དཔའ་རིས་རབ་གསལ་གྱི་འཁྲུངས་ཡུལ་དང་མཚམས་ཁང་ངོ་སྤྲོད།

མདོ་སྔགས་གཞུང་བརྒྱའི་བདག་པོ་ཡོངས་འཛིན་རིན་པོ་ཆེ་དཔའ་རིས་རབ་གསལ་གྱི་འཁྲུངས་ཡུལ་དང་མཚམས་ཁང་སོགས་གནས་འདི་ན་ཡོད།

བླ་ཆེན་པོ་དགོངས་པ་རབ་གསལ་གྱི་སྤྲུལ་སྐུར་གྲགས་པ་དཔའ་རིས་རབ་གསལ་ལ་ན་མོ།

སུའུ་ནན་བཀྲ་ཤིས་བཟང་བོ།

མཚམས་ཁང་གི་གནས་ཁྱད་པར་ཅན།

     ད་ལྟའི་ཀན་སུའུ་ཞིང་ཆེན་དཔའ་རིས་བོད་རིགས་རང་སྐྱོང་རྫོང་ངམ་རབ་རྒྱས་དགོན་པ་ནས་ལྷོ་ནུབ་མཚམས་ཀྱི་ཡར་ལུང་གྲོང་བརྡལ་གྱི་ཡར་ལུང་དགོན་པའི་གཡོན་ལུང་ནང་སྤྱི་ལེ་ལྔ་དྲུག་གི་མཚམས་སུ་ཡོད།  བྲག་ཐོ་ནོར་བུ་འདྲ་བ་ཞིག་གི་འོག་ན་དར་ལྕོག་དང་ཁ་དར་གྱིས་བརྒྱན་པའི་མཚམས་ཁང་ཞིག་ཡོད་པ་དཔའ་རིས་རབ་གསལ་ཚང་གི་མཚམས་ཁང་ཡིན་པར་བཤད།    དེའི་འོག་ན་དབྱིབས་རྣམ་རྒྱལ་མཆོད་རྟེན་དང་འདྲ་བ་ཞིག་བཞེངས་ཡོད་པ་དེ་ནི་དཔའ་རིས་རབ་གསལ་ཚང་གི་ལྟེ་ཁྲག་གཏོར་ས་ཡིན་པར་བཤད།  དམངས་ཁྲོད་ཀྱི་བཤད་རྒྱུན་ལ་ཁོང་འཁྲུངས་སྐབས་མའི་མངལ་ལས་གྲོད་པུ་འདྲ་བའི་ཤ་རིལ་ཞིག་བཙས་པས་ཨ་མ་འཇིགས་སྐྲག་དང་རྣམ་རྟོག་སྐྱེས་ནས་ད་ལྟའི་མཚམས་ཁང་ཡོད་སའི་ས་དེར་འཕངས།  ཕ་རྒན་གྱི་མིག་གིས་མ་བཟོད་པར་ཕྱིར་ཁྱེར་འོང་ནས་ཤ་རིལ་དེ་བཤས་ནས་བལྟས་པའི་ནང་ན་བུ་ཆུང་ཞིག་ཡོད་པར་བཤད། རྗེས་སུ་རབ་ཏུ་བྱུང་ནས་མདོ་སྨད་གྱི་ཆོས་སྡེ་ཆེན་མོ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཚོགས་གྲལ་དུ་ཞུགས་ནས་མདོ་སྔགས་ཀྱི་གཞུང་ལུགས་ལ་སྦྱང་བརྩོན་མི་དམན་པ་མཛད་ནས་མཁས་པའི་དབང་བོར་གྱུར། མདོ་དབུས་ཀྱི་ཆོས་གྲྭ་ཆེ་ཁག་དུ་མར་ཕེབས་ནས་གྲྭ་སྐོར་མཛད་པས་མཚན་སྙན་གྲགས་པ་འབར།  གོང་ས་རྒྱལ་བའི་དབང་བོ་བཅུ་གསུམ་པ།  ཐམས་ཅད་མཁྱེན་པ་ཐུབ་བསྟན་རྒྱ་མཚོའི་ཡོངས་འཛིན་དུ་བཞུགས་པ་དང་ཐེ་ཏུང་རྡོ་རྗེ་འཆང་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གནང་བ་སོགས་འཁོར་ལོ་གསུམ་གྱི་བྱ་བ་མཐའ་ཡས་པ་མཛད།

སྐུའི་རྗེས་དྲན་མཆོད་རྟེན།

ལྷ་ཁང་གསར་བཞེངས།

གནས་ཀྱི་བཀོད་པ་མཛེས་པ།


རྩོམ་སྒྲིག་པ།  དོ་དམ་པ།  སྤེལ་དུས། 2016/11/4 བལྟ་ཀློག (6666)