༢༠༢༢ལོའི་ཁཱ་ཤཱིའི་ཤེས་རིག་ཡར་སྐུལ་གཟེངས་རྟགས་མཛད་སྒོ།

ཁཱ་ཤཱིའི་ཤེས་རིག་ཡར་སྐུལ་གཟེངས་རྟགས་མཛད་སྒོ།

    ༢༠༢༢ལོའི་ཟླ་༢པའི་ཚེས་༡ཉིན་ལ་ཁཱ་ཤཱིའི“རེ་བའི་སྐར་ཚོམས་མི་རབས་གསར་པའི་དཔེ་བཟང་མི་སྣ”ལ་ཤེས་རིག་ཡར་སྐུལ་གཟེངས་རྟགས་འབུལ་བའི་མཛད་སྒོ་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་རྔ་བ་རྫོང་བློན་ཚང་ཡུལ་ཚོའི་ཁཱ་ཤཱི་དགོན་བཀྲ་ཤིས་དགེ་འཕེལ་བསམ་གཏན་གླིང་དུ་བསྡུས།

2022新年卡西村「希望之星,新一代楷模」頒獎盛典







༢༠༢༢ལོར་ཁཱ་ཤཱིའི་ཤེས་རིག་ཡར་སྐུལ་བྱ་དགའ་

ཐོབ་མཁན་གྱི་མིང་ཐོ།

༡ གྲགས་པ་རྒྱ་མཚོ། ཁཱ་ཤཱིའི་སྨན་དཀར་སང་། ཁཱ་ཤཱི་དགོན་བཀྲ་ཤིས་དགེ་འཕེལ་བསམ་གཏན་གླིང་གི་ལས་འགན་སྤྱོད་བཟང་གི་བྱ་དགའ།

༢ བློ་བཟང་དགེ་འདུན། ཁཱ་ཤཱིའི་ཁང་སར་སང་། ཁཱ་ཤཱི་དགོན་བཀྲ་ཤིས་དགེ་འཕེལ་བསམ་གཏན་གླིང་གི་ལས་འགན་སྤྱོད་བཟང་གི་བྱ་དགའ།

༣བསོད་ནམས་རྒྱ་མཚོ།  བསུ་བའི་གད་ཁ་སང་།ཁཱ་ཤཱི་དགོན་བཀྲ་ཤིས་དགེ་འཕེལ་བསམ་གཏན་གླིང་གི་ལས་འགན་སྤྱོད་བཟང་གི་བྱ་དགའ།

༤ དཀོན་མཆོག་བསྟན་འཛིན། ཁཱ་ཤཱིའི་ཤར་ཁ་སང་། ཁཱ་ཤཱི་དགོན་བཀྲ་ཤིས་དགེ་འཕེལ་བསམ་གཏན་གླིང་གི་ལས་འགན་སྤྱོད་བཟང་གི་བྱ་དགའ།

༥ བློ་བཟང་ཚུལ་ཁྲིམས།  ཁཱ་ཤཱིའི་རྭ་སང་།  ཁཱ་ཤཱི་དགོན་བཀྲ་ཤིས་དགེ་འཕེལ་བསམ་གཏན་གླིང་གི་ལས་འགན་སྤྱོད་བཟང་གི་བྱ་དགའ།

༦ ཤེས་རབ་རྒྱ་མཚོ། ཨ་རྒན་སྒ་རུ་སང་། ཁཱ་ཤཱི་དགོན་བཀྲ་ཤིས་དགེ་འཕེལ་བསམ་གཏན་གླིང་གི་ལས་འགན་སྤྱོད་བཟང་གི་བྱ་དགའ།

༧ ༢༠༢༡ལོར་ཁཱ་ཤཱིའི་གཡུ་སྒྲ་སང་གི་བསྟན་འཛིན་སྒྲོལ་མ། 德波སློབ་ཆེན་དངོས་གཞི་སློབ་མ། 本科生ལྷོ་ནུབ་རྡོ་སྣུམ་སློབ་ཆེན། 西南石油大学


