བོད་ཀྱི་ན་ཆུང་བྱིས་པ་ཞིག་གི་གླུ་སྐད་ཀྱིས་རྒྱའི་གར་སྟེགས་ཤིག་གི་ལྷིང་འཇགས་དཀྲོགས་པ།

བོད་ཀྱི་ན་ཆུང་བྱིས་པ་ཞིག་གི་གླུ་སྐད་ཀྱིས་རྒྱའི་གར་སྟེགས་ཤིག་གི་ལྷིང་འཇགས་དཀྲོགས་པ།

ཉི་མ་བཀྲ་ཤིས།

བོད་ལྗོངས་ནག་ཆུ་ནས་ཐོན་པའི་ལོ་ན12ལ་སོན་པའི་ན་ཆུང་བྱིས་པ་ཉི་མ་བཀྲ་ཤིས་ཀྱིས་ཉེ་ལམ་པེ་ཅིང་བརྙན་འཕྲིན་ཁང་གིས་བསྒྲུབས་པའི་སྐབས་གསུམ་པའི་རྒྱལ་ཡོངས་ན་ཆུང་བྱིས་པའི་དགོང་ཚོགས་ཆེན་མོ《音乐大师课》ཞེས་པའི་སྟེང་ཞུགས་ཤིང་། སྨྲ་བརྗོད་དག་མོས་ཕ་ཡུལ་དང་ཡུལ་མི་ངོ་སྤྲོད་གནང་རྗེས། ཁོ་བོའི་སྐད་ངག་སྙན་མོས་ལྟད་མོ་བ་མང་པོའི་ཡིད་དབང་འཕྲོག་པར་བྱས།དེ་མུར་ཐེངས་འདིའི་དཔྱད་འདེམས་མཛུབ་ཁྲིད་དགེ་རྒན་རྒྱའི་སྐད་གྲགས་ཆོད་པའི་གཞས་མ་ཐཱན་ཝེ་ཝེ་དང་མཉམ་དུ་གར་སྟེགས་སྟེང་དུ་མཉམ་གཞས་བཏང་པས། ཚོགས་ར་རེ་ཞིག་ཡིད་འགུལ་གྱི་འབོད་སྒྲས་ཁྱབ།  

 


རྩོམ་སྒྲིག་པ།  མགར་ཚེ་རིང་བཀྲ་ཤིས།  སྤེལ་དུས། 2017/5/5 བལྟ་ཀློག (34573)