ཨ་ཕ།

ཨ་ཕ།

དུར་མིག (དཀར་མཛེས།)

ལམ་འགྲམ་གྱི་གློག་སྒྲོན་ཁེར་རྐྱང
ས་འོག་གི་མེ་འཁོར་ས་ཚུགས་བརྒལ་ནས་མི་དེ་སྐྱོ
དུས་ཚོད་ཀྱི་མི་ཚོགས་གསེབ་ན་ལོ་ཟླ་སྙི་མོ་ཞིག
དེ་དུས་ཨ་ཕ་སྔར་བཞིན་ཁྱིམ་དུ་ལོག་དགོས
སང་ཉིན་ཁུ་སིམ་མེར་ལམ་ཕྲན་སྟེང་ནས་འུ་ཅག་ཕྱིར་ལ་བགྲོད
ད་ལྟ་མིང་སྲིང་དག་དངོས་གནས་ནར་སོན་འདུག
བརྗེད་ཐབས་ཇི་ལྟར་བྱས་ཀྱང་དྲན་ཡོང་བ་སྒལ་ཚིགས་ཀྱི་ནད་གཞི་ཡིན
ཆོས་ཉིད་ཀྱི་དཀར་ཆག་ལ་གསལ་བཤད་བྱེད་ཐུབ་བམ
གཙང་བོའི་འཛུམ་མདངས་མཐོང་ན་ཕ་ཡུལ་གྱི་ས་སྲོད་ཚེས་སྲིད
ང་ཡི་ལུས་སེམས་ཀྱི་རེ་འདུན་མཐའ་དག
ཚོར་བའི་སྤྱན་ཆབ་བསིལ་མ་སུ་ལའང་འདྲེས་ཐུབ་མ་བྱུང

                 ༢༠༡༩.༦.༥

རྩོམ་སྒྲིག་པ།  དོ་དམ་པ།  སྤེལ་དུས། 2019/6/16 བལྟ་ཀློག (22659)