草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 11 ཚེས 22 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།»དམངས་སྲོལ།»ཡུལ་སྲོལ་དང་རྒྱུན་ཤེས།
འདིར་ཟུར་བྱང་མེད།

ཡུལ་སྲོལ་དང་རྒྱུན་ཤེས།


འབྲོག་པའི་ཡུལ་ཁྲིམས་ཀྱི་སྐོར།
འབྲོག་པའི་ཡུལ་ཁྲིམས་ཀྱི་སྐོར།
སྤེལ་དུས: 2014/12/27
ལུས་སྟེང་རི་མོའི་སྐོར་གྱི་སྐད་ཆ་ཞིག
ལུས་སྟེང་རི་མོའི་སྐོར་གྱི་སྐད་ཆ་ཞིག
སྤེལ་དུས: 2014/3/7
སྐུ་མགྲོན་བསུ་སྐྱེལ་གྱི་གུས་སྲོལ་བཟང་བོ་ཤེས་དགོས།
སྐུ་མགྲོན་ལ་སྣེ་ལེན་ཞུ་བའི་གུས་སྲོལ། ཁྱིམ་ཚང་ནང་སྐུ་མགྲོན་སླེབས་པ་ནི་དགའ་འོས་པའི་བྱ་བ་ཞིག་ཡིན། ཁྱིམ་མིའི་གྲོགས་པོ་དང་། རང་གི་སློབ་གྲོགས་གྲོགས་པོ། ཁྱིམ་མཚེས། སྤུན་མཆེད་སོགས་ཁྱིམ་ལ་ཡོང་ངེས་ཡིན། ཕྲུ་གུ་ཡི་ངོས་ནས་སྐུ་མགྲོན་ལ་སྣེ་ལེན་ཞུ་བའི་གུས་སྲོལ་ལ་དོ་སྣང་བྱེད་དགོས། སྐུ་མགྲོན་ལ་སྣེ་ལེན་ཞུ་བའི་གུས་སྲོལ་ལ། སྐུ་མགྲོན་ལ་སྣེ་ལེན་ཞུ་སྐབས་སྤྲོ་སྣང་ཆེན་པོ་དགོས་པ་དང་། སྐུ་མགྲོན་སྒོ་འཛུལ་སྐབས་སྐུ་ཁམས་བཟང་ཡར་ཕེབས་དང་ཞེས་ཤོད་དགོས་ཤིང་། སྐུ་མགྲོན་ནང་ལ་སླེབས་རྗེས་སྡོད་ས་ལེགས་ཤོས་དེར་བཞུགས་སུ་འཇུག་དགོས། གལ་ཏེ་ཁྱེད་རང་གི་སློབ་གྲོགས་སམ་གྲོགས་པོ་ཁྱིམ་ལ་ཡོང་བ་ཐོག་མ་ཡིན་ཚེ། ཁྱིམ་མི་རྣམས་རེ་རེ་ནས་ངོ་སྤྲོད་བྱེད་དགོས། སྐུ་མགྲོན་ལ་གསོལ་ཇའམ་ཆབ་འཁོལ་ཞལ་དཀར་ལག་གཉིས་ཀྱིས་ཕུལ་དགོས་པ་དང་། སྐུ་མགྲོན་དང་གླེང་མོ་བྱེད་སྐབས་ཞིབ་ཉན་བྱེད་དགོས་ཤིང་། ལྷག་བསམ་རྣམ་དག་དགོས་པ་ལས་འཚང་ཁ་བརྒྱབས་ནས་སྐད་ཆ་ཤོད་རྒྱུ་མེད་ལ། ཁ་གཡེང་མིག་གཡེང་དང་། ཆུ་ཚོད་ལ་བལྟ་བ་སོགས་བྱེད་རྒྱུ་མེད། སྐུ་མགྲོན་ཁྱིམ་ནས་འགྲོ་དུས་འཁྱུག་ཙམ་བཞུགས་ཞེས་བརྗོད་དགོས་པ་དང་། སྐུ་མགྲོན་ཡར་བཞེངས་རྗེས་རང་ཉིད་གཞི་ནས་ཡར་ལངས་དགོས། མགྲོན་པོར་ཕེབས་སྐྱེལ་ཞུ་སྐབས་སྒོ་ཕྱིའམ་ལམ་འགྲམ་བར་དུ་སྐྱེལ་རྗེས། རྗེས་སུ་ཕེབས་ཨང་། རྗེས་སུ་ཕེབས་ཤོག