བྱ་དགའ་ཐོབ་མཁན་དག་དང་དགོན་པའི་ལས་སྣ་ལྷན་རྒྱས་ཀྱི་མཉམ་པར།

སློབ་ཆེན་དངོས་གཞི་ལ་རྒྱུགས་འཕྲོད་པའི་སློབ་མར་བྱ་དགའ་སྟེར་བཞིན་པའི་ཡུལ་དངོས།

དངོས་གཞི་ལ་རྒྱུགས་འཕྲོད་པའི་སློབ་མ་བསྟན་འཛིན་སྒྲོལ་མ་ལ་དཔའ་བར་འགྲོ་བའི་མདོ་ལེགས་སྐྱེས་སུ་ཕུལ།

གསལ་བཤད།

    དེ་རིང་གི་ཤེས་རིག་ཡར་སྐུལ་གཟེངས་རྟགས་མཛད་སྒོ་དེ་ལོ་རེའི་འཆར་ཅན་ལྟར་ཁཱ་ཤཱི་དགོན་གྲོང་གཉིས་ཀྱིས་མཉམ་དུ་སྒྲུབ་བཞིན་པའི་བྱ་འགུལ་ཞིག་ཡིན། ཐེངས་འདིའི་བྱ་འགུལ་སྤེལ་བ་ལ་རྒྱབ་སྐྱོར་གནང་མཁན་ཁཱ་ཤཱིའི་ལས་བྱེད་སྐད་ཚོམས་ནས་སྒོར་༥༠༠ཞལ་འདེབས་བྱས། ཕ་མཐའ་དོན་ཁོས་སྒོར་༡༠༠༠ཞལ་འདེབས་བྱས། རྫ་བཀྲ་བྷོས་སྒོར་༡༠༠༠ཞལ་འདེབས་བྱས། ཁཱ་ཤེས་རབ་རྒྱ་མཚོས་སྒོར་༡༠༠༠ཞལ་འདེབས་བྱས་ཏེ་ཁྱོན་མི་བདུན་ལ་སྒོར་༥༠༠རེ་དང་བསྟོད་བྱང་། དེ་མིན་དགོན་པ་གཞུང་ནས་མདུད་པ་ཁ་བཏགས་སོགས་ཀྱིས་ལེགས་སྐྱེས་གྱ་ནོམ་པ་གནང་ཡོད།

  བྱ་དགའི་བསྟོད་བྱང་སོགས་ཀྱི་རིན་རྒྱན་དྲུག་མཆོག་གཉིས་གསུང་འབུམ་རྩོམ་སྒྲིག་ཁང་གིས་མཐུན་རྐྱེན་སྦྱར་ཡོད།

     གནམ་ལོ་གསར་ཚེས་ཀྱི་ཉིན་བཟང་སྐལ་བཟང་དང་སྤྱི་ལོ་༢༠༢༢ལོའི་ལོ་སར་ཚེས་གཅིག་ཉིན་ཁཱ་ཤཱི་དགོན་དམངས་གཙོའི་དོ་དམ་ཨུ་ཡོན་ལྷན་ཁང་དང་ཁཱ་ཤཱིའི་སྡེ་དམངས་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་མཉམ་དུ་བསྒྲུབས་པའི་ཁཱ་ཤཱིའི“རེ་བའི་སྐར་ཚོམས་མི་རབས་གསར་པའི་དཔེ་བཟང་མི་སྣ”ལ་ཤེས་རིག་ཡར་སྐུལ་གཟེངས་རྟགས་འབུལ་བའི་མཛད་སྒོའི་བྱ་འགུལ་རྒྱལ་ཁ་དང་གཟི་བརྗིད་ངང་མཇུག་བསྡུས་པ་ཡིན་པས་ཚང་མ་ལ་བཀྲ་ཤིས་བདེ་ལེགས་ཞུ།

ཁཱ་ཤཱིའི་ཤེས་རིག་ཡར་སྐུལ་གཟེངས་རྟགས་འབུལ་བའི་འགན་འཛིན་པ་དག་གི་མིང་ཐོ།

ཁཱ་ཤེས་རབ་རྒྱ་མཚོ། འཇམ་དཔལ། དར་རྒྱས། དཀོན་པེ། བཀྲ་བྷོ། ཕ་མཐའ་དོན་ཁོ།


རྩོམ་སྒྲིག་པ།  དོ་དམ་པ།  སྤེལ་དུས། 2022/2/1 བལྟ་ཀློག (27965)