སྦྲ་ནག་གི་ཁྱད་ཆོས་འགྲེལ་བཤད།༼པར་རིས༽

སྦྲ་ནག་གི་ཁྱད་ཆོས་འགྲེལ་བཤད།

   བཙན་པོའི་མགར་ཚང་གི་སྦྲ་ནག་ནི་ཡོངས་གྲགས་ཀྱི་བཤད་པ་ལྟར་སྦྲ་ནག་བཟོ་བྱེད་ཀྱི་རྒྱུ་ཆ་ནི་ཁུལ་རྩིད་ཀྱིས་བཏགས་པའི་ཐགས་ཏེ་རེ་ལྡེ་བྱ་བ་དེ་ཡིན་ལ།  སྦྲ་གཅིག་ཕུབ་པ་ལ་ཁ་ཚུབ་དང་།  ཟུང་བ།   ཆ་རུ།  ངོ་ཐིག གྲུ་ཐག  ཐད་རྒྱུགས།  ས་འདོགས།  ཕུར་བ།  ཀ་བ།  གདུང་མ་སོགས་ཡོད།  ཕུག་ཆོན་གྱི་ཀ་བ་སྟག་པ་བྱེད་པ་དེ་ཕུག་རྟག་པའི་མཚོན་པ་རེད།  སྒོ་ཆོན་ཤུག་པ་བྱེད་པ་དེ་སྒོ་ཕྱུག་པའི་མཚོན་པ་སོགས་ཁྱད་ཆོས་མང་བོ་ཡོད། སྦྲ་ལ་རིགས་མང་སྟེ་སྦྲ་ལེབ།  རས་ནག  རས་ཁྲ།  ཁྲོབ་སྦྲ་སོགས་ཡོད།


 སྦྲ།   དབྲ་ཞེས་པའི་འབྲི་སྲོལ་གཞན་ཞིག

རེ་ལྡེ་སྟེ་རྩིད་པར་བཏགས་པའི་སྣམ་རིགས།  སྦྲ་དཀར།  སྦྲ་ནག

སྦྲ་ཁག   སྦྲ་ཁྱིམ་ཁག

སྦྲ་ཁྱིམ།  སྦྲའི་ཁང་བ།

སྦྲ་གུར།  རེ་ལྡེ་ལས་བཟོས་པའི་གུར།  སྦྲ་གུར་ཕུབ་པ།

སྦྲ་དུད།  འབྲོག་རུའི་ཐེམ་དུད།

སྦྲ་ནག་ཤོག་པ།  སྦྲ་ནག་གི་ནང་དུ་སྡོད་མཁན་འབྲོག་པའི་སྡེ་ཚོ།

སྦྲ་པ།   འབྲོག་པ།

སྦྲ་འཛིན་རི་ཕྱུགས།  སྦྲ་འཛིན་ནི་འབྲོག་པ་སྟེ།  འབྲོག་པའི་རི་ཕྱུགས་ནོར་ལུག་གོ།  །

སྦྲ་ས།   སྦྲ་གུར་དབུབ་སའི་ས་ཆ།

སྦྲ་ཤིང་།  སྦྲ་གུར་གྱི་ཀ་རྒྱུག

སྦྲ་ར།   སྦྲ་གུར་གྱི་མཐའ་སྐོར་དུ་བསླངས་པའི་ར་བ།


རྩོམ་སྒྲིག་པ།  ངེད་དྲ་བ།  སྤེལ་དུས། 2013/5/6 བལྟ་ཀློག (4063)