ཟི་ལིང་གི་སྐལ་བཟང་མེ་ཏོག་རིག་གནས་སློབ་གསོའི་སློབ​་གྲྭ་འོས་སྦྱོར་བྱས་ཡོད།

སྐལ་བཟང་མེ་ཏོག་རིག་གནས་སློབ་གསོའི་སློབ་གྲྭ།

དང་པོ། སློབ་གྲྭ་བཙུགས་ལོ་དང་ཁ་གཏད་ཡུལ།

      སློབ་གྲྭ་འདི་ནི་2015ལོའི་ཟླ་1པོའི་ཚེས་10ཉིན་བཙུགས།  རྒྱ་བོད་རིགས་ཀྱི་སློབ་ཆེན་སློབ་མ་དང་སྤྱི་ཚོགས་སྟེང་གི་རྒྱ་ཆེའི་མང་ཚོགས་ཀྱི་བོད་སྐད་ཡིག་གི་ཆུ་ཚད་མཐོར་འདེགས་དང་ཆབས་ཅིག་དེ་ལ་དུངས་ཞེན་ཆེ་བའི་མང་ཚོགས་ཀྱི་རེ་འདུན་སྐོང་བ་དང་།  བོད་སྐད་ཡིག་གི་འབྲེལ་འདྲིས་ནུས་པ་མཐོ་རུ་གཏོང་ཆེད་ངེད་སློབ་གྲྭས་བོད་སྐད་ཡིག་གི་རྨང་གཞིའི་སློབ་ཁྲིད་ཆ་ཚང་བཀོལ་སྒྲིག་བྱས་ཡོད་པ་སྟེ།   ཁྲིད་བྱའི་ནང་དོན་གཙོ་བོ་གསལ་བྱེད་སུམ་ཅུ་དང་དེའི་སྦྱོར་ཀློག   རྒྱུན་སྤྱོད་ཀྱི་མིང་ཚིག་དང་ཁ་བརྡའི་སྐོར་ཡོད་པས་རྒྱ་ཆེའི་མང་ཚོགས་རྣམས་སློབ་སྦྱོང་ལ་ཡོང་བ་དང་འདིའི་ཕྱོགས་ལ་བསམ་འཆར་རེ་འདོན་རྒྱུར་དགའ་བསུ་ཞུ།  ང་ཚོས་ཚད་རིམ་མཐོ་བའི་ཆེད་ལས་རང་བཞིན་གྱི་ལས་བྲལ་འཛིན་གྲྭའི་གསོ་སྦྱོང་གི་རྣམ་པ་ལ་བརྩོན་ལེན་བྱེད་ཀྱི་ཡོད།   བོད་སྐད་ཡིག་ལ་དུངས་ཞེན་ཆེ་བ་མང་མོད།   འོན་ཀྱང་སྐོར་ཞིག་རང་ཉིད་ཀྱི་བྱ་བ་དང་ཁྱིམ་ལས་སོགས་ཀྱི་དབང་གིས་ལས་བྲལ་གྱི་སློབ་གཉེར་བྱེད་དཀའ་བར་བཤད།   ཁོ་ཚོའི་རེ་འདུན་སྐོང་ཆེད་ངེད་སྐལ་བཟང་མེ་ཏོག་སློབ་གྲྭས་འདིའི་ཕྱོགས་ལ་ཤུགས་སྣོན་དང་རྒྱ་ཆེའི་སློབ་གཉེར་བ་རྣམས་ཀྱི་མིང་ཐོ་འགོད་པར་དགའ་བསུ་ཞུ།

གཉིས་པ། སློབ་ཁྲིད་བཀོལ་སྒྲིག་གི་ནང་དོན།

དུས་སྐབས་དང་པོའི་གཟའ་མཇུག་གི་འཛིན་གྲྭར་གཙོ་བོ་བོད་ཡིག་གི་རྨང་གཞིའི་ཤེས་བྱ་ཁྲིད་རྒྱུ་ཡིན་པ་དང་།

