སྐྱེས་བུ་སོ་སོ་ལ་རང་ཉིད་ཀྱི་གོ་གནས་ཤིག་ཡོད།

སྐྱེས་བུ་སོ་སོ་ལ་རང་ཉིད་ཀྱི་གོ་གནས་ཤིག་ཡོད།


  གྲོང་སེང་འབྲུག་གིས་བསྒྱུར།


    སྤྱི་ཚོགས་འཐུས་ཚང་ལྡན་པ་ཞིག་ཡིན་ཚེ་ངེས་པར་དུ་སྐྱེས་བུ་སོ་སོ་ལ་གོ་གནས་རེ་ཡོད་སྲིད་མོད།  དེ་ཡང་ཁོ་རང་གི་གོ་གནས་ལ་བརྒྱུད་རིམ་མ་གཅིག་པ་རེའང་ཡོད་ངེས་ཡིན། དེར་བརྟེན་སྐྱེས་བུ་སོ་སོའི་གོ་གནས་ལས་ཡིད་ཚིམ་པའི་ཕྱག་ལས་རེ་མྱོང་བཞིན་མཆིས་སོ།།
    འགྲོ་བ་མི་ལ་མཚམས་ལན་རེར་ཡ་མཚན་པའི་འཕྲུལ་ཤེས་རེ་ལྡན་ལ། ཕྱི་དངོས་པོའི་རྒྱུ་རྐྱེན་ལ་བརྟེན་ནས་རང་ཉིད་ཀྱི་ངེས་ཤེས་ཇེ་ཆེར་ཕྱིན་སྲིད།
     དཔེར་ན་ང་རང་ནར་མ་སོན་པའི་དུས་སུ་ཆུང་རྩེད་གྲོགས་ཕལ་ཆེར་ལ་འཚོ་བའི་ཆ་རྐྱེན་ཞན་པས་ལུས་ཕུང་གི་ཉམས་ཧ་ཅང་སྡུག་མོད།  དེ་དག་ལས་སློབ་གྲོགས་གཅིག་ནི་གཞན་དང་མི་འདྲ་བར་ཁོའི་ལུས་སྟོབས་ཧ་ཅང་བཟང་ལ་གཟུགས་ཕུང་ཡང་ཧ་ལས་པ་ཆེ། ཁོ་རང་གི་གོམ་སྟབས་ལ་བརྗིད་ཉམས་ལྡན་པ་དང་ངེས་ཤེས་དེ་ལས་ཀྱང་ཆེ།
     མིའི་རིགས་ཀྱི་ཤེས་རིག་ནི་མཚར་སྣང་ལྡན་པ་ཞིག་ཡིན་ཏེ། འཕེལ་རྒྱས་ཀྱི་འགྲོས་དང་བསྟུན་ནས་ཁྱེད་རང་ལ་ངོས་ཟིན་ཞིག་ཐོབ་ཐུབ་པ་ནི་སྐྱེས་བུ་སོ་སོར་རང་ཉིད་ཀྱི་ཐུན་མིན་གྱི་འཚོ་གནས་ལ་ངེས་ཤེས་རེ་ལྡན་པ་དེ་རེད། ཡིན་ནའང་གཞི་འཛིན་ས་གཙོ་བོ་ནི་འཐུས་ཚང་གི་སྤྱི་ཚོགས་ཤིག་དང་།  ཕུན་སུམ་ཚོགས་པའི་ཤེས་རིག་གཉིས་ཀྱི་མཐུན་རྐྱེན་འཛོམས་དགོས་པ་གལ་གནད་ཅིག་ཡིན། དཔེར་ན་ང་རང་ཧ་ཅང་སྐྱེ་གཟུགས་ཐུང་ཐུང་ཞིག་ཡིན་ལ།  ཡིན་ནའང་ཕྱོགས་གཞན་ཞིག་ནས་ང་ལ་ཧ་ལས་པའི་ཡོན་ཏན་ཞིག་ལྡན་སྲིད། བསམ་པའི་ཀུན་སློང་གི་སྒོ་ནས་སམ་དེ་མིན་ཁྱད་ཆོས་གཞན་དག་གི་ཐད་ནས་དམིགས་བསལ་མཆིས། ངས་ཆེས་རེ་འདུན་གྱི་སྤྱི་ཚོགས་ནི་སྐྱེས་བུ་རེ་རེར་རང་ཉིད་མངོན་འདོད་དང་ཁྱད་ཆོས་འབུལ་ཐོན་བསྒྲགས་པའི་རིན་ཐང་ཅན་གྱི་ཤེས་རིག་བསྐྲུན་པ་དེ་ཡིན།

