མགོ་ལོག་བྱང་སེམས་དཀས་ཟས་གླིང་ངོ་སྤྲོད།


    མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་ཐོག་གི་བྱང་སེམས་དཀས་ཟས་གླིང་ནི་འགྲོ་བ་སེམས་ཅན་གྱི་ཚེ་སྲོག་གི་བདེ་འཇགས་དང་མིའི་རིགས་ཀྱི་ལུས་ཕུང་གི་བདེ་ཐང་དང་སེམས་ཁམས་ཀྱི་བདེ་ཐང་བཅས་ལ་ཆེད་དུ་དམིགས་ཏེ་གཉེར་བ་ཞིག་ཡིན།

     བྲོ་རྫས་ཀྱིས་བསླད་མ་ཞུགས་པའི་བོད་རང་གི་སྲོལ་རྒྱུན་གྱི་དཀར་ཟས་གཙང་མ།   འཚོ་བཅུད་ཀྱི་མདངས་དང་ལུས་སེམས་ཀྱི་འཕྲོད་བསྟེན་ལ་རན་པའི་བོད་རང་གི་ལག་རྩལ་ངོ་མ།   མགྲོན་པོའི་འདོད་བློ་དང་དམངས་ཕན་གྱི་བྱ་བར་དམིགས་པའི་སྤྱི་སེམས་ཀྱི་ལམ་ཁ་ཡངས་པོ།  གཙོ་བོ་འདི་དག་ལ་མནོ་བསམ་ཡང་ཡང་བཏང་མཐར་ང་ཚོའི་ནུས་པ་ཅི་ཡོད་ཀྱིས་ཞབས་ཞུ་སྒྲུབ་ཀྱིན་ཡོད་པས་ཁྱེད་རང་དུས་ལྟར་ཕེབས་པར་དགའ་བསུ་ཞུ།

བོད་ལུགས་བསྲེགས་ལེབ།

ཞུན་འདག

འོ་སྦྱར་སྐྱ་སྲབ།

དཀྲུགས་ཇ།

གྲོ་མའི་འོ་ཇ།

དཀར་ཟས་རྒྱུན་པར་སྤྱད་ན་ལུས་ལ་ནད་ཚ་ཉུང་།།
དཀར་ཟས་ཚེ་གང་སྤྱད་ན་འདི་ཕྱིར་བདེ་སྐྱིད་འབྱུང་།།
དེ་བས་ང་ཚོས་མཉམ་དུ་དཀར་ཟས་ཕ་ཁྱིམ་སྐྱོང་།།
དེའི་ཕྱིར་ང་ཚོས་ལྷན་དུ་དམར་ཟས་རིང་དུ་སྤང་།།
ས་གནས།   རྨ་ཆེན་རྫོང་རྟ་བོ་གྲོང་རྡལ་གཅིག་སྒྲིལ་ལམ།  

འབྲེལ་གཏུགས་བྱེད་ཡུལ།


13299765552

18709751266

བྱང་སེམས་དཀར་ཟས་གླིང་གིས།
                            ༢༠༡༨ལོའི་ཟླ་༨ཚེས་༣ཉིན།

རྩོམ་སྒྲིག་པ།  དོ་དམ་པ།  སྤེལ་དུས། 2018/8/4 བལྟ་ཀློག (4071)