ཝུན་ཅ་པའོ་ཡིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱ་ཨང་བརྒྱ་དང་སོ་གཉིས་པ་དང་དྲུག་བརྒྱ་དང་སོ་ལྔ་བའི་སྟེང་མིང་བཀོད་པ།

 རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཝུན་ཅ་པའོ་ཡིས་ཉེ་ལམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱ་ཨང་དྲུག་བརྒྱ་དང་སོ་གཉིས། དྲུག་བརྒྱ་དང་སོ་གསུམ། དྲུག་བརྒྱ་དང་སོ་བཞི། དྲུག་བརྒྱ་དང་སོ་ལྔ་བ་བཅས་ལ་མིང་བཀོད་དེ། སོ་སོར«རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྩིས་འཁོར་མཉེན་ཆས་སྲུང་སྐྱོབ་སྲོལ་ཡིག་དག་བཅོས་སྐོར་གྱི་ཆོད་དོན»དང་། «རྒྱལ་སྲིད་སྤྱི་ཁང་གི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གསུང་རྩོམ་བཅའ་ཁྲིམས་ཁེ་དབང་ལག་བསྟར་སྲོལ་ཡིག་དག་བཅོས་སྐོར་གྱི་ཆོད་དོན»། «རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆ་འཕྲིན་དྲ་བའི་བརྒྱུད་སྤེལ་ཁེ་དབང་སྲུང་སྐྱོབ་སྲོལ་ཡིག་དག་བཅོས་སྐོར་གྱི་ཆོད་དོན» «རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྐྱེ་དངོས་རིགས་གསར་བའི་སྲུང་སྐྱོབ་སྲོལ་ཡིག་དག་བཅོས་སྐོར་གྱི་ཆོད་དོན»བཅས་བསྒྲགས། ཆོད་དོན་དེ2013ལོའི་ཟླ་དང་པོའི་ཚེས་བཅུ་དྲུག་ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཐེངས་ཉིས་བརྒྱ་དང་སོ་གཅིག་པའི་སྟེང་གྲོས་འཆམ་བྱུང་བ་དང་། 2013ལོའི་ཟླ་གསུམ་པའི་ཚེས་གཅིག་ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་རེད།

ལོ་ཙཱ་བ། ཀླུ་འབུམ་བྱམས། 


རྩོམ་སྒྲིག་པ།  ངེད་དྲ་བ།  སྤེལ་དུས། 2013/2/10 བལྟ་ཀློག (2942)