ཉེ་བར་མཁོ་བའི་དཔེ་དེབ་རྩ་ཆེན་བཞི་ཐོན་འདུག

ཁྱོད་ཀྱི་མི་ཚེ་ལ་འགྱུར་བ་གཏོང་ཐུབ་པའི་དཔེ་དེབ་རྩ་ཆེན་བཞི།

༡ དེབ་ཀྱི་ཡོང་ཁུངས།

    གསུང་གི་མེ་ཏོག་ཅེས་པ་ནི་སྟོན་པའི་མཛད་རྣམ་གྲགས་ཅན་སངས་རྒྱས་ཞེས་པའི་རྒྱ་གར་གྱི་མུ་འབྲེལ་བརྙན་འཕྲིན་ཟློས་གར་བོད་སྐད་དུ་ཕབ་སྒྱུར་ཞུས་པ་ལས་སྟོན་པ་མཆོག་གི་རྨད་བྱུང་ལེགས་བཤད་རེ་རེ་ཟིན་བྲིས་སུ་ཕབ་པ་ཡིན་ཞིང་། དེ་ལས་གཞན་དག་ནི། མཁན་ཆེན་རྣམ་གཉིས་དང་སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་བཅས་ཀྱི་གསུང་དཔེ་གྲགས་ཅན་སུམ་ཅུར་ཉེ་བ་ཞིག་ལས་ལེགས་བཤད་དུ་བཀོད་པ་དང་གསུང་བཏུས་སུ་བྱས་པ། ཚིག་དུམ་དུ་ཕབ་པ་དང་བསླབ་བྱ་རུ་བདམས་པ་སོགས་བྱས་ནས་གྲུབ་པ་ཞིག་ཡིན།

༢ དེབ་ཀྱི་བརྗོད་དོན།

   ལེགས་བཤད་དེབ་ཆུང་འདི་དག་གི་བརྗོད་དོན་ཁྱབ་ཁོངས་སུ། མི་ཚེ་དང་བདེ་སྐྱིད། འཚོ་བ་དང་ཕུགས་བསམ། ཞི་བདེ་དང་འཆམ་མཐུན། བྱམས་བརྩེ་དང་སྙིང་རྗེ། བསམ་བློ་དང་ཀུན་སྤྱོད། རིག་གནས་དང་སློབ་གསོ། མི་རིགས་དང་སྐད་ཡིག་སོགས་མདོར་ན་ཆོས་དང་འཇིག་རྟེན་གཉིས་ཀྱི་ཆ་ནས་གསུང་གི་ལེགས་བཤད་རྨད་དུ་བྱུང་བ་མང་པོ་འདུས་ཡོད།

༣ དེབ་ཀྱི་དགེ་མཚན།

   དེབ་འདི་དག་ནི་ལེགས་བཤད་རྐྱང་རྐྱང་གིས་གྲུབ་པ་དང་ལེགས་བཤད་རེ་རེ་ལ། ཚིག་ཉུང་ལ་དོན་འདུས་པའི་ཁྱད་ཆོས། བློ་ལ་འཛིན་བདེ་ཞིང་ཡིད་ལ་འཇགས་ཐུབ་པའི་དགེ་མཚན། ངག་ཏུ་བྱང་སླ་བ་དང་ལུང་དུ་འདྲེན་བདེ་བ་སོགས་ཀྱི་དམིགས་བསལ་ཁྱད་ཆོས་ཧ་ཅང་མང་པོ་ཡོད་པ་ལས་གཞན། “ཚིག་དུམ་ལ་ལ་ནི་དཔེ་དེབ་ཅིག་བཀླགས་པ་ལས་ཀྱང་ཡན་ཡིན”ན། རྨད་དུ་བྱུང་བའི་ལེགས་བཤད་དེབ་ཆུང་འདི་དག་གིས་ཁྱོད་ཀྱི་མི་ཚེ་དང་འཚོ་བ་ལ་བཟང་ཕྱོགས་ཀྱི་འགྱུར་བ་ངེས་ཅན་ཞིག་གཏོང་ཐུབ་པར་བདག་ལ་ཡིད་ཆེས་ཆེན་པོ་ཡོད།

༤ ཚོང་འབྲེལ།

      དེབ་འདི་དག་སིལ་ཚོང་དང་སྡེབ་ཚོང་དུ་བླུ་འདོད་ཡོད་མཁན་ཚོས་གཙོ་སྒྲིག་པར་སྐད་འཕྲིན་བཤེར་རིས་བརྒྱུད་དེ་ཐད་ཀར་འབྲེལ་བ་བྱེད་ཆོག

187 9715  1779

135 5857 7466


རྩོམ་སྒྲིག་པ།  དོ་དམ་པ།  སྤེལ་དུས། 2019/5/25 བལྟ་ཀློག (27744)