དངུལ་ཁབ་མཁན་པོ་བྱང་རིག་ཁོས་མགོ་ལོག་ཏུ་མཛད་རིམ་བསྐྱངས་པ།


     རྒྱུས་ལོན་བྱས་པ་ལྟར་ན། ༢༠༢༠ལོའི་ཟླ་༧པའི་ཚེས་༡ནས་ཚེས༨་བར། མགོ་ལོག་ཁུལ་དུས་འཁོར་བོད་ལུགས་སྨན་རྩིས་ཁང་གིས་བོད་ཀྱི་དངུལ་ཁབ་མཁན་པོ་རྒན་གླིང་བ་བྱང་རིག་ཁོ་གདན་དྲངས་ཏེ་གཟའ་འཁོར་གཅིག་ལྷག་གི་ཡུན་ལ་རིག་གཞུང་འཆད་ཁྲིད་དང་ལག་ལེན་དམར་ཁྲིད་གཟབ་རྒྱས་གནང་ཞིང་། ཞར་ལ་རྒན་ཁོང་གིས་ས་གནས་མང་ཚོགས་ལ་རིན་མེད་ནད་གསོ་དང་སྨན་སྦྱིན་གྱི་མཛད་རིམ་བསྐྱངས་པར་བོད་ཀྱི་སྨན་རམས་པ་ཆེན་མོ་ཨ་ཁུ་ཁ་ལོ་དང་། ཁུལ་དཔོན་ཟུར་བའམ་བོད་ཀྱི་ཞུ་ཆེན་ལོ་ཙཱ་བ་ཆེན་མོ་མགོ་ལོག་རྣམ་རྒྱལ། བོད་ཀྱི་སྙན་ངག་པ་ཆེན་མོ་འཇུ་སྐལ་བཟང་། དེང་རབས་ན་གཞོན་ཁེ་ལས་པ་གྲགས་ཅན་མགོ་ལོག་རབ་བརྟན་སོགས་ཀྱིས་བཀའ་དྲིན་གཏང་རག་གི་ལེགས་སྐྱེས་དང་སྣེ་ལེན་རྒྱ་ཆེན་ཞུས།

    དེར་བརྟེན་ཧི་མ་ལ་ཡི་བོད་ཀྱི་གསོ་རིག་སློབ་ཚོགས་དང་། མགོ་ལོག་ཁུལ་མི་དམངས་སྨན་ཁང་། ཁུལ་བོད་སྨན་ཁང་། གངས་ལྗོངས་དར་རྒྱས་གསོ་རིག་སློབ་གླིང་སོགས་གཞུང་སྒེར་གྱི་ཏང་གཙོ་དང་གསོ་རིག་འཕྲོད་བསྟེན་ལས་རིགས་ཁག་གི་འགོ་ཁྲིད་སོགས་ཀྱིས་ཁོང་ལ་དགའ་བསུ་དང་མཐོང་ཆེན་བླ་ན་མེད་པ་གནང་ཡོད།


བོད་ཀྱི་དངུལ་ཁབ་རིག་པའི་ལག་ལེན་གསོ་སྦྱོང་འཛིན་གྲྭའི་མཉམ་པར།


བོད་ཀྱི་ཞུ་ཆེན་ལོ་ཙཱ་བ་ཆེན་མོ་མགོ་ལོག་རྣམ་རྒྱལ་དང་ལྷན་དུ་བགྲོ་གླེང་བྱེད་བཞིན་པ།


གཞུང་སྒེར་གྱི་ཏང་གཙོ་དང་གསོ་རིག་འཕྲོད་བསྟེན་ལས་རིགས་ཁག་གི་འགོ་ཁྲིད་དང་ལྷན་དུ་མཉམ་པར་བསྒྲོན་པ།


སྙན་ངག་པ་འཇུ་སྐལ་བཟང་དང་ལྷན་དུ།


ཚོང་རམས་པ་རབ་བརྟན་དང་ལྷན་དུ།


བོད་ལུགས་དངུལ་ཁབ་བདེ་སོས་ཚན་ཁག་གི་སྒོ་བྱང་ཞལ་ཁེབས་ཕྱེས་པ།


རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ།  སྤེལ་དུས། 2020/7/14 བལྟ་ཀློག (3277)