༼གྱང་གླུ།༽ངལ་རྩོལ་དུས་ཆེན་ལ་བདེ་མོ་འཇོག་རན།

 གྱང་གླུ།

ཚིག  དམངས་ཁྲོད།

དབྱངས།  དམངས་ཁྲོད།

རོལ་དབྱངས་སྒྲིག་བཟོ་བ།  ཏན་ཏན།

ལེན་མཁན།  གོང་པ་བདེ་ལེགས་ནོར་བུ།




གྱང་གླུ།

ཚིག་དང་དབྱངས།  དམངས་ཁྲོད།

གཞས་པ། བདེ་ལེགས་ནོར་བུ།

ཤོག་ལེ་ཡག་མོ་ཤོག  

ཤོག་ལེ་ཡག

སྟེང་ཕྱོགས་ལྷ་ཡི་ཕོ་བྲང་ནས།།

ལྷ་ཆེན་ཚངས་པ་གྱང་ལ་ཕེབས།།

གྱང་ལ་ཕེབས་ཤིང་གྱང་གླུ་བླངས།།

འོག་ཕྱོགས་ཀླུ་ཡི་ཕོ་བྲང་ནས།།

ཀླུ་རྒྱལ་གཙུག་ན་གྱང་ལ་ཕེབས།།

གྱང་ལ་ཕེབས་ཤིང་གྱང་གླུ་བླངས།།

ཆོལ་ཁ་གསུམ་གྱི་ས་ཆ་ནས།།

རྨ་རྒྱལ་སྦོམ་ར་གྱང་ལ་ཕེབས།།

གྱང་ལ་ཕེབས་ཤིང་གྱང་གླུ་བླངས།།

གྱང་དང་པོ་བརྡུང་ས་ཤར་ནས་བརྡུང་།།

ཤར་རྡོ་རྗེ་སེམས་དཔའི་མདུན་ནས་བརྡུང་།།

གྱང་གཉིས་པ་བརྡུང་ས་ལྷོ་ནས་བརྡུང་།།

ལྷོ་གཡུ་འབྲུག་སྔོན་མོའི་མདུན་ནས་བརྡུང་།།

གྱང་གསུམ་པ་བརྡུང་ས་ནུབ་ནས་བརྡུང་།།

ནུབ་སྣང་བ་མཐའ་ཡས་མདུན་ནས་བརྡུང་།།

གྱང་བཞི་བ་བརྡུང་ས་བྱང་ནས་བརྡུང་།།

བྱང་སྦལ་རྒྱལ་བོའི་མདུན་ནས་བརྡུང་།།

གྱང་གླུ་ལེན་ཞིང་ལེན་ཞིང་ཤོག།

ལན་པོ་རྒྱབ་ཞིང་རྒྱབ་ཞིང་ཤོག།

ཤོག་ལེ་ཡག་མོ་ཤོག

ཤོག་ལེ་ཡག

གྱང་ད་ནང་བརྡུང་ས་དོག་མོ་ས།།

གྱང་དོ་དགུང་འཇོག་ས་ཨ་སྔོན་གནམ།།

ཤོག་ལེ་ཡག་མོ་ཤོག

ཤོག་ལེ་ཡག

གྱང་ལ་མོ་བརྡུང་ཤོག་ཕོ་གསར་ཚོ།།

ས་ལ་མོ་ཁུར་ཤོག་མོ་གསར་ཚོ།།

ཤོག་ལེ་ཡག་མོ་ཤོག

ཤོག་ལེ་ཡག  

དང་པོ་གྱང་པའི་གསུང་སྐད་མཐོ་བ་ལ།།

ལྷོ་གཡུ་འབྲུག་སྔོན་མོའི་སྐད་དང་འདྲ།།

གྱང་བའི་གསུང་སྐད་སྙན་མོ་མ།།

ལྷ་བྱ་ཁུ་བྱུག་སྐད་དང་འདྲ།།

གྱང་ཕྱི་ནས་བལྟས་ན་གསེར་གཞུང་འདྲ།།

གྱང་ནང་ནས་བལྟས་ན་དངུལ་དང་འདྲ།།

གྱང་ཕྱི་ནང་བར་གསུམ་གཞལ་ཡས་ཁང་།།

རྡོ་པདྨ་ར་གའི་གདན་ཞིག་བཏང་།།

ས་སུ་མདུ་ར་ཡི་གྱང་ཞིག་ངབརྡུང་།།

གྱང་ད་ནང་བརྡུང་ས་དོག་མོ་ས།།

གྱང་དོ་དགུང་འཇོག་ས་ཨ་སྔོན་གནམ།།

དགུང་ཉི་ཟླ་ངེད་གཉིས་མཉམ་བཞག་ཡིན།།

གྱང་བ་ཨ་ཕོ་སྟག་དང་འདྲ།།

ས་ཁུར་བུ་མོ་གཟུག་དང་འདྲ།།

གྱང་ཐུས་ཨ་མགལ་སྒྲུབ་ཤིང་ལ།།

བརྡུང་བའི་སྒྲ་སྐད་ཤུ་རུ་རུ།།

གྱང་གཞོང་གསེར་གཞོང་ཁྲ་མོ་ལ།།

རྟག་མགོ་གྲུ་བཞི་ཁྲིག་སེ་ཁྲིག།

ཤོག་ལེ་ཡག  ཤོག་ལེ་ཡ་མོ་ཤོག་ལེ་ཡག


སྐུ་ཉིད་ཕེབས་པར་དགའ་བསུ་ཞུ།

རྩོམ་སྒྲིག་པ།  མགར་ཚེ་རིང་བཀྲ་ཤིས།  སྤེལ་དུས། 2017/5/2 བལྟ་ཀློག (21424)