བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས།

བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས།

༼ ཁྲིམས་ལྟར་རྒྱལ་སྐྱོང་གི་ཐབས་ཇུས་ལག་ལེན་བྱེད་ཅིང་།  ཁྲིམས་ལྟར་སྐྱོང་བའི་རྔ་ཁུལ་འཛུགས་སྐྲུན་ལ་ཡར་སྐུལ་གཏོང་དགོས།  ཁྲིམས་སྦྱོང་རྒྱུ་ནི་མི་ཚེའི་དགོས་ངེས་བསླབ་བྱ་ཡིན།   ཁྲིམས་བཀོལ་རྒྱུ་ནི་བདེ་བླག་ཡོང་བའི་སྲུང་འཁོར་ཡིན། 

བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས་ནང་དུ་སྤྱི་བའི་སྒྲིག་ལམ་དཀྲུགས་པ་དང་།  སྤྱི་བའི་བདེ་འཇགས་ལ་གནོད་རྐྱེན་བཟོས་པ།  མི་ལུས་ཁེ་དབང་ལ་གནོད་འཚེ་བཏང་བ།  རྒྱུ་ནོར་ལ་གནོད་འཚེ་བཏང་བ།   སྤྱི་ཚོགས་དོ་དམ་ལ་གནོད་རྐྱེན་བཟོས་པ་བཅས་བྱས་ཤིང་སྤྱི་ཚོགས་ལ་གནོད་རྐྱེན་ལྡན་པའི་བྱ་བ་སྤེལ་ནས་ཉེས་ཁྲིམས་ནང་གཏན་འབེབས་བྱས་པའི་ཉེས་གསོག་གི་ཚད་དུ་ལོན་ན།   ཁྲིམས་ལྟར་ཉེས་འགན་བདའ་འདེད་བྱེད་དགོས།   ཉེས་གསོག་གི་ཚད་དུ་ལོན་མེད་པ་ཡིན་ན།  སྤྱི་བདེ་ལས་ཁུངས་ཀྱིས་བདེ་འཇགས་དོ་དམ་སྐོར་གྱི་ཆད་པ་གཅོད་དགོས་ཞེས་གཏན་ལ་ཕབ་ཡོད།   དེ་ལ་ཐ་ཚིག་སྒྲོག་པ་དང་དངུལ་ཆད་གཅོད་པ།  སྲིད་འཛིན་བཀག་སྐྱིལ་བྱེད་པ།  སྤྱི་བདེ་ལས་ཁུངས་ཀྱིས་སྤྲད་པའི་ཆོག་མཆན་དཔང་ཡིག་མེད་པར་བཟོ་བ་བཅས་སུ་དབྱེ་ཡོད།


རྩོམ་སྒྲིག་པ།  ངེད་དྲ་བ།  སྤེལ་དུས། 2013/3/16 བལྟ་ཀློག (16689)