དེར་༡བོད་ཡིག་གི་སྦྱོར་ཀློག

༢རྒྱུན་སྤྱོད་ཀྱི་ཁ་བརྡའི་སྐོར།

༣ཆོས་དཔེ་འདོན་ཀློག

ད་དུང་བོད་ཡིག་གི་བརྡ་སྤྲོད་འཐུས་ཚང་།  ཆོས་གཞུང་གི་བལྟ་ཀློག་ཡིག་སྒྱུར་སོགས་ཀྱི་ཕྱོགས་ལ་རྒྱུས་ལོན་གཏིང་ཟབ་བྱེད་འདོད་མཁན་ཡོད་ཚེ།  བོད་སྐད་ཡིག་ལ་སློབ་སྦྱོང་བཟང་པོ་བྱས་རྗེས་སྒྱུར་པ་པོའི་སྡེ་ལ་ཞུགས་ཏེ་དེའི་ཕྱོགས་ལ་རྒྱུས་ལོན་བྱས་ཆོག

གསུམ་པ། སློབ་ཁྲིད་བཀོལ་སྒྲིག་གི་དུས་ཚོད།

སྔ་མོའི་ཆུ་ཚོད་9:00-11:30

ཕྱི་དྲོའི་ཆུ་ཚོད14:30-17:30

དགོང་མོའི་ཆུ་ཚོད19:00-20:30ལྟར་དུས་ཡུན་རིང་བའི་སློབ་བསྡུ་བྱེད་རྒྱུ་ཡིན།

བཞི་པ། སློབ་ཁྲིད་གནང་མཁན་གྱི་དགེ་རྒན།

སྐལ་བཟང་མེ་ཏོག་སློབ་གྲྭར་སྔར་གནས་དགེ་རྒན་བཞི་ཡོད་པ་དང་།   དེའི་ནང་བོད་རིགས་དགེ་རྒན་གསུམ་ལས་གཅིག་ནི་དབྱིན་ཡིག་དགེ་རྒན་ཡིན་པར་མ་ཟད་སྐད་བརྡ་རིག་པ།  ཚད་མ་རིག་པ།  ཆོས་ལུགས་རིག་པ་སོགས་ཀྱི་འབྲེལ་ཡོད་ཆེད་ལས་ཀྱི་རམ་འབྱམས་ཞིབ་འཇུག་སློབ་མའི་ཡོན་ཚད་ལྡན་ལ་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད།

ལྔ་པ།མིང་ཐོ་འགོད་པའི་ཆ་རྐྱེན།

༡ ཡོན་ཚད་དང་ལོ་ཚད་ལ་ཚད་བཀག་མེད་པ་དང་སེར་སྐྱ་ཕོ་མོ་སུ་ཡིན་ཡང་ཆོག 

འབྲེལ་གཏུག་ཁ་པར་ཨང་གྲངས།13209789949

སྐད་འཕྲིན་ཨང་གྲངས།13209789949

འབྲེལ་གཏུག་བྱེད་ས།   ཀུན་འཕེལ་ནོར་བུ།

མིང་ཐོ་འགོད་སའི་ས་གནས།  མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ལྷོ་རིའི་ལམ་གྱི་ལོང་ཡོན་ཏའེ་ཚོ་སྡོད་ཁུལ་དུ་ཡོད། ཁྱོད་རང་ག་དུས་སླེབས་ཐུབ་ཚེ་དེ་དུས་སློབ་སྦྱོང་ལ་ཞུགས་ཆོག(ཚང་མའི་སློབ་སྦྱོང་ལ་སྟབས་བདེ་བཟོ་ཆེད་བོད་སྐད་ཡིག་གི་སློབ་དེབ་དང་འབྲི་དེབ་ཚང་མ་རིན་མེད་སྒོ་ནས་བཀོལ་ཆོག)


རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ།  སྤེལ་དུས། 2016/1/20 བལྟ་ཀློག (5218)