ས་ཞིང་དོ་དམ་བཅའ་ཁྲིམས།

ས་ཞིང་དོ་དམ་བཅའ་ཁྲིམས།

༼ ཁྲིམས་བསླབས་ན་ཡིན་མིན་འབྱེད་ཐུབ།  ཁྲིམས་ཤེས་ན་ཁྲེལ་གྲགས་ཧ་གོ   ཁྲིམས་བཀོལ་ན་རྩོད་དོན་གཅོད་ཐུབ།༽

        ས་ཞིང་དོ་དམ་བཅའ་ཁྲིམས་ནང་དུ་རང་རྒྱལ་གྱི་ས་ཞིང་ནི་དམངས་ཡོངས་ལ་དབང་བའི་ལམ་ལུགས་དང་ངལ་རྩོལ་མང་ཚོགས་ཐུན་མོང་ལ་དབང་བའི་ལམ་ལུགས་ལག་བསྟར་བྱེད་པ་དེ་ཡིན།   ས་ཞིང་བེད་སྤྱོད་བྱེད་དབང་ཁྲིམས་ལྟར་བརྒྱུད་བཤུག་གཏོང་ཆོག་ལ།    རྒྱལ་ཁབ་ཀྱིས་སྤྱི་སྤྱོད་ཁེ་ཕན་གྱི་དགོངས་མཁོའི་ཆེད་དུ་ཁྲིམས་ལྟར་ས་ཞིང་གཞུང་བསྡུའམ་གཞུང་སྤྱོད་བྱེད་ཆོག་པ་མ་ཟད།   ད་དུང་ཁ་གསབ་སྟེར་དགོས།  ས་ཞིང་བེད་སྤྱོད་བྱེད་སྐབས་ངེས་པར་དུ་གཟབ་ནན་གྱིས་ས་ཞིང་བཀོལ་སྤྱོད་བྱེད་པའི་སྤྱིའི་འཆར་འགོད་གཏན་ཁེལ་ལྟར་སྤྱོད་དགོས།    ས་ཞིང་བཀོལ་སྤྱོད་དང་རྨོ་ཞིང་འོས་མཐུན་གྱིས་སྲུང་སྐྱོབ་བྱེད་པ་ནི་རང་རྒྱལ་གྱི་རྩ་བའི་རྒྱལ་ཇུས་ཡིན།   ཞིང་གྲོང་དང་གྲོང་ཁྱེར་ཉེ་འཁོར་གྱི་ས་ཞིང་དང་ཁང་ས།  རང་བཞག་ས་ཞིང་དང་རང་བཞག་རི་བོ་བཅས་ནི་ཁྲིམས་ལྟར་ཞིང་བ་ཐུན་མོང་ལ་དབང་བ་ཡིན་ཞེས་གཏན་ལ་ཕབ་ཡོད། 


རྩོམ་སྒྲིག་པ།  ངེད་དྲ་བ།  སྤེལ་དུས། 2013/3/16 བལྟ་ཀློག (5306)