འགྲིམ་འགྲུལ་གསར་འགྱུར་གལ་ཆེན།

འགྲིམ་འགྲུལ་རྒྱུན་ཤེས།

2013.1.1ཉིན་ནས་བཟུང་རྒྱལ་ཡོངས་འགྲིམ་འགྲུལ་ཉེན་རྟོག་པས་འགྲིམ་འགྲུལ་གྱི་སྒྲིག་ཁྲིམས་འགའ་གསལ་བསྒྲགས་བྱས་པ་ལྟར་ན།

1.གློག་དམར་གཅིག་བརྒལ་ན།  སྐར་6རེ་འཐེན་པ་དང་།  སྒོར་100ཡི་ཆད་པ་ཡོད།

2.ཆང་བཏུང་ནས་རླངས་འཁོར་བསྐོར་ན།  སྐར་12དང་ལོ་ལྔའི་ནང་ཁ་ལོ་ཆོག་ཡིག་བསྐྱར་རྒྱུགས་སྤྲོད་མི་ཆོག

3.སྐྱོབ་ཐག་༼སྲུང་ཐག༽མ་བརྒྱབ་ན།  སྐར་3དང་།   སྒོར་100ཡི་ཆད་པ་ཡོད།

4.ཁ་ལོ་བའི་ཟུར་མིས་སྐྱོབ་ཐག་མ་བརྒྱབ་ན།  སྐར་1དང་སྒོར་50ཡི་ཆད་པ་ཡོད།

5.ཁ་པར་བཏང་ནས་རླངས་འཁོར་གཏོང་མཁན་ལ།  སྐར་1དང་སྒོར་100ཡི་ཆད་པ་ཡོད།

6.དུ་བ་འཐེན་བཞིན་རླངས་འཁོར་གཏོང་མཁན་ལ།   སྐར་1དང་སྒོར་100ཡི་ཆད་པ་ཡོད།

7.ཨང་བྱང་བཀབ་ནས་རླངས་འཁོར་གཏོང་མཁན་ལ།  སྐར་12དང་སྒོར་མང་ཤོས་ཀྱི་ཆད་པ་ཡོད།

8.ཁ་ལོ་བའི་འགྲམ་ནས་ལོ་14མན་གྱི་བྱིས་པ་བསྡད་ན།  སྐར་6དང་སྒོར་300ཡི་ཆད་པ་ཡོད།

     སྒྲིག་ལམ་འདི་དག་ནི་ཁ་ལོ་བ་ཞིག་ལ་མཚོན་ན་རྒྱུན་ཤེས་གལ་ཆེན་ཡིན་པས་རང་གི་བདེ་འཇགས་དང་སྤྱི་ཚོགས་སྒྲིག་ལམ་དོ་སྣང་བྱེད་པར་འཚལ།


རྩོམ་སྒྲིག་པ།  ངེད་དྲ་བ།  སྤེལ་དུས། 2013/2/9 བལྟ་ཀློག (3322)