དང་འགན་ཁུར་སོགས་ལས་འཕྲོས་ཏེ་བསམ་ཚུལ་ལྷུག་བརྗོད་གནང་བ།

རྨ་ཆུ་རྫོང་གསར་སྐྱེས་སྙན་ངག་པ་དཔལ་འབྱོར་གྱིས་རང་གི་བསམ་ཚུལ་ལྷུག་བརྗོད་བྱས་པ།

མགར་སྐོར་གྱི་འཐུས་མི་མགར་རྣམ་རྒྱལ་དབང་ཕྱུག་གིས་དྲྭ་ཚིགས་རང་བཞིན་གྱི་གཏམ་བཤད་གནང་བ།

མདོར་ན་ངེད་བཙན་པོའི་མགར་གྱི་དྲ་བའི་༢༠༡༤ལོའི་ལོ་མཇུག་གྲོས་ཚོགས་ལ་༢༠༡༥ལོའི་དགེ་ལས་སྤྱི་ཕན་གྱི་ལས་གཞི་འགའ་གཏན་འཁེལ་བྱུང་ཡོད།


རྩོམ་སྒྲིག་པ།  ཁྰ་ཤེས་རབ་རྒྱ་མཚོ།  སྤེལ་དུས། 2014/12/10 བལྟ་ཀློག (37042)