ཕེབས་ལམ་བདེ་འཇགས། ཞེས་ཤོད་དགོས་ལ། ལམ་སེང་ནང་ལ་མ་ལོག་པར་མགྲོན་པོ་ཐག་རིང་སར་ཕྱིན་རྗེས་གཞི་ནས་ནང་ལ་ལོག་དགོས། མགྲོན་དུ་འགྲོ་བའི་གུས་སྲོལ། མི་གཞན་གྱི་ཁྱིམ་ལ་མགྲོན་པོར་འགྲོ་སྐབས་དང་། ལྷག་པར་དུ་མི་གཞན་གྱི་ཁྱིམ་དུ་ཐེངས་དང་བོར་འགྲོ་སྐབས་མགྲོན་དུ་འགྲོ་བའི་གུས་ལུགས་ལ་དོ་སྣང་བྱས་ཏེ། སྦྱིན་བདག་མི་སྤྲོ་བ་མི་ཡོང་བ་བྱེད་དགོས། མགྲོན་དུ་འགྲོ་བའི་གུས་ལུགས་ལ་ནང་དོན་འདི་དག་ཡོད་དེ། སྔོན་ཚུན་ནས་དུས་ཚོད་གཏན་འཁེལ་གྱིས་བསྐྱོད་དགོས་པ་དང་། སྦྱིན་བདག་གི་ཁྱིམ་ལ་འགྲོ་སྐབས་སྒོ་ག་ལེར་རྡུང་བའམ་ཡང་ན་སྒོ་དྲིལ་མནན་དགོས། མགྲོན་དུ་འགྲོ་སྐབས་གུས་གུས་ཞུམ་ཞུམ་བྱེད་དགོས་པ་དང་། སྦྱིན་བདག་ཁྱིམ་གྱི་མི་ཚང་མར་འཚམས་འདྲི་བྱེད་དགོས། ལུས་དྲོང་བོར་སྡོད་པ་ལས་བསྙེས་ནས་སྡོད་རྒྱུ་མེད་པ་དང་། སྦྱིན་བདག་གིས་གསོལ་ཇ་དྲངས་སྐབས་ལག་གཉིས་ཀྱིས་ལེན་པ་མ་ཟད་ཐུགས་རྗེ་ཆེ་ཞེས་ཤོད་དགོས། སྦྱིན་བདག་གི་ཅ་དངོས་ལ་གང་བྱུང་དུ་ལག་པ་འཆང་རྒྱུ་མེད་ཅིང་། སྦྱིན་བདག་གི་མོས་མཐུན་ཐོབ་རྗེས་གཞི་ནས་ཁང་བའི་ནང་ལྟ་སྐོར་བྱས་ཆོག སྐད་ཆ་ཤོད་སྐབས་ཕར་ཕྱོགས་ལ་བལྟས་ནས་ཤོད་དགོས་པ་མ་ཟད། ཚུར་བཤད་པའི་སྐད་ཆ་རྣམས་ཞིབ་པར་ཉན་དགོས། ཁ་བྲལ་སྐབས་གུས་ཞབས་ཡོད་པའི་སྒོ་ནས་སྦྱིན་བདག་ལ་འཚམས་འདྲི་ཞུ་དགོས་པ་དང་། སྦྱིན་བདག་གིས་སྐྱེལ་མ་བྱེད་སྐབས་རྗེས་སུ་མཇལ་ཡོང་། ཡར་ལོག་ཕེབས་དང་ཞེས་ཤོད་དགོས།
སྤེལ་དུས: 2014/2/20
ཇ་དང་ཇའི་སྒྱུ་རྩལ་མཁན།
