གྲོང་དམངས་ཨུ་ཡོན་ལྷན་ཁང་རྩ་འཛུགས་བཅའ་ཁྲིམས།

༼ ཚོགས་རིང་ལུགས་ཀྱི་དམངས་གཙོ་དར་སྤེལ་གཏོང་ཞིང་།   སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་འཐུས་ཚང་དུ་འཛུགས་དགོས།  སྤྱི་དམངས་ཀྱི་ཁེ་དབང་ཡང་དག་པར་སྤྱོད།  སྤྱི་དམངས་ཀྱི་འོས་འགན་རང་རྟོགས་ཀྱི་སྒྲུབ། 

      གྲོང་དམངས་ཨུ་ཡོན་ལྷན་ཁང་རྩ་འཛུགས་བཅའ་ཁྲིམས་ནང་དུ་གྲོང་དམངས་ཨུ་ཡོན་ལྷན་ཁང་ནི་གྲོང་དམངས་རང་གིས་རང་ཉིད་ལ་དོ་དམ་དང་སློབ་གསོ།  ཞབས་ཞུ་བཅས་བྱེད་པའི་གཞི་རིམ་མང་ཚོགས་རང་བཞིན་ལྡན་པའི་རང་སྐྱོང་རྩ་འཛུགས་ཤིག་ཡིན།   གྲོང་དམངས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་ལྟར་གྲོང་སྡེ་དེར་གཏོགས་པའི་ཐུན་མོང་ལ་དབང་བའི་ས་ཞིང་དང་རྒྱུ་ནོར་གཞན་དག་ལ་དོ་དམ་བྱེད་དགོས།   ལོ་བཅོ་བརྒྱད་ལོན་པའི་གྲོང་དམངས་ལ་འདེམ་བསྐོ་དང་གདམ་བྱའི་དབང་ཆ་ཡོད།  གྲོང་དམངས་རང་སྐྱོང་སྒྲིག་སྲོལ་དང་གྲོང་སྲོལ་དམངས་ཆིངས་སོགས་འབྲེལ་ཡོད་ཚོགས་འདུའི་གཏན་འབེབས་དག་བཅའ་ཁྲིམས་དང་ཁྲིམས་སྲོལ།   སྲིད་ཇུས་བཅས་ལ་འགལ་མ་ཆོག  གྲོང་དམངས་ཨུ་ཡོན་ལྷན་ཁང་གིས་སྡེ་དོན་ཡོངས་བསྒྲགས་ལམ་ལུགས་ལག་བསྟར་བྱེད་དགོས་ཞེས་གཏན་ལ་ཕབ་ཡོད།


རྩོམ་སྒྲིག་པ།  ངེད་དྲ་བ།  སྤེལ་དུས། 2013/4/7 བལྟ་ཀློག (38055)