ས་སྐྱ་ལེགས་བཤད། ༼༢༩༽


ས་སྐྱ་ལེགས་བཤད། ༼༢༩༽

མཁས་པ་རྣམས་ཀྱིས་དཔྱད་པ་ཡིས། །

ཤེས་བྱ་ཤེས་ན་མཁས་པར་བགྲང་། །

བ་ལང་རྒན་གཞོན་དཔྱོད་པ་ལ། །

བླུན་པོ་མཁས་ཀྱང་ཡོན་ཏན་མིན། །

           མཁས་པ་རྣམས་ཀྱིས་བརྟག་ཅིང་དཔྱད་ན་ལུང་རིགས་དང་མི་འགལ་ཞིང་། འཕྲལ་ཕུགས་ཀྱི་དགོས་དོན་འགྲུབ་ནུས་ཀྱི་ཡོན་ཏན་དང་ལྡན་ན་མཁས་པའི་གྲྭར་ཚུད་པ་དེ་བསྟན་པ་ཡིན། །

           རྣམ་དཔྱོད་དང་ལྡན་པ་རྣམས་ཀྱིས་ལུང་རིགས་ཀྱིས་བརྟག་ཅིང་དཔྱད་པ་ན། ལུང་རིགས་དང་མི་འགལ་ཞིང་། འཕྲལ་ཕུགས་ཀྱི་དགོས་དོན་འགྲུབ་པའི་ཕྱི་ནང་གི་རིག་གནས་རྣམས་ཤེས་ན་མཁས་པའི་གྲངས་སུ་བགྲང་གི། དགོས་མེད་རྭ་དང་སོ་ལ་བརྟགས་ཏེ་བ་གླང་དང་རྟ་བོང་སོགས་རྒན་གཞོན་དཔྱོད་པ་ལ་བླུན་པོ་མཁས་ཀྱང་མཁས་པའི་ཡོནཏ་ན་གྱི་གྲངས་སུ་བགྲང་བྱ་མིན་པ་བཞིན་ནོ། ཞེས་པའོ། །

           དེ་ཡང་ཡོན་ཏན་ལྟར་སྣང་དང་། ཡོན་ཏན་ཁྱད་པར་ཅན་གྱི་དབྱེ་བ་མ་ནོར་བར་ཕྱེ་སྟེ། ཡོན་ཏན་མཆོག་ལ་བརྩོན་དགོས་པར་བསྟན་པ་ནི། བླ་མ་མ་རཱ་ཧུ་ལ་གུཔྟས་ཀྱང་ཡི་དམ་ལྷའི་ཞལ་མཐོང་བ་དང། མངོན་ཤེས་དང་རྫུ་འཕྲུལ་ཐོབ་པ་སོགས་དང་། ཏིང་ངེ་འཛིན་རི་རྒྱུད་ཙམ་ཡོད་པས་གར་ཡང་མི་ཕྱིན། བྱམས་སྙིང་རྗེ་སྒོམས་ཞེས་གསུངས་པ་ལྟར་ལགས་སོ། །


རྩོམ་སྒྲིག་པ།  མགར་ཚེ་རིང་བཀྲ་ཤིས།  སྤེལ་དུས། 2016/11/9 བལྟ་ཀློག (20371)