ཇའི་སྒྱུ་རྩལ་ཁང་དང་ཇ་ཁང་། གསོལ་མགྲོན་ཁང་སོགས་སུ་ཇའི་སྒྱུ་རྩལ་གྱི་ཞབས་ཞུ་སྒྲུབ་མཁན་ཡིན། ལས་ཀའི་ཁྱབ་ཁོངས་སུ། ༡ སྣེ་ལེན་ཞུ་བ་དང་། ༢ གྲ་སྒྲིག་དང་རྩལ་ངོམས་པ། ༣ཞབས་ཞུ་དང་བྲིན་འཚོང་བཅས་འདུས་ཡོད། མིག་སྔར་ཇ་ལས་ཀྱི་ལས་གཉེར་པའི་ནང་རྒྱལ་སྤྱིའི་གཅིག་གྱུར་གྱི་ཞིབ་དཔྱད་ཚད་གཞི་དང་ཆོད་འདོམས་མཁན་མེད་ཅིང་ལས་གཉེར་བ་མི་ཉུང་བ་ཞིག་ཆེད་ལས་མིན་པ་དང་གཏན་འཇགས་དེ་ཙམ་མེད་པ། འབྲེལ་ཡོད་ཀྱི་རིག་གནས་ཤེས་བྱ་མི་ཤེས་པ། ཇ་ལོ་ཡག་ཉེས་རྒྱུ་ངོ་མ་ཆོད་པ། ཇའི་སྒྱུ་རྩལ་གྱི་རྩལ་ལག་མི་ཤེས་པ། མཐོ་རིམ་ཇའི་སྒྱུ་རྩལ་མཁན་དཀོན་པ་བཅས་ཀྱིས་ཐོན་ལས་འདི་སྟོབས་ཆེར་འགྲོ་རྒྱུར་བཀག་འགོག་བཟོ་ཡི་ཡོད། ༡༩༩༩ལོའི་ཟླ་༥པར་རྒྱལ་ཁབ་ངལ་རྩོལ་དང་སྤྱི་ཚོགས་འགན་ལེན་པུའུ་ཡིས་དངོས་སུ་ཇའི་སྒྱུ་རྩལ་མཁན་དེ་ཉིད་སྤྱི་དམངས་ལས་རིགས་དབྱེ་བའི་ཚིག་མཛོད་ཅེས་པའི་ནང་བཅུག་པ་དང་།
སྤེལ་དུས: 2014/2/18
རྔ་བའི་ཁང་བ་བཤད་པ།
འདིར་རྔ་བའི་ཁང་བ་བཞེངས་སྲོལ་ཞིག་བཤད་དགོས་བྱུང་བ་ནི་ཉེ་རབས་ཀྱི་ང་ཚོའི་ཁང་བ་དང་འཇིག་རྟེན་རྙིང་བའི་ཁང་བ་ལ་མི་འདྲ་ས་དང་ཤོད་རྒྱུན་རེ་རེ་ཡོད་པ་རྒྱུན་ཤེས་སུ་སྙན་ངག་སོགས་ཀྱི་ཚིག་སྒྲོས་ཀྱིས་མ་བཀབ་པར་ཁ་སྐད་ཀྱི་ལམ་ནས་རྒྱུས་བཤད་ཏོག་ཙམ་ཞུས་ན་རང་མཉམ་ན་ཟླ་ཚོས་བརྗེད་བྱང་དུ་འོས་སྙམ།
སྤེལ་དུས: 2014/2/11
བོད་ཀྱི་ལོ་གསར་བྱུང་རིམ་ངོ་སྤྲོད།
མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་དུས་སྐབས་ངེས་ཅན་ཞིག་གི་ནང་རིག་གནས་དང་། ཆོས་ལུགས། ཡུལ་སྲོལ། འཚོ་བ་བཅས་འཕེལ་འགྱུར་བྱུང་བ་དང་དུས་མཉམ་དུ་ལོ་གསར་གཏོང་སྲོལ་མི་འདྲ་བ་བྱུང་བ་དཔེར་ན། རྒྱལ་རབས་དགུ་པ་སྤུ་དེ་གུང་རྒྱལ་གྱི་དུས་སུ་རྒན་མོ་བལ་མའི་ཟླ་རྩིས་ཞེས་པ་སྟེ་ཟླ་བའི་དཀར་ཆའི་འཕེལ་འགྲིབ་དང་རྒྱུ་སྐར་གྱི་འཁོར་བགྲོད་ལ་བརྟེན་ནས་ལོ་འཁོར་མཚམས་ཀྱི་དུས་རྟགས་དེ་ལྷོ་ཁ་ཡར་ལྷ་ཤམ་པོའི་ཁམ་སྡོང་ལ་མེ་ཏོག་ཤར་བ་དང་།