     དེང་དུས་ང་ཚོས་སྤྱི་ཚོགས་ནི་ཤེས་རིག་སྣ་འཛོམས་ལྡན་པའི་ལམ་བུ་རུ་སྐྱོད་བཞིན་ཡོད་དེ། དཔེར་ན་དེང་དུས་བཀག་ཆ་མེད་པའི་ཁོར་ཡུག་(無障礙空間)སྐྲུན་བཞིན་ཡོད་ལ། ང་རང་ལོ་ན་ཆུང་དུས་སུ་དབང་པོ་སྐྱོན་ཅན་ལ་དེ་འདྲའི་ཆ་རྐྱེན་གང་ཡང་མེད་མོད། རྨས་སྐྱོན་གྱི་ལུས་ཕུང་ནི་ཆ་མ་ཚང་བའི་བེམ་པོ་ཡིན་པས་དེ་ལ་མཐོང་ཆེན་ཅི་ཡང་མེད་དེ། ཡིན་ནའང་དེང་དུས་ཀྱི་བཀག་ཆ་མེད་པའི་ཁོར་ཡུག་གི་མིང་ནི་ཐ་སྙད་གསར་བའི་མིང་བཏགས་ཙམ་མ་ཡིན་པར་མི་རྣམས་ལ་བསམ་གཞིག་གི་འདུན་པ་གསར་བ་ཞིག་གི་འགོ་བརྩམས་པར་ཤེས་སོ།།

    འདས་ཟིན་པའི་བསམ་བློ་དང་ལྟ་ཚུལ་ལ་འགྲིག་མིན་ལ་མ་བལྟས་པར་ལྟ་ཚུལ་གསར་བའི་འགྲོས་དང་བསྟུན་ནས་སྐྱེས་བུ་གང་ཡིན་ལ་རང་ཉིད་ཀྱི་འཇོན་ནུས་སྐྱེད་སྲིང་གཏོང་བའི་མཐུན་རྐྱེན་བསྐྲུན་པའོ།།

   ངས་བསམ་ན་དེ་ནི་སྣ་འཛོམས་ཤེས་རིག་གི་སྤྱི་ཚོགས་ཀྱི་ཆེས་རྨང་གཞི་ཞིག་ཡིན་ངེས་ལ། དེ་ལ་སུས་ཀྱང་བར་ཆད་ཀྱི་སྒྲིག་གཞི་མི་བཟོ་བར་བྱ།
     སྒྲིག་གཞི་རང་བཞིན་ནི་དབྱིན་ཇི་དང་གྲངས་རིགས་ཀྱི་རྒྱུགས་གཞི་ཡི་ཐོབ་སྐར་ལས་སློབ་བུ་བཟང་ངན་དུ་དབྱེ་བ་བྱེད། ཡིན་ཡང་། སྐྱེས་བུ་སོ་སོར་སྒྲིག་གཞི་དང་བྲལ་བར་བྱས་ན། སྐྱེ་སྟོབས་ཀྱི་ཡོན་ཏན་རང་འགུལ་ངང་མངོན་དུ་ཐུབ་ལ།  རང་ཉིད་ཀྱི་ངེས་ཤེས་ཀྱང་ཕུན་སུམ་ཚོགས་པར་འཕེལ།

    ང་ཚོའི་སྤྱི་ཚོགས་ནི་འཕེལ་འགྲོས་དང་བསྟུན་ནས་ཁ་ཕྱོགས་གཞི་གཅིག་ཏུ་འགྲོ་ངེས་ཡིན་ལ། ཡིན་ནའང་དེ་ལ་འགལ་རྐྱེན་སྣ་ཚོགས་རེ་ཡོད་དེ། དཔེར་ན། ཚོང་ལས་གཙིགས་འཛིན་རིང་ལུགས་དང་། ཁེ་ཕན་ཁོ་ནར་བསམ་པའི་རིན་ཐང་ལྟ་ཚུལ། གཞན་ཡང་སྣ་འཛོམས་ཤེས་རིག་སྣ་གཅིག་ཏུ་གྱུར་བ་སོགས་མཆིས་སོ།།

     སྣ་གཅིག་ཤེས་རིག་ཏུ་གྱུར་ཚེ།   དཔེར་ན་སྤྱི་ཚོགས་སུ་བཤད་རྒྱུན་ལ༼སློབ་ཆེན་ལ་རྒྱུགས་སྤྲོད་པ་ཇི་ཡང་ཕན་ཐོགས་མེད་པ། དེ་མིན་གླུ་བ་ཞིག་གི་བརྡ་ཁྱབ་གསལ་བསྒྲགས་གཅིག་སྤེལ་ཚེ་དངུལ་སྒོར་འབུམ་ཕྲག་ལེན་ཐུབ་པས། ཕན་ཡོན་ཆེ་བ་དེ་ཡིན་པར་བསམ་མོ།།