སྤེལ་དུས: 2014/2/1
གཙང་གི་ལོ་གསར།
མྱང་ཆུའི་རོང་སར་འཚོ་བའི་ཞིང་པ་ཚོས་གཙང་གི་ལོ་གསར་ལ་མཐོང་ཆེ་ཤོས་བྱས་ནས་གྲ་རྒྱས་ཤོས་གཏོང་གི་ཡོད། གཙང་གི་ལོ་གསར་ལ་སོ་ནམ་ལོ་གསར་ཡང་ཟེར་ལ་དུས་ཚོད་ནི་བོད་ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན་རེད། རྒྱུ་མཚན་ནི་དེ་དུས་ལོ་གཅིག་ནང་གི་དཀའ་ལས་ཁག་ཤོས་ཀྱི་ལས་ཀ་རྣམས་ཚར་བ་དང༌། འབྲུ་རིགས་རྣམས་མཛོད་ནང་བླུགས་ཟིན་ནས་ཞིང་པ་རྣམས་སྣང་བ་སྐྱིད་ཤོས་ཀྱི་སྐབས་ཤིག་ཡིན། ལོ་གསར་དེ་ནི་བོན་གྱི་འབྱུང་རྩིས་ནས་བྱུང་བ་དང༌། ཞིང་ལས་མང་ཉུང་ལ་གཞིགས་ནས་བྱུང་བའི་གནའ་བོའི་ལོ་གསར་གཏོང་ལུགས་ཤིག་རེད། དུས༌ཆེན་ནང་གི་ལས་འགུལ་ཕལ་ཆེ་བ་ཞིང༌ལས་དང་འབྲེལ་བ་ཡོད་པ་དང༌། ཞིང༌པའི་འཚོ་བ་སྔར་བས་ཕུན་སུམ་ཚོགས་སུ༌འགྲོ་བ་དང་བསྟུན་ནས་དུས་ཆེན་ཡང་དེ༌དང་འདྲ་བར་གྲ་རྒྱས་སུ་དང་འགྲོ་བཞིན་ཡོད། སོ་ནམ་ལོ་གསར་རིང་སྲོལ་རྒྱུན༌གྱི་གོམས་སྲོལ་ཡག་པོ་ཞིག་ཡོད་པ་ནི་ཁྱིམ་ཏུ་ནང་ལས་ཙག་ཙིག་ལ་ལོ་གཅིག་བྲེལ་བའི་ཁྱིམ་བདག་མ་སྐུ་ངལ་ཉིན་གཅིག་གསོ་བ་དང༌། ནང་ལས་ཚང་མ་སྐྱེས་པ༌ཚོས་བྱེད་ཀྱི་ཡོད་ལ་ཁྱིམ་བདག་མས་གཟབ་མཆོར་རྒྱན་ཆས་ལེགས་པར་སྤྲས་ནས་ཟླ་བོ་དང་བུ་ཕྲུག་ཚོའི་བསྙེན་བཀུར་དང་ལེན་ཞུ་ཡི་ཡོད། གཙང་གི་ལོ་གསར་གྱི་སྔ་དྲོར་བསང་མཆོད་ཀྱི་ཆོ་ག་བསྒྲུབས་ནས་ལོ་གསར་པའི་ནང་ལོ་ལེགས་ཡོང་བ་དང༌། མི་ཕྱུགས་བགེགས་མེད་བདེ་གནས་ཡོང་བའི་སྨོན་ལམ་འདེབས་ཀྱི་ཡོད། དུད་ཚང་ཚང་མའི་ཁྱིམ་བདག་གིས་ཁང་པའི་ཐོག་ཁར་འཛེགས་ཏེ་བསང་གཏོང་བ་དང་མཆོད་པ་སྣ་ཚོགས་བཤམས་ཀྱི་ཡོད
སྤེལ་དུས: 2014/1/31
ལོ་སར་དང་དགུ་ཐུག
ལོ་སར་དང་དགུ་ཐུག བཀྲ་ཤིས་པའི་དགུ་ཐུག་གིས་ལོ་གསར་བའི་ནང་བོད་ཁ་བ་ཅན་གཙོ་བྱས་པའི་འཛམ་གླིང་ཡོངས་ལ་ཆར་ཆུ་དུས་སུ་འབབ་པ། འབྱོར་ཕྱུག་རྟག་ཏུ་འཕེལ་བ། འཆམ་མཐུན་མཉམ་གནས་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུ་ཞུ། དགུ་ཐུག བོད་ལོ་ཉི་ཤུ་དགུའི་དགུང་མོ་བོད་ཁུལ་མང་ཆེ་བར་ཁྱིམ་ཚང་ཚང་མར་ནང་མི་མཉམ་འཛོམས་ཀྱིས་དགུ་ཐུག་འཐུང་ཞིང་། དེ་ནི་ལོ་གསར་གྱི་མགོ་ཚུགས་པ་ལྟ་བུ་ཡིན། ལོ་གསར་བའི་ནང་ཁྱིམ་ཚང་དུ་རྐྱེན་ངན་བར་ཆད་མི་འབྱུང་ཆེད་གཟན་ལ་མི་གཟུགས་ཀྱི་གླུད་བཟོས་ཏེ་རྫ་སྣོད་ཆག་དུམ་ནང་བཞག དེ་ལ་ཆང་བུ་དང་། ཇ་རོ། སྦང་མ་སོགས་གླུད་རྫས། སོག་མའི་ཀུ་རུ་ཁ་དགུ་བཅོས། ཐུག་པ་སྐོལ་སྐབས་གྲོ་ནས་སྲན་བཙོས་སོགས་ཟས་སྣ་དགུ་བཏབ། གྲོ་ཞིབ་ལ་ཉི་ཟླ་དང་། ཆོས་པོ་ཏི། ཟེ་མ་ར་སོགས་ཀྱི་དབྱིབས་བཅོས་པ། ཟན་གྱི་ནང་སོལ་བ་དང་། དཀར་ཡོལ། སི་པན་སོགས་བཏུམ་ནས་ཐུག་པ་འཐུང་སྐབས་དེ་དག་གང་ཞིག་ཐོན་པ་དེར་བསྟོད་སྨད་བྱེད་པ་དེ་ནི་མི་དེའི་རྣམ་ཀུན་གྱི་སྤྱོད་པ་མཚོན་པ་རེད་ཟེར། མུན་རུབ་སྐབས་ནང་མི་ཞིག་གིས་སོག་མ་ཆག་རིང་བོ་ཞིག་ལ་མེ་སྦར་ཏེ་མར་ཐོན་ཤོག མར་ཐོན་ཤོག་ཅེས་འབོད་བཞིན་ཁང་མིག་ཚང་མའི་སྒོ་འཛུལ་ཙམ་བྱས་རྗེས་རྫ་ཆག་ནང་བཞག་པའི་གླུད་དེ་འཁྱེར་ནས་ཤོག་སྦག་སྦར་བཞིན་ལམ་གསུམ་མདོར་སྐྱེལ་གྱི་ཡོད། དགུ་ཐུག་གིས་བསམ་དགུ་འགྲུབ་པའི་བཀྲ་ཤིས་གཡང་འཁོར་ཤོག
སྤེལ་དུས: 2014/1/29
བུད་མེད་དུས་ཆེན།
བུད་མེད་དུས་ཆེན།
སྤེལ་དུས: 2013/12/17
རྒྱ་གར་དམངས་སྲོལ་སྒྱུ་རྩལ་ཉིན་གྱི་ས་ཐིག་རི་མོ།
http://imrdsoacha.gov.co/silvitra-120mg-qrms
སྤེལ་དུས: 2013/10/13

            འདིར་བརྩམས་ཆོས ( 39 )ཡོད།               པར་ངོས་ཐོག་མ།  གོང་མ།  པར་ངོས 2/4 པར་ཡོད།  འོག་མ།  པར་ངོས་ཐ་མ།
ལྟ་ཀློག་གྲངས་ཀ
46014275
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1