    རྒྱུ་རྐྱེན་དེ་དག་ལས་རིན་ཐང་ལྟ་ཚུལ་སྣ་གཅིག་ཏུ་གྱུར་པ་ནི་དེང་དུས་ང་ཚོའི་ཆེས་སེམས་ཁྲལ་བྱེད་དགོས་ས་དེ་ཡིན།
    སྤྱི་ཚོགས་འཐུས་ཚང་ལྡན་པ་ཞིག་ཡིན་ཚེ་ངེས་པར་དུ་སྐྱེས་བུ་སོ་སོ་ལ་གོ་གནས་རེ་ཡོད་སྲིད་མོད།  དེ་ཡང་ཁོ་རང་གི་གོ་གནས་ལ་བརྒྱུད་རིམ་མ་གཅིག་པ་རེའང་ཡོད་ངེས་ཡིན། དེར་བརྟེན་སྐྱེས་བུ་སོ་སོའི་གོ་གནས་ལས་ཡིད་ཚིམ་པའི་ཕྱག་ལས་རེ་མྱོང་བཞིན་མཆིས་ལ། རིག་ལམ་འདིའི་འདུ་ཤེས་ནི་ཡོ་རོབ་ཀྱི་རྒྱལ་ཁབ་ཁ་ཤས་སུ་འཐུས་ཚང་དུ་བཏང་ནས་དར་ཁྱབ་ཧ་ཅང་ཆེན་པོ་རུ་ཕྱིན་ཡོད་དེ། ཁོ་རང་ཚོའི་དུས་ཡུན་རིང་བོར་ཚེ་སྲོག་གི་རིན་ཐང་ལ་མཐོང་ཆེན་གནང་པ་ལ། དེའི་རྐྱེན་གྱིས་ངེས་ཤེས་ཧ་ཅང་ལྡན་ལ། གཞན་དང་གཞན་གྱིས་བར་ལ་བསྡུར་བ་བྱེད་པ་མིན། གལ་ཏེ། ནམ་རྒྱུན་གཞན་དང་བསྡུར་བ་བྱས་ཚེ། སྲོག་ནི་དངོས་པོར་གྱུར་པ་མ་མཆིས་སོ།།

༢༠༡༨/༩/༡༠ཉིན།

每個角色都有自己的定位

         一個成熟的社會,應該是每一個角色都有他自已的定位,有他不同的定位過程,每個人都能夠滿足於他所扮演的角色。

        人有時候也很奇怪,會依靠外在的東西,讓自己有信心。
  
        譬如說我小時候,大部分的孩子經濟條件不好,營養也不好。但有一個同學長得特別高大、壯碩,他走起路來就虎虎生風,特別有信心。
    
       人類的文明很有趣,慢慢發展下來,你會發現,人可以有各種不同的方式使自己有信心,但前提是要有一個比較成熟、比較豐富的文化支持。譬如說我雖然很矮,可是我在另一方面很高大,可能是在心靈方面,或者精神方面,或者有某一方面特殊技能。我很期盼有這樣的一種社會,這樣的文化出現,讓每一個人有他自己不同的價值。
  
       我們的社會的確已經在走向多元,舉例來說,現在有很多地方都要求「無障礙空間」的設計。我小時候哪裡有這種東西?殘廢就殘廢嘛。可是我們現在也不用這樣的稱呼了,因為他並沒有廢。這不只是一個名稱的改變,而是人們重新思考,過去所做的判斷對不對?過去的殘就是廢,就是沒有用的人,但現在發現他不是,他可能有其他很強的能力可以發展出來。
  
       我想這就是多元社會一個最大的基礎,人不是被制化的。
  
       制化,就是用英文分數、數學分數就決定這個學生好或不好。不把人制化,才能讓人身上的其他元素有機會被發現,豐富他的自信。
  
       我們的社會是慢慢地往這一個方向在走,但同時有一些干擾,例如重商主義、唯利是圖的價值觀,又會讓多元趨向單一。單一化之後,就會出現這樣的聲音:「考上大學有什麼用,歌手接一個廣告就有數百萬人口袋,那才實在。」
  
       所以,價值的單一化,是我們所擔心的。
  
       一個成熟的社會,應該是每一個角色都有他自已的定位,有他不同的定位過程,每個人都能夠滿足於他所扮演的角色。這個觀念在歐洲一些先進國家已經發展得很成熟,他們長期以來重視生命的價值,所以他們的自信,不是建立在與別人的比較上。
  
      一味地跟別人比,遲早都會走向物化。
蔣勳

རྩོམ་སྒྲིག་པ།  དོ་དམ་པ།  སྤེལ་དུས། 2018/9/10 བལྟ་ཀློག (3009)